མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ལ་རོགས་དངུལ་ཧིན་སྒོར་འབུམ་གསུམ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་པཎ་ཇབ་མངའ་སྡེའི་གཞུང་འཛིན་པ་(J. M Balamurugan)ལགས་ཀྱིས་ཅན་ཌི་སྒར་གྲོང་ཁྱེར་དུ་གནས་སྡོད་བོད་ཀྱི་ཨ་མ་ཊ་རི་སཱ་ཞེས་ཞུ་ཡི་ཡོད་པའི་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་སུ་ཁོང་མོའི་སྤྱི་ཚོགས་ཞབས་ཞུར་ཆེ་བསྟོད་དུ་རོགས་དངུལ་ཧིན་སྒོར་འབུམ་ ༣ གནང་ཡོད་འདུག

ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ནས་ཁོང་མོ་སྒེར་གྱི་ངོ་དེབ་ཐོག་གནས་ཚུལ་དེ་སྤེལ་བའི་ནང་། མངའ་སྡེའི་གཞུང་འཛིན་པ་(J. M Balamurugan)ལགས་ནས་ཁོང་མོར་བསྔགས་བརྗོད་གནང་བ་དེས། སྔར་ལས་ལྷག་པའི་སྤྱི་ཚོགས་ཞབས་ཞུའི་ཐོག་ཧུར་བརྩོན་བྱ་དགོས་པའི་སྐུལ་མ་ཐེབས་སོང་སྐོར་བཀོད་འདུག་ལ། མངའ་སྡེ་གཞུང་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུའང་འབྲེལ་བ་ཞུས་ཏེ། ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱི་སྤྱི་ཕན་ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་གནང་ཡོད་འདུག

ཁ་སང་ཕྱི་ཚེས ༣༠ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས། པཎ་ཇབ་མངའ་སྡེའི་གཞུང་འཛིན་པ་སྐུ་ཞབས་ J. M Balamurugan ཡི་མཚན་ཐོག་ཏུ་འཕྲིན་ཡིག་ཅིག་བསྐུར་གནང་བའི་ནང་། ཚེ་རིང་སྒྲོལ་དཀར་ལགས་བརྒྱུད་ཁྱེད་ནས་ཁོང་མོའི་སྤྱི་ཚོགས་ཞབས་ཞུར་གཟིགས་རྟོག་དང་རོགས་རམ་གནང་བ་ང་ཚོས་ཤེས་རྟོགས་བྱུང་ཞིང་།  ཁོང་མོས་སྨན་བཅོས་ཀྱི་དགོས་མཁོ་ཆེ་བའི་མི་རྣམས་ལ་སྨན་བཅོས་ཀྱི་ཐད་ནས་རོགས་རམ་གནང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཁོང་མོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། ཞེས་སོགས་འཁོད་འདུག

རོགས་དངུལ་དེ་མངའ་སྡེའི་གཞུང་འཛིན་གྱི་རོགས་སྐྱོར་མ་དངུལ་ནས་གནང་བ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ནང་རོགས་དངུལ་དེ་ཅན་ཌི་སྒར་ཁུལ་གྱི་ཉམ་ཐག་དགོས་མཁོ་ཅན་དང་ནད་མནར་བ་ཚོའི་ཆེད་དུ་གཏོང་དགོས་ཀྱི་ཡོད་འདུག

ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ནི་བལ་ཡུལ་སྦོག་ར་བྱམས་པ་གླིང་གཞིས་ཆགས་སུ་སྐྱེས་འཚར་བྱུང་ཞིང་། ཆུང་དུས་ནས་བོད་ཁྱིམ་སློབ་གྲྭའི་ནང་འཛུལ་ཞུགས་ཀྱིས་འཛིན་རིམ་ ༡༢  ཐོན་རྗེས། ཅན་ཌི་སྒར་མཐོ་སློབ་ཏུ་ཕྱིན་པ་དང་། མཐོ་སློབ་ཀྱི་སློབ་ལོ་དང་པོ་ནས་བཟུང་སྤྱི་ཚོགས་འབྲེལ་མཐུད་པའི་(Public Relations officer)ཕྱག་ལས་གནང་ཡོད་འདུག མཐོ་སློབ་ཀྱི་ལོ་ངོ་ ༥ རིང་ས་གནས་གཞོན་ནུའི་ཚོགས་མི་དང་རྒྱུན་ལས་གནང་སྟེ། ཅན་ཌི་སྒར་དུ་ཡོང་བའི་ནད་པ་མང་པོར་རོགས་རམ་གནང་ཡོད་འདུག ཁོང་མོ་འཛིན་རིམ་ ༨ པར་བསླེབས་སྐབས་ཕ་མ་གཉིས་སྐུ་གྲོངས་ཡོད་པ་དང་། མིང་སྲིང་ ༥ ཡོད་པའི་ནང་ནས་ཁོང་མོ་རྒན་ཤོས་དེ་ཡིན་སྟབས། ཕ་མ་གཉིས་ཀྱི་ཚབ་བྱས་ཏེ་སྤུན་ཆུང་བ་རྣམས་ལ་ལྟ་སྐྱོང་གནང་ཡོད་པ་མ་ཟད། ནད་པ་སྟོང་ཕྲག་མང་པོར་དྭང་བླངས་ཀྱིས་སྨན་པར་བསྟེན་གཏུག་དང་སྐད་སྒྱུར་གྱི་རོགས་གནང་སྟེ་ལོ་ངོ་ ༢༠ ལྷག་འགྲོ་བཞིན་ཡོད་འདུག

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 2

  1. Khenrap says:
    ལོ་ 5 སྔོན།

    She got recognition with some token from Punjab government but did she got any recognition from Tibetan community or exile government so far. She is given recognition, it will inspire others.

    Reply
  2. Asanga says:
    ལོ་ 5 སྔོན།

    ཅན་ཌི་སྒར་གྲོང་ཁྱེར་དུ་གནས་སྡོད་བོད་ཀྱི་ཨ་མ་ཊ་རི་སཱ་ཞེས་ཞུ་ཡི་ཡོད་པའི་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་སུ་ཁོང་མོའི་སྤྱི་ཚོགས་ཞབས་ཞུར་ཆེ་བསྟོད་དུ་རོགས་དངུལ་ཧིན་སྒོར་འབུམ་ ༣ གནང་ཡོད་འདུག Wonderful job!:)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese