མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་ལ་འཛམ་གླིང་ཞི་བདེར་ལེགས་སྐྱེས་འབུལ་བའི་ནུས་པ་ཆེན་པོ་ཡོད།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་ཕམ་ཉེས་བྱུང་ཞིང་དཀའ་ངལ་ཆེན་པོ་ཕྲད་པའི་འཇར་མན་དང་ཉི་ཧོང་གཉིས་ཀྱིས་འཛམ་གླིང་ཞི་བདེའི་ཐོག་སེམས་ཁུར་ཆེན་པོ་བླངས་ཡོད་པ་ལྟར་ཞི་བདེར་ལེགས་སྐྱེས་འབུལ་བའི་ནུས་པ་ཆེན་པོ་ཡོད་སྐོར་གསུངས།

འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ ( Tibet Initiative deutschland ) ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཇར་མན་གྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་བཀའ་སློབ་སྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས།  དེ་རིང་ངོས་རང་འཇར་མན་གྱི་ཆོས་གྲོགས་ཚོ་དང་ལྷན་དུ་བགྲོ་གླེང་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། འཇར་མན་མི་རིགས་དེ་དམག་ཆེན་དང་པོའི་སྐབས་ཨ་རི་ལ་སོགས་པས་ཕམ་ཉེས་བཏང་ཡོད་པ་རེད། དམག་ཆེན་གཉིས་པའི་སྐབས་སུ་ཡང་ཨ་རི་ལ་སོགས་པས་དམག་དྲངས་ནས་ཕམ་ཉེས་བཏང་ཡོད་པ་རེད།  ངོས་ཀྱིས་བསམས་ན་འཇར་མན་དང་ཉི་ཧོང་གཉིས་ཀྱིས་དམག་ཆེན་དང་པོ་དང་གཉིས་པའི་རྗེས་སུ་འཛམ་གླིང་ཞི་བདེ་ཡི་ཐོག་ལ་སེམས་ཁུར་ཆེན་པོ་བཞེས་ཡོད་པ་དང་། ཉི་ཧོང་ལ་ཆ་བཞག་ན་རྡུལ་ཕྲན་མཚོན་ཆའི་རྐྱེན་པས་དཀའ་ངལ་ཆེན་པོ་འཕྲད་ཡོད།  དམག་ཆེན་གྱི་སྐབས་སུ་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་བྱུང་བས། སེམས་བསམ་པའི་གཏིང་ནས་འཛམ་གླིང་ཞི་བདེ་འདོད་མཁན་ཞིག་ཏུ་གྱུར་ཡོད།  དེར་བརྟེན། འཇར་མན་དང་ཉི་ཧོང་གཉིས་ལ་འཛམ་གླིང་ཞི་བདེའི་ལེགས་སྐྱེས་འབུལ་བའི་ནུས་པ་ཆེན་པོ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས། བོད་བརྒྱུད་ནང་བསྟན་དུ་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་གྱི་ཐོག་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། ལེགས་སྦྱར་ལྟར་ན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་ཐོག་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། གང་ལྟར་དཔྱད་འཇོག་ཟུང་འབྲེལ་གསུང་གི་ཡོད་པ་རེད།  དེ་དག་ནི་བོད་པའི་ཉམས་ལེན་ལ་གཙོ་བོ་ཡིན་པ་དང་།  བོད་པས་ཉམས་ལེན་བྱེད་སྐབས་བྱམས་སྙིང་རྗེ་ཁོ་ན་ཉམས་ལེན་བྱེད་པ་མ་ཡིན་པར། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་པའི་བྱམས་དང་སྙིང་རྗེ་ཉམས་ལེན་བྱེད་ཀྱི་ཡོད་པས། འཛམ་གླིང་ཞི་བདེ་ལ་ལེགས་སྐྱེས་ཕུལ་བའི་ནུས་པ་ཆེན་པོ་ཡོད།  ང་ཚོའི་ཉམས་ལེན་ནི་ལུང་དང་ཡིད་ཆེས་ལ་བརྟེན་པ་མ་ཡིན་པ་དང་། རིག་པ་ལ་བརྟེན་པ་ཡིན་དུས་རིག་པར་བརྟེན་ནས་རྒྱུ་མཚན་ལ་བསམ་བློ་བཏང་སྟེ། ནང་སེམས་སུ་བྱམས་བརྩེ་ཡི་བློ་ཞིག་སྐྱེས། དེའི་དབང་གིས་སེམས་ཀྱི་ཞི་བདེ་བདེ་བླག་དུ་སྐྱེས། རིག་པ་གཙོ་བོར་བརྟེན་པ་ཡིན་དུས་གཞན་ལ་ཡང་རིག་པའམ་རྒྱུ་མཚན་གཙོ་བོ་བྱས་ནས་འགྲེལ་བཤད་བྱེད་ཀྱི་ཡོད། ཆོས་ནང་གསུངས་པའི་ལྟ་སྒྲུབ་ཀྱི་གནད་དོན་རྣམས་ཐུན་མོང་གི་བསླབ་བྱ་ཡིན་དུས། ཆོས་ཁས་མི་ལེན་ཡང་ནང་སེམས་ཀྱི་ཞི་བདེ་འདོད་ཀྱི་ཡོད་པས། ནང་སེམས་མ་འདུལ་བའི་རྐྱེན་གྱིས་ཕྱིའི་བྱ་སྤྱོད་ངན་པའི་རིགས་མངོན་ཡོང་གི་ཡོད་པ་རེད། འགྲོ་བ་སེམས་ཅན་ཞིག་ཡིན་ཕྱིར་མ་ཡི་བརྩེ་བས་མ་སྐྱོང་ཚེ། སྲོག་འཚོ་ཐབས་གཏན་ནས་མེད། དེར་བརྟེན་མིའི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད་ཅེས་བཤད་དོན་དེ་ཡིན། གཟུགས་པོའི་འཕྲོད་བསྟེན་ལ་ཆགས་བཞག་ན་ཡང་། ནང་སེམས་ཀྱི་ཞི་བདེ་ནི་གལ་ཆེན་ཡིན་པ་ལྟར། དེང་རབས་སློབ་གསོའི་ཁོངས་སུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་གྱི་སློབ་ཚན་བསླབ་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

སུད་སིར་གནས་སྡོད་བཀྲིས་མཚོ་མོ་ཞེས་པ་ཞིག་གིས། རྒྱ་ནག་གི་བཙན་གནོན་འོག་ཏུ་ལུས་པའི་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཇི་ལྟར་ཉར་ཚགས་དགོས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་གིས། ཐོག་མར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་དང་། ད་ལྟའི་གནས་སྟངས་གཉིས་བསྡུར་བ་ཡིན་ན་ཧེ་བག་ཆེན་པོ་ཡོད་པ་རེད། སྐབས་དེའི་རྒྱ་ནག་གི་དཔོན་རིགས་ཚོ་ལྟ་བ་མཁྲེགས་པོ་ཡོད་པ་དང་། ཁོང་ཚོས་ཆོས་ནི་དུག་ཏུ་རྩི་ཡི་ཡོད་པ་རེད། ངོས་དང་མའོ་ཙི་ཏུང་གི་ཆེས་མཐའ་མཇུག་གི་ཐུག་འཕྲད་སྐབས། མའོ་ཡིས་ཏཱ་ལའི་བླ་མ་ཁྱེད་རང་གི་བསམ་བློ་ནི་ཚན་རིག་དང་མཐུན་གྱི་ཡོད་ཀྱང་། ཆོས་ནི་དུག་རེད་ཅེས་ལབ་བྱུང་། འོན་ཀྱང་། དེང་གི་ཆར་ཆོས་དུག་ཏུ་རྩི་བའི་ལྟ་སྟངས་ལ་འགྱུར་འགྲོས་ཆེན་པོ་ཕྱིན་ནས་རྒྱ་ནག་ནང་གི་རྒྱ་རིགས་མང་པོས་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང། ལྷག་པར་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ཏུ་ཆོས་ཕྱོགས་ཀྱི་སློབ་གསོ་སྤྲོད་མཁན་ངོས་ཀྱི་ངོ་ཤེས་ཁ་ཤས་ཀྱིས་རྒྱ་ནག་གི་མཐོ་སློབ་ཁག་གི་སློབ་དཔོན་ཚོས། ཐོག་མར་རྒྱ་གར་ནས་དཔར་སྐྲུན་བྱས། དེ་ནས་རྒྱ་ཡིག་དུ་བསྒྱུར་ནས་ཕྱོགས་སྒྲིག་བྱས་བཞག་པའི་ཕྱག་དེབ་རྣམས་གཟིགས་ཡོང་དུས། ཁོང་ཚོས་བོད་བརྒྱུད་ནང་བསྟན་ནི་ནལེནྜའི་ཆོས་བརྒྱུད་གཙང་མ་ཡིན་པ་དང་། དེ་ཡང་ཚན་རིག་དང་རིག་པར་མཐུན་པའི་ཆོས་ཤིག་རེད་ཅེས་གསུང་མཁན་བྱུང་ཡོད། དེ་བདེན་པ་རེད། ང་ཚོའི་བོད་བརྒྱུད་ནང་བསྟན་འདི་ལུང་གཙོ་བོ་ལ་བརྟེན་པ་མ་ཡིན་པར་རིག་པ་ལ་གཙོ་བོ་བརྟེན་གྱི་ཡོད་པ་རེད། བོད་ནང་གི་མཁས་དབང་མང་པོ་ཞིག་གིས་ལྟ་ཚུལ་ལ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གིས་བཙན་འཛུལ་བྱས་ཡོད་པ་དངོས་གནས་ཡིན་ན་ཡང་། ཆོས་ཕྱོགས་ཀྱི་ཐོག་ནས་ཕར་ཕན་ཐོགས་བྱ་ཐུབ་པའི་དགོངས་པ་ཡོད་པ་རེད། དེ་དངོས་གནས་གཏན་གཏན་བདེན་པ་རེད་བསམ་གྱི་ཡོད། དེང་གི་ཆར་རྒྱ་ནག་ཏུ་ནང་ཆོས་བྱེད་མཁན་གྱི་གྲངས་འབོར་འཕར་གྱི་ཡོད་པ་རེད། ཕྱོགས་གཅིག་ནས་མ་ཁེ་སི་རིང་ལུགས་དེ་ལམ་ལྷོངས་མ་བྱུང་བ་ལྟ་བུ་ཞིག་ཆགས་བསྡད་ཡོད། འདས་པའི་ལོ་རྒྱུས་ལ་ཆ་བཞག་ན། རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད།  རྒྱ་ནག་གི་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་དང་། ལྷག་པར་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མུས་ཡིན་དུས། ཕྱོགས་ཡོངས་ནས་བསམ་བློ་ཞིག་བཏང་པ་ཡིན་ན་འགྱུར་འགྲོས་ཆེན་པོ་ཞིག་འགྲོ་མུས་ཡིན་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་ནང་ཆོས་དེ་སྣུབ་ཐབས་ལན་མང་བྱས་ཀྱང་ལམ་ལྷོངས་དུ་མ་ཕྱིན་པ་རེད། བོད་བརྒྱུད་ནང་བསྟན་དེ་ཨེ་ཤི་ཡ་གཅིག་པུ་མ་ཡིན་པར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་བྱུང་ཡོད་པ་དང་། ཚན་རིག་པ་དང་དེང་དུས་ཀྱི་མཁས་པ་མང་པོས་བོད་བརྒྱུད་ནང་བསྟན་ལ་ཐུགས་སྣང་བྱེད་མུས་ཡིན། ང་ཚོ་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས། རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་ཀྱི་ཆོས་རིག་སོགས་ཉར་ཚགས་ཀྱི་སླད་བོད་པ་གཅིག་པུའི་སློབ་གྲྭ་ཞིག་དགོས་པའི་རེ་སྐུལ་ཞུས་པ་བཞིན། སྲིད་བློན་དམ་པ་ཁོང་གིས་ཞལ་བཞེས་གནང་ཡོད་དུས། བོད་པའི་གཞོན་སྐྱེས་ཚོ་ལ་བོད་ཀྱི་ཆོས་རིག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། རྒྱ་གར་དུ་སློབ་གྲྭ་དང་། དགོན་སྡེ། བཤད་གྲྭ་སོགས་གསར་འཛུགས་གནང་སྟེ། གྲྭ་པ་སྟོང་ཕྲག་མང་པོས་སློབ་གཉེར་བྱེད་ཀྱི་ཡོད་པ་དང་། དེང་སང་སོག་པོ་དང་རྒྱ་རིགས་ཁ་ཤས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་སློབ་གཉེར་བྱེད་ཀྱི་འདུག བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་སའི་བསྟི་གནས་མང་པོ་ཞིག་ཡོད་དུས། བོད་པའི་གཞོན་སྐྱེས་ཚོས་བོད་པའི་སྐད་དང་ཡི་གེ་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཅེས་གསུངས་སོང་། དེ་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝོལ་ཀིར་ ( Volker  Stanzel )ལགས་ཀྱིས། རྒྱ་ནག་གིས་ཧན་མི་རིགས་ཀྱི་ཁྲོད་དུ་གྲངས་ཉུང་མི་རིགས་རྣམས་སིམ་ཐབས་བྱེད་མུས་ཡིན་སྟབས། གྲངས་འབོར་མང་བའི་ཧན་མི་རིགས་ཀྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་རིག་གཞུང་དང་གོམས་གཤིས་ཀྱི་རྩ་བ་ནི་ནང་ཆོས་ལ་གཞི་བཞག་པ་དང་། དེ་ཡང་གཏན་ཚིགས་རིག་པའི་སྒོ་ནས་རྒྱུ་མཚན་ལ་གཙོ་བོ་བརྟེན་པའི་ཆོས་ཀྱི་འཛིན་སྐྱོང་སྐོར་ལ་ཞུ་ཡི་ཡོད་པ་རེད།  སྤྱིར་བཏང་ཆོས་ལ་ཡིད་ཆེས་མེད་མཁན་ཡིན་ན་ཡང་། རིམ་པས་ནང་ཆོས་ལ་དོ་དབྱིངས་ཆེ་རུ་འགྲོ་ཡི་ཡོད་པ་དང་། རྒྱ་ནག་ལ་མཚོན་ན་ལོ་རྒྱུས་ཁྲོད་དུ་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེང་གི་ཆར་རྒྱ་ནག་ནང་དུ་ནང་ཆོས་བྱེད་མཁན་གྱི་གྲངས་འབོར་འཕར་མུས་ཡིན་དུས། རྒྱ་ནག་ཏུའང་ནང་ཆོས་བསྐྱར་གསོ་ཡོང་རྒྱུའི་འབད་བརྩོན་བྱེད་མུས་རེད། ནང་ཆོས་ཀྱི་འགྲོ་སྟངས་ནི་ཚན་རིག་དང་མཐུན་པ་ཡིན་པས་ཚང་མས་དགའ་མོས་བྱེད་ཀྱི་ཡོད་པ་རེད། ནང་ཆོས་ནང་ཞུ་བའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དང་། དག་ཞིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་དམིགས་མཁན་ནི་ཆོས་ཁོ་ནར་ཡིད་ཆེས་བྱེད་མཁན་ཡིན། གཙོ་བོ་རྒྱུ་མཚན་རྩ་བར་བརྟེན་པའི་དངོས་པའི་གནས་ཚུལ་ལ་དཔྱད་པ་བྱ་དགོས། ཚན་རིག་པས་ཕྱིའི་གཟུགས་ཅན་དངོས་པོར་དཔྱད་པ་བྱས་པའི་གྲུབ་དོན་དང་། ནང་ཆོས་ནས་གསུང་པའི་དངོས་པའི་ཡིན་ལུགས་མཐར་ཐུག་སྐོར་ལ་འགྲེལ་བཤད་རྒྱག་དུས་མཚུངས་པ་ལྟ་བུ་ཞིག་ཆགས་ཀྱི་འདུག ནང་པའི་གཏན་ཚིགས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་ཆགས་བཞག་ན། དེའི་འཛིན་སྐྱོང་བྱེད་ཐུབ་མཁན་ནི་བོད་པ་ཆགས་ཡོད། དེའི་ཕྱིར་ནང་ཆོས་དང་ནང་པའི་ལྟ་གྲུབ། ནང་པའི་གཏན་ཚིགས་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། བོད་པའི་ཐད་ལ་རང་བཞིན་གྱི་དོ་སྣང་བྱུང་གི་ཡོད་པ་རེད། ཅེས་གསུངས་སོང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese