མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱིངས་སྐྱིད་རྒྱལ་སྤྱིའི་བུད་མེད་འདུར་རྒྱུག་ཁྲོད་ཨང་བདུན་པ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུག་ཁྲོད་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་དུས་ཡུན་ཆུ་ཚོད་ ༡།༣༡ དང་སྐར་ཆ་བཞིའི་ནང་ཨང་བདུན་པ་བླངས་ཡོད་འདུག
དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོའི་སྟེང་ཉི་ཧོང་གི་རྒྱལ་ས་ཊོ་ཀེའོ་(Tokyo) རྒྱལ་སྤྱིའི་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་བུད་མེད་  ༥༨  ནས་མཉམ་ཞུགས་བྱས་ཏེ། ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལའི་ཨན་ཊོ་ནེ་ལཱ་ (Antonella Palmisano) ཡིས་དུས་ཡུན་ཆུ་ཚོད་ ༡།༢༩ དང་སྐར་ཆ་ ༡༢ ནང་ཨང་དང་པོ་བླངས་ཤིང་། ཨང་གཉིས་པ་ཀོ་ལོམ་བྷེ་ཡའི་སན་ཌི་ར་ (Sandra Arenas)། རྒྱ་རིགས་ལུའི་ཧོན་ཨང་གསུམ་པ་བཅས་བླངས་ཡོད་པའི་ཁྲོད། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོའི་དོ་སྣང་བྱེད་ཡུལ་དུ་གྱུར་བའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་འཛམ་གླིང་གི་བུད་མེད་འདུར་རྒྱུག་པ་ཨང་བདུན་པ་བླངས་ཡོད་འདུག

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་པ་དང་། བོད་པའི་ལོ་རྒྱུས་ཁྲོད་འཛམ་གླིང་ཨོ་རྩེད་ཁྲོད་གཟེངས་རྟགས་ལེན་མཁན་བོད་རིགས་ལུས་རྩེད་པ་ཐོག་མ་དེ་ཆགས། དེའི་རྗེས་བསྟུད་མར་རྒྱ་ནག་ནང་ལོག་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་མང་པོའི་ནང་ཞུགས་ཏེ་རྒྱལ་ཁ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༨ ལོར་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་བླངས་ཡོད་པ་སོགས་སྔ་གཞུག་ཏུ་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས་ནང་ནས་ཨང་དང་པོ་དང་གཉིས་པའི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་རེད།

བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་པ་བར་བཏོན་རྗེས། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བཏོན་ཡོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་གནང་པ་ལྟར། ༢༠༡༠ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་མགོ་འཛུགས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. Lobsang says:
    ལོ་ 5 སྔོན།

    མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས༼དཔལ་འཛོམས༽ཡུལ་ཚོ་མཚོ་ཆུང་སྡེ་བ་ནས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese