མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བགྲོ་གླེང་ཐོག་ནས་བློན་ཆེན་དམ་པ་ཝར་བྷ་དྷཱ་རཱ་སིང་མཆོག་ལ་རྗེས་དྲན་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་གྱི་བློན་ཆེན་ཟུར་བ་དམ་པ་ཝར་བྷ་དྷཱ་རཱ་སིང་མཆོག་དགོངས་པ་རྫོགས་ཏེ་ཞག་ཞེ་དགུ་འཁོར་བ་དང་བསྟུན། བོད་དང་ཁུ་ནུ་བར་གྱི་འབྲེལ་ལམ་སྐོར་ལ་བགྲོ་གླེང་འཚོགས་ཏེ་རྗེས་དྲན་མྱ་ངན་ཞུས་གནང་སོང་།

Prayer session and debate being held for remembering the Late H.P former chief minister Shri Virbhadra Singh by CTA on the 49th day of his passing.

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་སྲིད་སྐྱོང་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་མཆོག་དགོངས་པ་རྫོགས་ནས་ཞག་ཞེ་དགུའི་སྨོན་ལམ་དང་བསྟུན་  ༼ཁུ་ནུ་དང་བོད་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་སོང་བ་དང་། མཛད་རིམ་སྟེང་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་གིས་སྨོན་ལམ་གསུངས་གནང་ཞིང་།  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། མཆོད་འབུལ་སྨོན་ལམ་དང་འབྲེལ་ནས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་། འགན་འཛིན་གཞོན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་སྤྱི་ཡོངས་ནས་མཛད་རིམ་ངོ་སྤྲོད་གནང་སོང་ལ། ད་རེས་བགྲོ་གླེང་སྟེང་སྲིད་སྐྱོང་མཆོག་གི་ལམ་སྟོན་འོག ཁུ་ནུ་ཕྱོགས་ཀྱི་བླ་ཆེན་དང་མཁས་དབང་སོགས་གནད་ཡོད་མི་སྣ་གང་མང་ནས་མཉམ་ཞུགས་ཐུབ་ཐབས་སུ་འབད་བརྩོན་ཞུས་ཡོད་ཀྱང་། དུས་ཡུན་ཐུང་དྲགས་པའི་རྐྱེན་གྱིས་ཐོག་མའི་བསམ་འདུན་བཞིན་བྱུང་ཐུབ་མེད་པ་དང་། མ་འོངས་པར་ཁུ་ནུའི་བླ་ཆེན་རྣམ་པའི་དབུས་མཁས་དབང་རྣམས་ལ་འབྲེལ་བ་ཞུས་ཏེ་ཡིག་ཐོག་ནས་བགྲོ་གླེང་ཐོག་གསུང་བཤད་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

དེ་རིང་མཛད་སྒོའི་སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམས་གཙོས་པའི་སྲི་ཞུ་ལས་བྱེད་པ་དང་གསར་འགོད་པ་བཅས་འཛོམས་ཡོད་པ་དང་། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་གི་དགོས་དམིགས་སྐོར་ལ་གསུང་དོན།  གླང་ཆེན་ཁ་འབབ་ཀྱི་འབབ་རྒྱུན་དུ་གནས་པའི་ཁུ་ནུ་ནི་མི་རིགས་དང་སྐད་ཡིག ཆོས་ལུགས་སོགས་གང་ཐད་ནས་བོད་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པའི་ཡུལ་ལུང་ངམ་རྒྱལ་ཕྲན་ཞིག་ཡིན། དུས་རབས་བཅུ་བདུན་པའི་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་དམག་དཔོན་ཆེན་པོ་དགའ་ལྡན་ཚེ་དབང་ལགས་དང་ཁུ་ནུའི་རྒྱལ་པོ་རྗེ་སེངྒ་མཆོག་རྣམ་གཉིས་ནས་མ་ཧ་གུ་རི་ཤཱཀྱ་མུ་ནི་འོག་དཔང་བཙུགས་ནས་གནའ་དམ་མཛད་པར་བརྟེན། གངས་རིནཔོ་ཆེའི་དཀར་པོ་གངས་བཞུར་བ་དང་མ་ཕམ་གཡུ་མཚོའི་ཆུ་སྐམ་པ། བྱ་ཕོ་རོག་ལ་སྐྲ་དཀར་པོ་སྐྱེས་པ་མ་གཏོགས། སྐལ་བ་མ་སྟོང་གི་བར་དུ་མཛའ་མཐུན་བྱ་རྒྱུའི་ཆོད་དོན་བཅད།

དེ་ནས་བཟུང་བོད་དང་ཁུ་ནུ་བར་གྱི་འབྲེལ་བ་དེ་ལོ་རྒྱུས་རིང་པོར་གཞི་བཞག་ནས་ལྷག་པར་དམ་ཟབ་ཏུ་ཕྱིན་ཡོད་པ་དེང་སང་མཁས་དབང་ཁག་གིས་གསུང་ངེས་ཡིན་པ་ལྟར། ཚང་མས་མཁྱེན་གསལ་ནི་ཁུ་ནུ་པའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་རླབས་ཆེན་པོ་གནང་བའི་བླ་ཆེན་དང་མཁས་པ་མང་པོ་བྱུང་མྱོང་བ། དཔེར་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཆོས་ཞུ་ས་གཙོ་བོ་ཁུ་ནུའི་བླ་མ་བསྟན་འཛིན་རྒྱ་མཚོ་ལྟ་བུ་དང་། དེ་བཞིན་དེང་རབས་ཀྱི་བོད་ཡིག་ཚགས་ཤོག་འདོན་མཁན་ཐོག་མ་ཁུ་ནུ་བ་ཡིན་པ་དང་བོད་རྩིས་ཀྱི་ལོ་ཐོ་འདོན་པ་ལོ་རྒྱུས་ཐོག་བྱུང་མྱོང་ཡོད་ཀྱང་།  ཚོན་དྲ་ནས་བརྒྱུད་འགྲེམས་སྤེལ་ཞུས་པ་ནི་ཁུ་ནུའི་ལོ་ཐོ་ཞེས་སྐད་གྲགས་བྱུང་བ་དེ་ཕལ་ཆེ་ཐེངས་དང་པོ་ཡིན་ཞིང་། ཁུ་ནུའི་ལོ་ཐོ་ཐོག་མར་བཏོན་པའི་ལོ་ཚིགས་ནི་བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོ་འདོན་པ་ལས་སྔ་བ་ཡོད་པ་ཡིན། དེ་འདྲ་བའི་ལོ་རྒྱུས་རིང་མོ་གཞི་བཞག་སྟེ། དེ་རིང་ང་ཚོ་འདིར་འཛོམས་པ་ནི་ཐོག་མར་དུས་རབས་བཅུ་བདུན་པའི་ནང་བོད་དང་ཁུ་ནུ་བར་ཆིངས་ཡིག་འཇོག་མཁན་ཁུ་ནུའི་རྒྱལ་པོ་རྗེ་སེངྒ་མཆོག་གི་རྒྱུད་པ་སྟེ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་སྐུ་ཞབས་ཝར་བྷ་དྷཱ་རཱ་སིང་མཆོག་ཚེ་ལས་འདས་པར་བློ་ཕམ་དང་ཞག་ཞེ་དགུ་ཚང་བར་སྲུང་གཙིའི་མྱ་ངན་གུས་འདུན་ཞུ་བཞིན་ཡོད། ཅེས་དང་། འདས་པའི་ལོ་དྲུག་ཅུ་ལྷག་རིང་འདས་པོ་དམ་པ་སྐུ་ཞབས་་ཝར་བྷ་དྷཱ་རཱ་སིང་མཆོག་ནས་བོད་དང་ཁུ་ནུ་བར་གྱི་ཆིངས་ཡིག་གི་ནང་དོན་གཞིར་བཟུང་མཛའ་མཐུན་རྒྱུན་སྐྱོང་དང་ལྷག་པར་༧གོང་ས་མཆོག་གི་དབུས་སྐྱབས་བཅོལ་བོད་མི་རྣམས་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་ཡོད་པ་སོགས་ལ་བརྟེན་ནས་མཆོད་འབུལ་སྨོན་ལམ་དང་འབྲེལ་ནས་བགྲོ་གླེང་གོ་སྒྲིག་ཞུས་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གཅིག་གི་བགྲོ་གླེང་སྟེང་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་གི་དབུས་མཁས་དབང་ཤེས་རབ་ཆོས་འཕེལ་ལགས་དང་། དགེ་རྒན་ཆེན་མོ་སེམས་དཔའ་རྡོ་རྗེ་ལགས། ཨཅཱརྱ་རོ་ཤན་ལཱ་ནེ་གེ་ལགས་སོགས་མཁས་དབང་བཅུ་ནས། བོད་དང་ཁུ་ནུའི་འབྲེལ་བ་སྤྱི་བཤད་དང་། དུས་རབས་བཅུ་བདུན་པའི་ནང་བོད་དང་ཁུ་ནུའི་དབར་གྱི་ཆིངས་ཡིག ཁུ་ནའི་ནང་དགེ་ལུགས་པའི་དགོན་པ་དང་འབྲུག་པ་བཀའ་བརྒྱུད་པའི་དགོན་པ། ཁུ་ནུ་དང་བཀྲ་ཤིས་ལྷུན་པོ། མཚོ་པདྨ་དང་འབྲེལ་བའི་སྐོར་སོགས་བརྗོད་གཞི་མི་འདྲ་བ་བཅུའི་ཐོག་གཏམ་བཤད་གནང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese