མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་ངོ་སྤྲོད་ཀྱི་ལས་གཞི་དེ་ཉིད་གང་མགྱོགས་བལ་ཡུལ་དང་འབྲུག་གི་དགོན་སྡེ་ཁག་གི་ནང་དུའང་རྒྱ་བསྐྱེད་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་རྒྱ་གར་ནང་གི་བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་དེང་རབས་ཚན་རིག་ངོ་སྤྲོད་ལ་དམིགས་པའི་དགེ་འདུན་པའི་ཆེད་དུ་ཚན་རིག་ (Science for monks and nuns) ཅེས་པའི་ལས་འཆར་གྱི་ལག་བསྟར་འགན་འཛིན་གསར་པ་ཀརྨ་ཐུབ་བསྟན་ལགས་ནས་འབྱུང་འགྱུར་ཚན་རིག་ངོ་སྤྲོད་ལས་གཞི་དེ་ཉིད་རྒྱ་བསྐྱེད་ཀྱིས་ནང་བསྟན་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ལ་ཐུགས་ཕན་གསོ་ཐབས་གང་ཡོད་ཐད་འབད་བརྩོན་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

Sager Science Centre of LTWA. Image:tibettimes.net

དགེ་འདུན་པའི་ཆེད་དུ་ཚན་རིག་ལས་གཞི་དེ་ཉིད་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་གཞིར་བཟུང་ཕྱི་ལོ་ ༢༠༠༡ ལོར་མགོ་བཙུགས་པ་ཞིག་ཡིན་པ་དང་། ལས་འཆར་དེའི་ཐོག་མའི་དམིགས་ཡུལ་ནི་རྒྱ་གར་ནང་གི་བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་བོད་ཡིག་རང་གི་ཐོག་ནས་དེང་རབས་ཚན་རིག་ངོ་སྤྲོད་གནང་རྒྱུ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ བར་ལོ་རེར་དགེ་འདུན་པ་རྣམས་ལ་ཚན་རིག་གི་ཟབ་སྦྱོང་ཐེངས་རེར་སྤྲད་ཡོད་ཀྱང་། རིམ་པས་ལས་འཆར་དེ་རྒྱ་བསྐྱེད་པར་བརྟེན། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ནས་མཉམ་འབྲེལ་གྱིས་བོད་དང་ཨེ་མོ་རི་ཚན་རིག་ལས་འཆར་ (Emory Tibetan Science Initiative) ཞེས་པའི་ལས་གཞི་ཞིག་མགོ་བརྩམས་ཏེ། ད་ལྟ་བར་དུ་སྐབས་ལྔ་རིང་ཁྱོན་གྲྭ་བཙུན་ ༣༠ ཨེ་མོ་རི་མཐོ་སློབ་ནས་ཚན་རིག་སློབ་ཐོན་ཟིན་པ་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ལས་གཞི་དེའི་འོག་ནས་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚན་རིག་སློབ་དཔོན་རྣམས་གདན་དྲངས་ནས་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་ཁྲིད་བྱ་རྒྱུའི་ལས་གཞི་སྤེལ་བ་བརྒྱུད། དགོན་སྡེ་ཁག་གི་ནང་ལ་ཚན་རིག་སྐོར་ཤེས་རྟོགས་ཡོད་མཁན་གང་འཚམ་བྱུང་ཡོད་པ་དང་། དགོན་སྡེའི་ནང་ཚན་རིག་གི་ཤེས་ཡོན་སློབ་གསོ་རྒྱུན་གནས་ཡོང་བར་དགོན་སྡེ་རང་ནང་ཚན་རིག་སློབ་ཁྲིད་དང་མཐུན་འགྱུར་གཞན་སྦྱོར་དགོས་པ་མཐོང་སྟེ། ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་ (Science Leadership Institute) ཞེས་པ་ཞིག་ཆེད་འཛུགས་གནང་ཡོད་པ་དང་། དེ་ནི་དགོན་སྡེ་ཁག་ནང་ཚན་རིག་དགེ་རྒན་སྐྱེད་སྲིང་བྱ་རྒྱུ་ཙམ་མིན་པར། སྤྱི་ཡོངས་ནས་དགོན་སྡེ་ཁག་ནང་ཚན་རིག་དང་འབྲེལ་བའི་ལས་གཞི་ཁག་ལག་བསྟར་བྱེད་ཐུབ་མཁན་གྱི་མི་སྣ་སྐྱེད་སྲིང་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་རེད། ད་བར་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་གི་རུ་ཁག་གཉིས་ལེགས་གྲུབ་བྱུང་ཡོད་འདུག ཚན་རིག་གི་སྣེ་ཁྲིད་རུ་ཁག་དང་པོས་ནང་བསྟན་དང་ཚན་རིག་གི་ཐོག་ནས་དབང་པོ་ལྔས་ཡུལ་འཛིན་སྟངས་ཀྱི་ཐོག་ལ་བཤད་ཚུལ་གང་འདྲ་ཡོད་མེད་སྐོར་ལ་འགྲེམ་སྟོན་གནང་ཡོད་ཅིང་། རུ་ཁག་གཉིས་པས་ནང་བསྟན་དང་ཚན་རིག་སྟེང་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་གལ་འགངས་བཅས་ཀྱི་སྐོར་ལ་ལས་འཆར་སྤེལ་ཡོད་འདུག ད་ལྟའི་ཆར་སྣེ་ཁྲིད་རུ་ཁག་གསུམ་པས་རྡུལ་གྱི་རྣམ་གཞག་ཐོག་ལ་ལས་འཆར་བཟོ་མུས་ཡིན་པ་དང་འདི་ལོའི་ལོ་མཇུག་ཙམ་ལ་ལས་འཆར་འགྲུབ་རྒྱུའི་རེ་བ་བྱེད་ཀྱི་འདུག

འདི་གའི་གསར་འགོད་པར་ཀརྨ་ཐུབ་བསྟན་ལགས་ཀྱིས་༧གོང་ས་མཆོག་གི་དགོངས་བཞེད་གང་ཡིན་བརྗོད་ཐབས་བྲལ་ནའང་། རྣམ་ཀུན་མགོན་པོ་ཁོང་ཉིད་ཀྱི་བཀའ་སློབ་ལམ་སྟོན་ཁག་ལ་དཔག་ན། སྤྱིར་འཛམ་གླིང་འདིའི་སྟེང་གི་ཆོས་དང་རིག་གཞུང། སྤྱི་ཚོགས་ཀྱི་ལམ་ལུགས། ལྟ་གྲུབ་ཀྱི་རྣམ་གཞག་སོགས་གང་ཡིན་རུང་མུ་མཐུད་གནས་མ་གནས་ནི་ལམ་ལུགས་དང་རྣམ་གཞག་དེ་དག་ཡག་པོ་ཡོད་མེད་ལ་རག་ལས་ཀྱི་མེད་པར། གཙོ་བོ་དུས་ཚོད་དང་རན་མིན་དང་། སྐབས་སུ་བབ་པའི་སྤྱི་ཚོགས་ཀྱི་དགོས་མཁོར་མཐུན་དང་མ་མཐུན་བཅས་ལ་ལྟོས་དགོས་ཀྱི་ཡོད་པ་རེད། དེར་བརྟེན་བོད་པའི་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་ཐབས་དེ་དག་ཡག་པོ་ཡིན་ནའང་། མུ་མཐུད་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུན་སྐྱོང་བྱེད་ཐུབ་པ་ལ། མི་རབས་ཕྱི་མ་རྣམས་ཀྱི་ལྟ་བ་དང་སྤྱོད་པ། མི་རབས་ཕྱི་མ་རྣམས་ཀྱི་སློབ་སྦྱོང་དག་ལམ་ལུགས་དེའི་སྟེང་ནས་སྤྲོད་ཐུབ་མིན་ལ་བལྟ་དགོས་པ་ཡིན། ད་ལྟ་སོ་སོར་ཡོད་པའི་ལམ་ལུགས་དེ་ཉིད་ངོ་འཕྲོད་ཐབས་ཡག་ཤོས་དེ་གང་རེད་ཟེར་ན། ད་ལྟ་འཛམ་གླིང་སྟེང་ལ་མིས་ལག་ལེན་ཤུགས་ཆེ་ཤོས་བསྟར་བཞིན་པའི་ལམ་ལུགས་དང་ཤེས་ཡོན་དག་རྟོགས་དགོས་ཀྱི་ཡོད། དེར་བརྟེན་༧གོང་ས་མཆོག་གི་དགོངས་པ་གཅིག་དེ། བོད་པའི་ཆོས་དང་རིག་གཞུང་རྣམས་རྒྱུན་གནས་ཡོང་བར་ཚན་རིག་གིས་མཚོན་པའི་དེང་དུས་ཀྱི་ཤེས་བྱ་དག་དེའི་ནང་ཚུད་ཐུབ་པ་ཡིན་ན། མིའི་དགོས་མཁོ་དང་མཐུན་ཞིང་རྒྱུན་གནས་ཐུབ་རྒྱུར་ཕན་ཐོགས་ཡོད་པར་དགོངས་ཡོད་ཀྱི་རེད། སྐད་ཡིག་ལྟ་བུར་མཚོན་ནའང་། སྐད་ཡིག་དེས་དེ་སྔ་འགྲེལ་བཤད་བྱས་མེད་པའི་ཤེས་བྱའི་རིག་ཚན་གསར་པ་ཞིག་སླེབས་ཚེ། སྐད་ཡིག་དེར་ཡར་རྒྱས་འགྲོ་རྒྱུའི་གོ་སྐབས་ཡོད་པ་རེད། དཔེར་ན་བོད་ཀྱི་སྐད་ཡིག་ལྟ་བུར་མཚོན་ན་ནང་བསྟན་བོད་ལ་དར་བའི་རྗེས་སུ་འཛམ་གླིང་གི་ཤེས་བྱ་དང་རྣམ་གཞག་གཙོ་བོ་ཁག་ནང་འདྲེན་བྱས་མེད་པར་བརྟེན། བོད་ཀྱི་སྐད་ཡིག་དེ་ཡར་རྒྱས་དེ་ཙམ་སོང་མེད་ལ་ཐ་སྙད་ཕྱུག་ཏུ་སོང་མེད། འོན་ཀྱང་ཚན་རིག་ལྟ་བུ་དེ་བོད་ཀྱི་སྐད་ཡིག་ལ་མཚོན་ན་ཤེས་བྱ་གསར་པ་ཞིག་ཡིན་སྟབས། རང་བཞིན་གྱིས་ཐ་སྙད་རྣམས་བོད་བསྒྱུར་བྱས་པ་བརྒྱུད་བོད་ཀྱི་ཐ་སྙད་ཕྱུག་ཏུ་འགྲོ་རྒྱུའི་གོ་སྐབས་ཡོད་པ་རེད། ཅེས་དང་། ཕྱོགས་གཉིས་ནས་ནང་བསྟན་གྱིས་འགྲེལ་བཤད་མ་ཐུབ་པའི་ཤེས་བྱའི་རྣམ་གཞག་རྣམས་ཚན་རིག་གི་ཐོག་ནས་ཁ་བསྐོང་བྱེད་ཐབས་ཤིག་ཀྱང་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།

Science Leadership for Nuns. Image:SMN

ཡང་ཁོང་གིས། ༧སྐུ་མདུན་གྱི་དགོངས་པ་གཞན་ཞིག་ནི། ནང་པའི་རྗེས་འབྲང་བ་དང་། ལྷག་པར་དུ་དགེ་འདུན་པ་རྣམས་ཀྱི་ཆེད་ལས་གཙོ་བོ་ནི་མི་གཞན་ལ་ཕན་ཐོགས་བྱ་རྒྱུ་དེ་ཡིན་སྟབས། མི་གཞན་ལ་ཕན་ཐོགས་བྱེད་ཤེས་པར་དང་པོ་མི་གཞན་དེའི་བསམ་བློ་གཏོང་སྟངས་སོགས་ཤེས་དགོས་སྟབས། ད་ལྟ་འཛམ་གླིང་གི་མིའི་བསམ་བློ་གཏོང་སྟངས་དང་འཚོ་བའི་ཁྲོད་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་ཤེས་བྱའི་ལམ་ལུགས་དེ་དེང་དུས་ཚན་རིག་ཡིན་པ་རེད། དེར་བརྟེན་དགེ་འདུན་པ་ཞིག་གིས་དེ་ཤེས་སོང་ན་མིར་ཕན་ཐོགས་བྱུ་རྒྱུར་མཐུན་རྐྱེན་དུ་འགྱུར་བ་རེད། ཅེས་འགྲེལ་བརྗོད་བྱས་བྱུང་།

Science for Monks and Nuns New Executive Director Karma Thupten

ཀརྨ་ཐུབ་བསྟན་ལགས་ཀྱིས་འདས་པའི་ལོ་ངོ་ ༡༥ རིང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་གི་ལས་འཆར་སྤྱི་དང་། ལྷག་པར་དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་འཆར་ནང་ཕྱག་ལས་གནང་ཡོད་སྟབས། ད་ཐེངས་ལས་འཆར་དེའི་ལག་བསྟར་འགན་འཛིན་གྱི་མིང་གནས་ཙམ་ལས། དོན་དངོས་ཐོག་ལས་དོན་གྱི་ངོ་བོའི་ཆ་ནས་འགྱུར་བ་དེ་ཙམ་མེད་པ་རེད། འོན་ཀྱང་འགན་འཛིན་གྱི་སྣེ་ཁྲིད་ནུས་པ་དེའི་འོག་ནས་མ་འོངས་ལས་འཆར་གསུམ་ལ་ཤུགས་སྣོན་བརྒྱབ་རྒྱུ་ཡིན་སྐོར་བརྗོད་བྱུང་། དེ་ཡང་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་དགེ་འདུན་པ་རྣམས་ལ་ཚན་རིག་ངོ་སྤྲོད་བྱས་ཡོད་པ་ལྟར་གང་ལ་གང་འཚམ་གྱིས་ངོ་འཕྲོད་ཟིན་པ་ལྟ་བུ་ཡིན་སྟབས། འབྱུང་འགྱུར་ཚན་རིག་གི་ཤེས་བྱ་དང་ནང་བསྟན་གྱིས་བསྟན་པའི་ཉམས་ལེན་དང་བསླབ་བྱ་ཁག་བཀོལ་སྤྱོད་བྱས་ཏེ་འཛམ་གླིང་གི་སྟེང་ལ་ཕན་ཐོགས་ཡོང་བའི་ཐབས་ལམ་ཅི་ཡོད་དང་། དེ་ལ་དམིགས་ཏེ་ཚན་རིག་སྣེ་ཁྲིད་རུ་ཁག་བཞི་པའི་དགེ་འདུན་པ་འདེམས་གྲུབ་ཐད་ལའའང་འགྱུར་གཏོང་འཆར་ཡོད་སྐོར་དང་། དེ་ནས་དགེ་འདུན་པའི་ཆེད་དུ་ཚན་རིག་གི་ལས་འཆར་དེའི་ནང་ཐོག་མར་བཙུན་མ་རྣམས་མཉམ་ཞུགས་བྱས་ཐུབ་མེད་པའི་རྐྱེན་གྱིས། གྲྭ་པ་རྣམས་དང་བསྡུར་ན་ཅུང་རྗེས་ལུས་ཡིན་སྟབས། ཁོང་ཚོར་མུ་མཐུད་ནས་ཚན་རིག་ངོ་སྤྲོད་ཀྱི་ལས་གཞི་དེ་སྤེལ་རྒྱུ་དང་། འགན་འཛིན་ལྷན་ཚོགས་ཀྱི་དགོངས་པ་བཞིན་ཚན་རིག་གི་ལས་འཆར་དེ་ཉིད་གང་མགྱོགས་བལ་ཡུལ་དང་འབྲུག་གི་དགོན་སྡེ་ཁག་ལའང་རྒྱ་བསྐྱེད་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཀརྨ་ཐུབ་བསྟན་ལགས་ནི། ཕྱི་ལོ་ ༡༩༩༡ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ཏེ་བོད་ཕྲུག་ཁྱིམ་སྡེར་ཞུགས་ནས་འཛིན་གྲྭ་ ༡༠ བར་པ་ཏི་ཀུལ་དང་། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་དེ་དྷ་སྟེང་བོད་ཁྱིམ་ནས་ཐོན། སློབ་གྲྭའི་སྐབས་སུ་ཁོང་སྙན་ངག་དང་རྩོམ་ཡིག་འབྲི་རྒྱུར་དོ་དབྱིངས་ཡོད་པ་དང་། ལྷག་པར་དུ་ཚན་རིག་དང་ཨང་རྩིས་གཉིས་ལ་དགའ་མོས་ཆེན་པོ་ཡོད་པ་མ་ཟད།  སློབ་ཚན་དེ་ཉིད་ཅུང་སླ་མོ་ལྟ་བུར་མཐོང་གི་ཡོད་ནའང་། དེའི་དུས་སློབ་གྲྭ་དང་བོད་མིའི་སྤྱི་ཚོགས་ནང་ཚན་རིག་གི་མཁའ་དབུགས་སྟུག་པོ་མིན་པ་མ་ཟད། སློབ་མ་ཞིག་ལ་མ་འོངས་པར་ཚན་རིག་དང་འབྲེལ་བའི་མདུན་ལམ་གང་ཡིན་སྐོར་དྲིས་ཚེ། སློབ་མའི་བསམ་བློའི་ནང་ཚན་རིག་གི་དགེ་རྒན་མ་གཏོགས་དྲན་ཐུབ་ཀྱི་མེད་ལ། གལ་ཏེ་སློབ་མ་ཞིག་གིས་ང་ཚན་རིག་པ་ཞིག་བྱ་རྒྱུ་ཡིན་ཞེས་ངག་ནས་ཐོན་ཚེ་སློབ་མ་དེ་རང་ཤུགས་ཀྱིས་གད་མོ་སློང་བྱེད་ཅིག་ཏུ་འགྱུར་ངེས་ཡིན་སྟབས། ཀརྨ་ཐུབ་བསྟན་ལགས་ཀྱིས་ཚན་རིག་གི་སྟེང་ནས་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐབས་བྲལ་བར་བསམ་སྟེ། འཛིན་རིམ་བཅུ་གཉིས་ཐོན་རྗེས་རང་གི་དགའ་མོས་ཡོད་པའི་སློབ་ཚན་བློས་བཏང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Khalsa College)ནས་དབྱིན་ཇིའི་སྐད་ཡིག་ཐོག་ཆེད་ལས་རབ་འབྱམས་ཐོན། ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཟླ་བ་གསུམ་རིང་གི་ཡིག་བསྒྱུར་ཟབ་སྦྱོང་ནང་ཞུགས་པ་དང་། སྐབས་དེར་དཔེ་མཛོད་ཀྱི་ཚན་རིག་ལས་འཆར་དེ་ཡང་མགོ་བཙུགས་མ་ཐག་ཡིན་པས་ཡིག་སྒྱུར་བས་འདང་གི་མེད་པའི་དཀའ་ངལ་ཡོད་སྟབས། ཁོང་ཚན་རིག་སྡེ་ཚན་གྱི་ལས་བྱེད་ནང་ཞུགས་ཏེ་མཐར་སྡེ་ཚན་དེའི་འགན་འཛིན་དུ་བསྐོ་གཞག་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese