མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་པ་གྲྭ་ཐབས་མཁས་རྒྱ་མཚོ་ལགས་ཀློད་གྲོལ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་གསལ་ཁ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་བོད་མི་ཁག་ཅིག་ལ་བཀའ་འདྲི་ཞུས་ཏེ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བླ་བྲང་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཏེ། ལོ་བཅོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ལོ་ ༥ ཡི་ཆབ་སྲིད་ཀྱི་ཁེ་དབང་ཕྲོག་ཡོད་པའི་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ཟླ་འདིའི་ཟླ་དཀྱིལ་ཙམ་ལ་བཙོན་གྲོལ་ཐོབ་ཡོད་ཀྱང་།  བཙོན་འཇུག་དུས་ཡུན་ལོ་གཉིས་ཀྱི་ཚང་མེད་པར་ཁོང་བཙོན་གྲོལ་བཏང་དགོས་དོན་དང་ད་ལྟ་ཁོང་ལ་རང་དབང་ཆ་ཚང་ཐོབ་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་སོགས་ག་འདྲ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་བཙོན་འོག་ནས་མནར་གཅོད་ཚད་མེད་མྱངས་ཡོད་སྟབས། སྐབས་དེ་དུས་ནས་གྲྭ་ཐབས་མཁས་ལགས་ཀྱི་མིག་གཉིས་དང་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་འདི་གའི་གསར་འགོད་པས་ཤེས་རྟོགས་བྱུང་ཡོད།

ཡང་འདི་གའི་གསར་འགོད་པས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་སོགས་ཀྱི་སྐོར་ལ་དྲིས་སྐབས། དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་སུ་རྒྱ་ནག་གཞུང་གིས་བཙོན་འོག་ནས་དམ་དྲག་དང་མནར་གཅོད་ཚད་མེད་བཏང་རྐྱེན། ཁོང་གི་ལུས་ཕུང་ཕྱེད་ཀར་ཚོར་མེད་དུ་གྱུར་ཡོད་པ་དང་། མིག་གཉིས་ཀྱང་ནད་པ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཏུ་འགྱུར་དུས། བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་གི་ཡོད་པ་ལྟར། ཁོང་ཉིད་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ཀྱི་ནང་མིར་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པས།  ཁོང་གི་གཟུགས་གཞི་གནས་སྟངས་སོགས་ཀྱི་སྐོར་ལ་གསལ་ཁ་གང་ཡང་མི་འདུག  ཅེས་བརྗོད་བྱུང་།

ད་ལོ་དགུང་ལོ་ ༤༦ ཡིན་པའི་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་ནི་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ནས་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བླ་བྲང་ཕྱོགས་ཀྱི་མི་མང་ཞི་རྒོལ་གྱི་སྣེ་འཁྲིད་བྱས་པའི་ཉེས་འཛུགས་འོག བླ་བྲང་དགོན་པའི་ནང་གི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས།  ལོ་གཅིག་ཙམ་རིང་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཕྱི་ལོ་༢༠༠༩ ཟླ་ ༥ ཚེས་ ༢༡ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་ཡོད་འདུག ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་འཛིན་བཟུང་བྱེད་སྐབས་བོད་རིགས་ཉེན་རྟོག་པའི་གདོང་ལ་མཆིལ་ཞག་བཏབ་ནས་སྡིགས་མོད་བྱས་རྐྱེན། འདྲི་གཅོད་ཁང་དུ་ཁོང་ལ་གཅར་རྡུང་བཏང་སྟེ་གཟུགས་པོའི་ཕྱེད་ཀ་ནད་པར་གྱུར་ཡོད་པ་མ་ཟད། མིག་གཉིས་ཀྱང་ནད་པ་བཟོས་ཡོད་འདུག་ལ།  ཕྱི་ལོ་༢༠༡༨ ལོར་ཁོང་ཌེན་ཞི་བཙོན་ཁང་གི་སྨན་ཁང་དུ་ཡུན་རིང་སྡོད་དགོས་བྱུང་ཡོད་འདུག

དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས་དུས་རྒྱུན་དུ་རྩོམ་རིག་གི་ལམ་ནས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དམར་རྗེན་དུ་འབྲི་མཁན་ཞིག་ཡིན་ཞིང་། བོད་ནང་གི་རྩོམ་རིག་དུས་དེབ་ཁག་ཅིག་ཏུ་སྙན་ངག་དང་ལྷུག་རྩོམ་མང་པོ་སྤེལ་མྱོང་། ཁོང་གི་སྨྱུག་མིང་ལ་དུས་འཁོར་ཐབས་མཁས་ཟེར་གྱི་ཡོད་པ་དང་། ཆུང་དུས་ནས་བླ་བྲང་དགོན་གྱི་ཆོས་སྒོར་ཞུགས་ཏེ་དུས་འཁོར་གྲྭ་ཚང་དུ་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༧ ཡས་མས་བར་ལྷ་སའི་འབྲས་སྤུངས་དགོན་དུ་མཚན་ཉིད་ཀྱི་ཕྱོགས་ལ་སློབ་གཉེར་གནང་།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese