མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་གླེང་སློང་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པས་འཕྲལ་དུ་ཀློད་གྲོལ་སྨན་བཅོས་བྱེད་དགོས་པ་མ་ཟད་ཁོང་གི་གནད་དོན་རྒྱལ་སྤྱིའི་སྒང་ནས་གླེང་སློང་དགོས་པའི་འབོད་སྐུལ་ཞུས།

Tibetan Businessman Dorjee Tashi. Image:International Campaign for Tibet

རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་བོད་རིགས་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལ་བཙོན་ཁང་ནས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་རྐྱེན་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་གནས་ཚུལ་ཕྱི་ཕྱོགས་སུ་འབྱོར་ཡོད་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet) གིས། རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། བཙོན་ཁང་དུ་ཡོད་སྐབས་སྨན་བཅོས་བྱེད་དགོས་པ་མ་ཟད། ཁོང་གི་བཟའ་ཟླ་སོགས་ནང་མི་རྣམས་དང་། ཁྲིམས་རྩོད་པར་ངེས་པར་དུ་ཐུག་འཕྲད་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཚོགས་པ་དང་གཞུང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པ་ཚོས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་སྐོར་གླེང་སློང་དགོས་སྐོར་འབོད་སྐུལ་ཞུས་འདུག

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༢༠༠༨ ལོར་རྡོ་རྗེ་བཀྲ་ཤིས་འཛིན་བཟུང་བྱས་རྗེས། ཟླ་བཞིའི་རིང་བཀག་ཉར་འོག་བཞག་སྟེ་གློག་དབྱུག་གིས་བརྡུངས་བ་དང་། དབུགས་བཀག་པ། སྣ་ཁུང་ནང་སི་པན་གྱི་ཆུ་ཚ་པོ་བླུགས་པ། གཉིད་ཁུག་མ་བཅུག་པ་ལ་སོགས་པའི་སྡུག་སྦྱོང་ཚད་མེད་བཏང་བའི་གནས་ཚུལ་ལག་སོན་བྱུང་ཡོད་སྐོར་བཀོད་འདུག་ལ། ཉེ་སྔོན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐོར་ལ་གནས་ཚུལ་ཐོན་པའི་ནང་ཁོང་གི་ལུས་བསྐྲངས་པ་དང་བཤང་བ་འགག་པ། སྙིང་གི་ན་ཚ་ལྕི་མོ་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཙམ་ནས་བཟུང་ཁོང་གི་བཟའ་ཟླ་བསོད་ནམས་ཆོས་སྒྲོན་སོགས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་ཁོང་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་འདུག

The largest prison Drapchi prison(Lhasa Prison No. 1)in Tibet. File Photo

རྡོ་རྗེ་བཀྲ་ཤིས་ལགས་ནས་ཁྲིམས་ཁང་གི་ཉེས་འཛུགས་གཏན་ནས་ངོས་ལེན་གནང་གི་མེད་པ་ལྟར། ཕྱི་ལོ་ ༢༠༢༠ ལོར་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར།  ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་སྔ་གཞུག་ཏུ་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པ་མ་ཟད། ལྷ་སའི་ཉེན་རྟོག་ཁང་ནས་ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལྷ་སར་སྡོད་མི་ཆོག་སྐོར་བརྗོད་དེ་མདོ་སྨད་ཀན་སུའུ་རུ་ཕྱིར་སློག་བཏང་ཡོད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་ཁུལ་གྱི་དབུལ་ཕོངས་དཀའ་ངལ་ཅན་མང་པོར་རོགས་རམ་གནང་ཡོད་པ་སོགས་སྤྱི་ཕན་གྱི་ལས་དོན་གང་མང་གནང་ཡོད་སྟབས། མི་མང་པོས་དགའ་མོས་ཆེན་པོ་ཐོབ་པའི་བོད་རིགས་ཕྱུག་བདག་ཅིག་ཡིན་འདུག་ལ། དེ་སྔོན་བོད་རང་སྐྱོང་ལྗོངས་ཟེར་བས་འགྲོ་ཕན་སྒྲུབ་པའི་བྱ་དགའ་དང་ཚོང་ལས་རྩེར་སོན་གྱི་བྱ་དགའ་སོགས་ཀྱང་ཐོབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༤ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese