མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་རྡོ་རྗེ་ཞུ་བའི་སློབ་མ་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གི་ཏང་ལ་དགའ་ཞེན་དང་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ནང་མཉམ་ཞུགས་མ་བྱས་པའི་ཉེས་མིང་གཡོགས་ཏེ་རྔ་བ་སྤྲོ་ཚིགས་ཡུལ་ཚོའི་གཞོན་ནུ་ཤེས་རབ་རྡོ་རྗེ་ཞུ་བ་ཞིག་འཛིན་བཟུང་བྱས་ནས་བཀག་ཉར་འོག་བཞག་འདུག

Tibetan youth Sherab Dorjee arrested for not participating in a Political meeting Held in Trotseg Town Ngaba, Tibet.    Image: Tibet Times Source(Tibet)
དེ་རིང་འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤  ཉིན་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་རུ། རྒྱ་ནག་གཞུང་གིས་བོད་རིགས་ན་གཞོན་ཚོར་ཏང་ལ་དགའ་ཞེན་དང་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུ་བསྡུས་ཡོད་པ་དང་། ཚོགས་འདུ་དེ་ན་གཞོན་ཚོར་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་བརྗོད་དེ་སྔ་ས་ནས་བརྡ་ཐོ་བཏང་ཡོད་ཀྱང་། ས་གནས་བོད་རིགས་ན་གཞོན་ཤེས་རབ་རྡོ་རྗེ་ཞུ་བ་ཞིག་ཚོགས་འདུར་མ་ཕྱིན་པར་བརྟེན། སྲིད་གཞུང་གི་བཀའ་དྭང་ལེན་མ་བྱས་པ་དང་སྲིད་གཞུང་བྱ་བར་གཞོགས་འདེགས་མ་བྱས་པའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ཉེན་རྟོག་པས་ཁོང་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་བཀག་ཉར་ཁང་དུ་བཅུག་ཡོད་འདུག
རྒྱ་ནག་གཞུང་གིས་རྔ་བ་ཕྱོགས་སུ་ན་གཞོན་ཚོར་ཆབ་སྲིད་སློབ་གསོའི་ཚོགས་འདུ་ཟེར་བ་མང་པོ་བསྡུ་བཞིན་ཡོད་པ་མ་ཟད། སྐད་གཉིས་སློབ་ཁྲིད་ཐབས་ལམ་ཟེར་བའི་མིང་ཐོག་ནས་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་ཐུབ་པར་ཕྱོགས་ཀུན་ནས་ཤུགས་སྣོན་རྒྱག་གི་ཡོད་འདུག་ལ། དབྱར་གནང་སྐབས་སུ་སློབ་ཕྲུག་ཚོས་སྲིད་གཞུང་གི་ལམ་སྟོན་རིམ་པར་དོ་ཁུར་ཆེན་པོ་བྱེད་དགོས་པ་མ་ཟད། བདེ་འཇགས་ལས་འགན་སློབ་གསོ་ཟེར་བ་སོགས་ལ་གང་མང་མཉམ་ཞུགས་བྱེད་དགོས་པ་ལས། དགོན་པ་དང་སྒེར་གཉེར་བོད་ཀྱི་རིག་གནས་ཟབ་སྦྱོང་སོགས་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

རང་ལོ་ ༡༩ ཙམ་ཡིན་པའི་ཤེས་རབ་རྡོ་རྗེ་ལགས་ནི་སློབ་འབྲིང་སློབ་མ་ཞིག་ཡིན་ཞིང་། འདི་ལོར་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་དབྱར་ཁའི་གུང་གསེང་ལ་ཕྱིར་ཁྱིམ་དུ་ལོག་ཡོད་འདུག ཁོང་གི་ཕ་མིང་ལ་ཚེ་དབང་དང་། ཨ་མ་ལགས་སྔོན་མ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག ཕྱི་ལོ་ ༢༠༢༠ ལོར་རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་འདོན་སྐབས། སློབ་ཕྲུག་མང་པོ་མཉམ་འབྲེལ་ཐོག་སྲིད་གཞུང་ལ་སྲིད་ཇུས་དེ་ལག་བསྟར་བྱས་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་གྱི་ཡོད་པའི་རེ་སྐུལ་ཞུ་ཡིག་ཅིག་སྤྲད་ཡོད་པ་དང་། ཤེས་རབ་རྡོ་རྗེ་ལགས་རེ་སྐུལ་ཞུ་མཁན་གྲས་ཀྱི་གཙོ་བོ་ཞིག་ཀྱང་ཡིན་སྐོར་བརྗོད་ཀྱི་འདུག

Around 400 Tibetan students from Minzu University protest against imposing Chinese language as a primary medium in October 2010
འདས་ལོར་དཔྱིད་དུས་ཀྱི་སློབ་མགོ་ཚུགས་སྐབས་རྔ་བ་ཁུལ་སྲིད་གཞུང་ནས་བོད་སྐད་ཡིག་གཙོ་འཛིན་གྱི་སློབ་འཁྲིད་ལ་གྲུབ་འབྲས་ཞན་པ་དང་། སློབ་མའི་རིག་རྩལ་དང་སྦྱང་འབྲས་སོགས་རྗེས་ལུས་ཐེབས་ཀྱི་ཡོད་ཚུལ་བརྗོད་དེ་སྐད་གཉིས་སློབ་ཁྲིད་ཐབས་ལམ་ཟེར་བའི་རྒྱ་ཡིག་རྒྱ་སྐད་གཙོ་གཉེར་གྱི་སྲིད་ཇུས་བཏོན་ཡོད་ཀྱང་། རྔ་བ་ཁུལ་གཙོ་བོར་གྱུར་བའི་བོད་ཁུལ་གྱི་དགེ་རྒན་དང་རྩོམ་པ་པོ། མི་མང་འཐུས་མི་སོགས་ཀྱིས་ཡིག་ངག་གཉིས་ཀྱི་ལམ་ནས་སྲིད་ཇུས་དེས་བོད་ཀྱི་སྐད་ཡིག་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་གཏོང་ཉེན་ཆེ་བའི་བསམ་འཆར་ཤུགས་ཆེན་འདོན་སྐབས། རྒྱ་ནག་གཞུང་གིས་བསམ་ཚུལ་རིགས་ཐད་ཀར་མགོ་འཁྲིད་ལ་ཞུ་རྒྱུ་ལས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་མི་ཆོག་པའི་བཙན་བཀའ་བཏང་། དེ་བཞིན་ལོ་འདིའི་སློབ་མགོ་ཚུགས་པ་དང་བསྟུན་བོད་གཙང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་ཨང་རྩིས་དང་དངོས་ཁམས་སོགས་རྒྱ་ཡིག་ནང་སློབ་འཁྲིད་བྱེད་མགོ་བརྩམས་ཡོད་འདུག  ཕྱི་ལོ་ ༢༠༡༠ ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་གྱི་ཡིག་ཆ་བསྒྲགས་རྗེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་སྟོང་ཕྲག་མང་པོས། མི་རིགས་འདྲ་མཉམ་དང་། སྐད་རིག་རང་དབང་། ཞེས་པའི་འབོད་ཚིག་འོག་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན་སྲིད་ཇུས་ཇི་བཞིན་ལག་བསྟར་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༡ ལོའི་སློབ་མགོ་ཚུགས་པ་དང་བསྟུན་ས་ཁུལ་ཁག་ཅིག་ནང་སྲིད་ཇུས་དེ་དངོས་སུ་ལག་བསྟར་བྱེད་པའི་མགོ་བརྩམས་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese