དེ་རིང་མི་མང་གིས་རང་ཁྱིམ་ནས་སྔོ་སྨན་བཏབ་སྟེ་འཕྲོད་བསྟེན་གཅེས་སྐྱོང་ཡོང་ཆེད་དྷ་ས་བོད་ཀྱི་སྨན་རྩིས་ཁང་དུ་སྔོ་སྨན་ ༡༡༣ རིན་མེད་ཐོག་བགྲོ་འགྲེམས་བྱེད་ཀྱི་འདུག
དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྨན་རྩིས་ཁང་གི་ཚོགས་ཁང་དུ། སྔོ་སྨན་བགོ་འགྲེམས་ཀྱི་ཚོགས་འདུ་ཚོགས་སོང་བ་དང་། ཚོགས་འདུའི་ཐོག་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། རྒྱ་གར་རྒྱལ་ཡོངས་སྔོ་སྨན་ལྷན་ཚོགས་(National Medicinal Plant Board)ཀྱི་ས་གནས་(Regional-Cum-Facilitation Centre)འགན་འཛིན་ཨ་རན་ཅན་ཌན་(Dr. Arun Chandan)ལགས་དང་། ཧི་མ་ཅལ་སྔོ་སྨན་ཁང་གི་ཆེད་མཁས་པ་(D.R. Nag)དང་། ཀང་ར་རྫོང་ཨཱ་ཡོར་ཝ་ཌིག་གི་ལྕམ་ཤར་མ་(Dr. Anjali Sharma)ལགས་དང་། (State Official) དང་། སྨན་རྩིས་ཁང་གི་དགེ་སློབ་དང་། ཅོན་ཌ་ར་སྨན་རྩིས་ཁང་གི་དགེ་སློབ་སོགས་འཛོམས་འདུག
ཐོག་མར་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དེ་རིང་གི་ཉིན་མོ་ནི་སྨན་རྩིས་ཁང་དང་གསོ་བ་རིག་པ། ཡང་ན་བོད་སྨན་ལ་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གཞུང་གིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བའི་ཆེད་དུ་ (Azadi Ka Amrit Mahotsav) དུས་ཆེན་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༥༥ ལོར་རྒྱ་གར་གཞུང་གིས་བོད་མི་རྣམས་བཙན་བྱོལ་བར་ངོས་བཞེས་ཐོབ་པ་དང་བོད་ཀྱི་སྨན་རྩིས་ཁང་གི་ (Degree) ངོས་བཞེས་གནང་ཡོད་པ་རེད། བོད་ལ་སྔོ་སྨན་འདེབས་མི་དགོས་པ་རེད། རྒྱུ་མཚན་ནི་རང་བྱུང་གི་སྔོ་སྨན་སྐྱེས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༩༠ ལོར་སྔོ་སྨན་འདེབས་དགོས་བྱུང་བ་རེད། རྒྱུ་མཚན་ནི་སྨན་རྩིས་ཁང་གིས་སྔོ་སྨན་འདེབས་རྒྱུར་དོ་དབྱིངས་བསླེབས་ཡོད་པ་རེད། ད་ལྟའི་ཆར་སྔོ་སྨན་དཀོན་པ་དང་རང་བྱུང་རྐྱེན་ངན་གྱི་དཀའ་ངལ་བྱུང་གི་ཡོད་པའི་གནད་དོན་དེ་དག་ལ་དོ་སྣང་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བའི་སྐབས། ཧི་མ་ཅལ་མངའ་སྡེའི་ཤིང་ནགས་བློན་ཆེན་((Shri Thakur Singh Bharmaur)ལགས་ཀྱིས། ང་ཚོའི་སློབ་ཕྲུག་རྣམས་བཟང་སྤྱོད་ལྡན་པ་ཞིག་ཡིན་པ་དང་ཤིང་ནགས་ཀྱི་སྡེ་ཚན་ནས་སྐྱོན་བརྗོད་མེད། ཅེས་བརྗོད་བྱུང་། སྐབས་དེ་དུས་ངས་འཕྲོད་བསྟེན་གྱི་བློན་ཆེན་ (Shri Karam Singh) ལགས་ལ་སིམ་ལ་ཡང་ན་དྷ་རམ་ས་ལའི་ས་གནས་སུ་ཚོགས་འདུ་འཚོག་རྒྱུའི་རེ་བ་ཞུས་པ་ཡིན། དེ་ཡང་མངའ་སྡེ་ལ་དཔལ་འབྱོར་དང་དངོས་པོའི་འབྱུང་ཁུངས་ཡོད་པ། དེ་བཞིན་སྨན་རྩིས་ཁང་དུ་མཁས་པ་ཡོད་པའི་གནས་ཚུལ་སྐོར་ཚོགས་འདུ་འཚོག་རྒྱུའི་རེ་བ་ཞུས་པ་ཡིན། དེ་རིང་ (State Official) བསླེབས་ཡོད་པས་ངས་གནད་དོན་འདིའི་ཐོག་སླར་ཡང་ཞུས་ཏེ་ཁྱེད་རང་གིས་མཛེས་སྡུག་ལྡན་པའི་ཧི་མ་ཅལ་གྱི་མངའ་སྡེའི་ཁེ་ཕན་གྱི་ཆེད་དུ་ལས་རིམ་འདི་གནང་ཡོང་བསམ་པའི་རེ་བ་བྱེད་ཀྱི་ཡོད། སྨན་རྩིས་ཁང་གིས་རྒྱ་གར་གྱི་ས་ཁུལ་མང་པོའི་ནང་དུ་ (High Altitude Medicinal Plant) འདེབས་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་ས་ཕྱོགས་གང་སར་གསོ་བ་རིག་པ་འདི་བོད་སྨན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།
དེ་ནས་ (Dr. Arun Chandan) ལགས་ཀྱིས། (Ministry of Ayush) ཡིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བར་སྔོ་སྨན་ལ་དོ་དབྱིངས་ཡོད་པའི་ཞིང་པ་རྣམས་ལ་སྔོ་སྨན་བགོ་འགྲེམས་བྱ་རྒྱུ་ཡིན་པ་དང་། རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་ (Medicinal Plants) སྔོ་སྨན་འདེབས་རྒྱུ་དང་བགོ་འགྲེམས་བྱེད་ཚུལ་གྱི་བྱེད་སྒོའི་སྐོར་དང་། ད་ལྟའི་ཆར་མི་མང་པོ་ཞིག་ལ་སྔོ་སྨན་གྱི་འབྱུང་ཁུངས་ཐོབ་རྒྱུ་ཁག་པོ་ཡོད་སྟབས། ང་ཚོས་ཀྱང་ཕྱིའི་རྒྱལ་ཁབ་ནས་སྔོ་སྨན་གྱི་རིགས་མི་འདྲ་བ་ ༡༥ དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱི་སྤྱི་ཚོགས་ནང་དུ་སྔོ་སྨན་ ༩༠༠༠ ལྷག་བགོ་འགྲེམས་བྱས་ཡོད། དེ་རིང་མི་མང་རྣམས་ལ་སྔོ་སྨན་བགོ་འགྲེམས་བྱ་རྒྱུའི་ལས་འགུལ་ཡང་ཡོད་སྐོར་དང་། སྔོ་སྨན་བགོ་འགྲེམས་བྱེད་པའི་དམིགས་ཡུལ་ནི་ང་ཚོའི་རེ་བར་མི་མང་ཚོས་རང་ཉིད་ཀྱི་གཞི་རྩའི་འཕྲོད་བསྟེན་ལ་དོ་སྣང་དང་གཅེས་སྐྱོང་བྱ་རྒྱུའི་ཆེད་དུ་ཡིན། སྨན་རྩིས་ཁང་དང་ (NMPB) གཉིས་ཀྱི་ལས་འགུལ་མང་པོ་སྤེལ་ཏེ་རང་ཉིད་ཀྱི་གཞི་རྩའི་འཕྲོད་བསྟེན་གཅེས་སྐྱོང་བྱ་བའི་ཆེད་དུ་གསོ་བ་རིག་པ་དང་རྒྱ་གར་གྱི་སྨན་བཅོས་ལམ་ལུགས་གཞན་གྱི་ཐོག་ནས་སྨན་བཅོས་བྱ་རྒྱུ་ཡིན་སྐོར་བརྗོད་རྗེས། (High Altitude Medicinal Plant Department) གྱི་འགན་འཛིན་བསྟན་འཛིན་ཟླ་ཚེ་ལགས་དང་ (CSRSR) ཅོན་ཏ་རའི་གསོ་བ་རིག་པར་སློབ་སྦྱོང་བྱེད་མཁན་བསྟན་འཛིན་ཕན་ཐོགས་ལགས་གཉིས་ཀྱིས་ས་མཐོའི་ཁུལ་གྱི་སྔོ་སྨན་གྱི་སྐོར་དང་ལས་འགུལ་གང་དང་གང་སྤེལ་ཡོད་པའི་སྐོར་ངོ་སྤྲོད་གནང་སོང་།
དེ་ནས་ (RCFC) འགན་འཛིན་གཞོན་པ་ (Dr. Saurabh Sharma) ལགས་ཀྱིས། རྒྱ་གར་གཞུང་གིས་རྒྱལ་ཁབ་ཡོངས་ལ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཡི་ཡོད་པར་བརྟེན། (Ayush Ghar-Dwar) ངོས་ནས་མི་མང་ལ་སྔོ་སྨན་བགོ་འགྲེམས་བྱ་རྒྱུའི་ལས་འགུལ་གོ་སྒྲིག་ཞུས་ཡོད་སྐོར་དང་། ཉེ་བའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་སྔོ་སྨན་དགོས་མཁོ་མང་དུ་ཕྱིན་ཡོད་པ་དང་། སྔོ་སྨན་དེ་དག་རིན་མེད་ཐོག་དབོར་འདྲེན་བྱས་ཏེ་ཁྱིམ་ཚང་གི་སྒོ་མདུན་དུ་སྐྱེལ་གྱི་ཡོད་ལ། སྔོ་སྨན་གྱི་རྒྱུ་ཆ་ཡག་པོ་ཡོང་བའི་ཆེད་དུ་ཞིང་པ་རྣམས་ལ་སྔོ་སྨན་བགོ་འགྲེམས་བྱས་ཏེ་འདེབས་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།
ཆེད་མཁས་པ་ནིག་(Prof. D.R. Nag) ལགས་ཀྱིས། ཨ་ཡོ་ཝ་ཌི་(Ayurveda) དང་གསོ་བ་རིག་པ་གཉིས་ཀྱི་སྨན་རྫས་དང་ནད་གཞི་བརྟག་དཔྱད་བྱེད་སྟངས་རྣམས་གཅིག་མཚུངས་ལྟ་བུ་འདུག དེ་ཡང་ (Ayurveda) སྨན་རྫས་ཕལ་ཆེ་བ་སྨན་རྩའམ་སྔོ་སྨན་ནས་བྱུང་བ་ཡིན་པ་དང་། གསོ་བ་རིག་པ་ནི་བོད་ནས་བྱུང་བ་ཡིན་པས་བོད་ལ་སྔོ་སྨན་རྣམས་རྩ་ཆེན་པོ་ཡིན་པས་བོད་སྨན་དེ་དག་སྔོ་སྨན་ནས་གྲུབ་པ་ཞིག་རེད། ཅེས་དང་། དེ་རིང་སྔོ་སྨན་ ༡༡༣ བགོ་འགྲེམས་བྱེད་ཀྱི་ཡོད་པའི་(Ginkgo Biloba) ཞེས་པའི་སྔོ་སྨན་དེས་་(High Altitude Sickness) དང་ (Dizziness)། (Dementia)། (Memory Loss) དྲན་པ་བརྗེད་པའི་ན་ཚ་སོགས་བཅོས་པར་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། བསྟེན་པ་མང་དྲག་ན་གནོད་སྐྱོན་བྱུང་གི་ཡོད་པས་གཟབ་གཟབ་བྱ་དགོས་སྐོར་བརྗོད་སོང་།
མཇུག་ཏུ་ (Dr. Anjali Sharma) ལགས་ཀྱིས། སྔོ་སྨན་ལ་ཕན་ཐོགས་ཆེན་པོ་ཡོད་པས་རང་ཁྱིམ་དུ་འདེབས་ལས་བྱས་ན་ཡག་པོ་ཡོད་པ་དང་། དེ་སྔོན་ང་ཚོས་རང་ཁྱིམ་དུ་ (Tulsi) ཉར་གྱི་ཡོད་པ་དང་། དེས་གློ་ནད་ལ་ཕན་པ་ཙམ་མིན་པར་རླུང་ཁམས་དེ་དག་གཙང་མ་བཟོས་ཀྱི་ཡོད་རེད། འོན་ཀྱང་ཉེ་བའི་ཆར་རིམ་གྱིས་རང་ཁྱིམ་དུ་ (Tulsi) ཉར་མཁན་མེད་པ་ཆགས་ཀྱི་ཡོད་སྐོར་དང་། (Ayush Mantralaya Bharat Sarkar) ནས་ (Ayush Ab Ke Ghar-Dwar) ལས་འགུལ་གོ་སྒྲིག་བྱས་ཏེ་རང་ཁྱིམ་དུ་སྔོ་སྨན་བཏབ་ནས་རང་ཉིད་ཀྱི་གཞི་རྩའི་འཕྲོད་བསྟེན་གཅེས་སྐྱོང་བྱེད་ཐུབ་པ་དང་། ནད་རིགས་བཅོས་ཐུབ་ཀྱི་ཡོད་པའི་ཁེ་ཕན་དེ་དག་ཤེས་རྟོགས་ཡོང་བའི་དམིགས་ཡུལ་ཡོད་ལ། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ (Tulsi) དང་ (Aloevera)ཡི་ཕན་ཐོགས་རྣམས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།
ལས་གཞི་འདི་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད་། བོད་མིའི་གཞིས་སྒར་ཚང་མའི་ནང་ལས་གཞི་དེ་སྤེལ་ཐུབ་ན་ཁྱབ་ཆེ་བའི་ཕན་ནུས་ཡོང་ངེས་བཅས་ལས་གཞི་འདི་ལ་རྒྱབ་སྐྱོར་ཡོད་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་།