མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫ་སྨད་དབོན་པོ་ནས་བོད་མི་སེར་སྐྱ་ ༦༠ ཡས་མས་བཙན་འཁྲིད་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་དང་ཕྱི་ལོག་ཏུ་ཡོད་པའི་བོད་མི་རྣམས་ལ་འབྲེལ་བ་བྱས་པའི་ཉེས་མིང་འོག་རྫ་སྨད་དབོན་པོ་སྡེ་དགོན་གཉིས་ནས་དགེ་འདུན་པ་ ༡༩ དང་བུད་མེད་བཞི་ཚུད་པའི་མི་སྐྱ་ ༤༠ མ་ཟིན་ཞིག་བཅས་སེར་སྐྱ་ ༦༠ ཡས་མས་ཤིག་སེར་ཤུལ་རྫོང་དུ་བཙན་འཁྲིད་བྱས་ཡོད་འདུག

Dza Wonbo Monastery. Image:Tibet Times’s Source(Tibet)

དེ་རིང་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཀྱི་སྔ་དགོང་གཉིས་ལ་རྫ་དབོན་པོ་དགོན་དུ་དམག་མི་ཕོན་ཆེན་འབྱོར་ཏེ་འདྲི་རྩད་སྔོག་བཤེར་བྱས་པ་བརྒྱུད།  ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་དང་སྐུ་པར་ཉར་ཚགས་བྱས་པའི་ཉེས་མིང་འོག ཕྱི་ཚེས་ ༢༣ ཉིན་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་ ༡༨ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པར་ཡང་དགེ་འདུན་པ་གཅིག་བཙན་འཁྲིད་བྱས་ཡོད་འདུག འཛིན་བཟུང་བྱས་པའི་དགེ་འདུན་པའི་ཁྲོད་བློ་ལྡན་ཆུང་ལམ་དང་དཔལ་སྐྱབས། བསྟན་འཛིན་བློ་གསལ། པད་རྡོ། བློ་ཤེར། ཆོས་མཆོག དགའ་ལྡན། ཤེས་རབ། འཇམ་དཔལ། རྡ་ལོ། གཅོད་པ། བསོད་ནམས་དགའ་ལེགས། རྟ་མགྲིན་ནོར་བུ་སོགས་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། ཁ་སང་རྫ་དབོན་པོ་ཁུལ་དུ་རྒྱ་ནག་གཞུང་གིས་མི་མང་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཚོགས་འདུ་དེར་ལོ་བཅུ་དགུ་ཡན་ཆད་ཚང་མས་མཉམ་ཞུགས་བྱ་དགོས་ཤིང་། གལ་ཏེ་ཚོགས་འདུ་དེར་མཉམ་ཞུགས་མ་བྱས་ཚེ་ཁྲིམས་ཆད་གཅད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག  ཚོགས་ཐོག་དེར་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་དང་། ཁ་པར་དང་བརྒྱུད་ལམ་ཁག་ནས་པར་དང་གནས་ཚུལ་རིགས་དྲིལ་བསྒྲགས་བྱ་མི་ཆོག་པའི་ཉེན་བརྡ་ནན་པོ་བཏང་ཡོད་པ་ལྟར།  ཁ་སང་ནས་བཟུང་རྫ་དབོན་པོ་ཁུལ་གྱི་གྲོང་ཚོ་དང་པོའི་ཡུལ་མི་རྣམས་ཀྱི་ཁྱིམ་དང་ཁ་པར་སོགས་སྔོག་གཤེར་བྱེད་མགོ་བཙུགས་ཡོད་པ་རེད། ཅེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་རྒྱ་གཞུང་གིས་བོད་མི་ཚོར་སྤྲད་པའི་ཁས་ལེན་ཡི་གེ་ཟེར་བ་དེ་མཁོ་སྤྲོད་གནང་བའི་ནང་། ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། རང་ཁྱིམ་དུ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་བྲིས་བཞག་མི་ཆོག་པ་དང་། རང་ཉིད་ཀྱི་གཉེན་ཉེ་ཁྱིམ་ཚང་ལ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་བཞག་མི་ཆོག་པའི་སྐུལ་སློང་བྱེད་དགོས་པ། བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་སྒེར་ཉར་དང་། བརྒྱུད་སྤྲོད། པར་འགྲེམ་བཅས་བྱེད་མི་ཆོག དེ་བཞིན་དྲ་ཐོག་ནས་ཏཱ་ལའི་སྐུ་པར་དང་རི་མོ། དེ་བཞིན་ཁྲིམས་འགལ་གྱི་གཏམ་བརྗོད། རྩོམ་སྒྲིག་དང་བརྒྱུད་སྤེལ་བྱ་རྒྱུ་གཏན་འགོག་བྱེད་དགོས་དང་། རང་ཉིད་ཆབ་སྲིད་ཀྱི་ལམ་ལ་ཕྱོགས་ནས། ཏང་ལ་མིག་དཔེ་བལྟས་ཏེ་ཏང་གི་རྗེས་སུ་འབྲང་ནས། ཁྲིམས་འགལ་གྱི་རིགས་དབྱེ་བར་འཐབ་རྩོད་བྱས་ནས་དྲང་བདེན་གྱི་ལམ་ལ་བསྒྱུར་དགོས། ཟེར་བའི་དོན་ཚན་ ༥ བཀོད་ཡོད་པའི་ཐོག གལ་ཏེ་བོད་མི་སུ་རུང་དོན་ཚན་དེ་དག་དང་འགལ་ཚེ། རྒྱལ་ཁབ་ཀྱི་འཚོ་བའི་རོགས་དངུལ་ཡོངས་རྫོགས་དང་རོགས་སྐྱོར་གཅིག་ཀྱང་མེད་པར་བྱ་རྒྱུ་ཡིན་པའི་དྲིལ་བསྒྲགས་བྱས་ཡོད་འདུག

Dza Wonbo Monastery and Town. Image:Tibet Times Source(Tibet)

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ཉིན་རྫ་དབོན་པོ་ཡུལ་ཚོའི་གྲོང་རྡལ་གྱི་ས་གནས་རྒྱ་ནག་གཞུང་གི་ལས་ཁུངས་མདུན་དུ་བོད་རང་བཙན་གྱི་དོན་དུ་འཐབ་རྩོད་བྱེད་དགོས་ཞེས་པའི་ཡིག་ཆ་མང་པོ་འགྲེམས་སྤེལ་བྱས་པའི་གནས་ཚུལ་བྱུང་རྗེས། དབོན་པོ་དགོན་གྱི་དགེ་འདུན་པ་ལྔ་དང་མི་སྐྱ་གཉིས་སྔ་གཞུག་ཏུ་འཛིན་བཟུང་བྱས་ཏེ་ཁག་ཅིག་ལ་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་འཛིན་བཟུང་བཙོན་འཇུག་བྱས་པའི་གྲྭ་བསྟན་འཛིན་ཉི་མ་ལགས་ལ་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་རྐྱེན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག  སྐབས་དེར་སྤྱི་ཚོགས་དྲ་ལམ་དུ་གྲྭ་བསྟན་འཛིན་ཉི་མ་ལགས་ཀྱི་གནས་ཚུལ་སྤེལ་བའི་ཉེས་མིང་འོག ས་གནས་བོད་མི་འགའ་ཡང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཕྱིས་སུ་གནས་སྟངས་ག་འདྲ་ཆགས་ཡོད་མེད་གསལ་ཁ་མེད་པ་རེད།

རྫ་དབོང་པོ་དགོན་དགའ་ལྡན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་ནི་མཁས་གྲུབ་ཆེན་མོ་ཀོ་རྒྱལ་དགེ་བ་ཚུལ་ཁྲིམས་མཆོག་གིས། ཕྱི་ལོ་ ༡༦༩༠ ཡས་མས་ཤིག་ཏུ་ཕྱག་བཏབ་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་དབྱེ་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་རྫ་སྨད་ཡུལ་འཚོ་རུ་ཆགས་ཡོད་ཅིང་། ད་ལྟ་དགེ་འདུན་པ་ ༣༠༠ ཡས་མས་ཤིག་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese