མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་དྷ་སའི་ཁུལ་གྱི་བོད་མི་ ༡༤༩ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བཞུགས་སྒར་དྷ་སའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་དང་། དྷ་སའི་ཉེ་འདབས་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ནང་ཏོག་བྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་ཕྱིན་ཡོད་ནའང་། ད་ལྟའི་ཆར་ཚོགས་སྡེ་ཁག་སོ་སོས་རང་གི་ཁྱབ་ཁོངས་མི་མང་ཀུན་ལ་བརྟག་དཔྱད་བྱས་ཏེ། ད་བར་ནད་པའི་ཁྲོད་དུ་སྨན་ཁང་ནང་ཛ་དྲག་གིས་མྱུར་སྐྱོབ་བྱ་དགོས་པའི་གནས་སྟངས་བྱུང་མེད་པ་རེད་འདུག

Norbulingka Institute. Photo (Tibettimes)

ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་ཕྱི་ཚེས་ ༢༢ ཉིན་ནད་པ་གསར་པ་ ༣༣ ཐོན་པའི་ཐོག ཡང་བསྐྱར་ཕྱི་ཚེས་ ༢༥ ཉིན་ནོར་གླིང་གི་ལས་བྱེད་དང་འབྲེལ་ཡོད་ནང་མི་བཅས་ཁྱོན་མི་གྲངས་ ༥༨ ལ་གཉན་རིམས་ཕོག་ཡོད་ཅིང་། དེ་དག་ཁྲོད་ནས་ཕལ་ཆེ་བ་རང་ལོ་ ༡ ནས་ ༡༣ བར་གྱི་བྱིས་པ་ཚོ་ཡིན་ཞིང་། ད་ལྟའི་ཆར་ནོར་གླིང་གི་ལས་བྱེད་དང་འབྲེལ་ཡོད་ནང་མི། དེ་བཞིན་ནོར་གླིང་ཁུལ་གྱི་ཁ་འཐོར་བོད་མི་རྣམས་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ནང་ཟུར་བཀག་འོག་བཞག་ཡོད་ཅིང་། ནད་པའི་ཁྲོད་ནས་དུས་རྒྱུན་ནད་གཅོང་ཡིན་པ་དང་ལོ་རྒན་པ་བཅས་ཁྱོན་མི་གྲངས་ ༡༡ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཀོད་སྒྲིག་ཞུས་པའི་སྣེ་ལེན་ཁང་གི་གསོ་བཅོས་ཁང་དུ་ཟུར་བཀག་བྱེད་མུས་ཡིན་པ་དང་། ནད་པའི་ཁྲོད་དུ་ཛ་དྲག་གིས་སྨན་ཁང་དུ་དབོར་འདྲེན་བྱེད་དགོས་པ་གཅིག་ཀྱང་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། ད་ལྟའི་ཆར་ནོར་གླིང་དུ་ཁྱོན་ལས་བྱེད་རྐྱང་པ་ ༣༣༦ དང་འབྲེལ་ཡོད་ནང་མི་ཚུད་པའི་ཁྱབ་ཁོངས་མི་གྲངས་ ༥༠༠ ལྷག་ཡོད་ཅིང་། དེ་དག་ཡོངས་སུ་རྫོགས་པར་བརྟག་དཔྱད་བྱས་ཟིན་པའི་ཐོག ད་དུང་ནོར་གླིང་ཉེ་འཁོར་གྱི་ཁ་འཐོར་མི་མང་ ༩༠ ལྷག་ལའང་བརྟག་དཔྱད་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན། ས་གནས་རྒྱ་གར་གྱི་ཚོགས་སྡེ་དང་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག མེག་གྷན་དུ་ཆགས་པའི་བོད་ཁྱིམ་ཉིན་སློབ་ཀྱི་མདུན་ཐང་དུ་འགོག་ཁབ་བསྐྱོན་པ་དང་ནད་ཡམས་བརྟག་དཔྱད་ཀྱི་རིན་མེད་ལས་གཞི་ཞིག་སྤེལ་བའི་ཁྲོད། དྷ་སའི་ཉེ་འདབས་ཀྱི་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ལས་བྱེད་ ༩ ལ་གཉན་རིམས་འགོས་པ་ཤེས་རྟོགས་བྱུང་ཡོད་ཅིང་། རིམ་པས་ཕྱི་ཚེས་ ༢༠ དང་ ༢༡ བཅས་ལ་བརྟག་དཔྱད་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༢༢ བར་ནོར་གླིང་གི་ཁྱོན་ལས་བྱེད་ ༣༣ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་འཕྲལ། ཉིན་དེ་རང་ལ་ས་གནས་ཀངྒ་ར་གྲོང་སྡེ་ལས་ཁུངས་ངོས་ནས་ཀྱང་ཛ་དྲག་གནས་སྟངས་དང་བསྟུན། ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་དེའི་ཉེ་འཁོར་གྱི་ས་ཁུལ་རྣམས་དོ་དམ་ས་ཁུལ་ (Containment Zone) དུ་གཏན་འབེབས་ཀྱིས་ལས་ཁུངས་ཁག་ཡོངས་སུ་སྒོ་བརྒྱབ་ཡོད་པ་རེད།

ཡང་བདུན་ཕྲག་གཉིས་ཙམ་གོང་ལ་བདེ་ལེགས་སྨན་ཁང་གི་སྨན་ཞབས་པ་དང་གངས་སྐྱིད་ཀྱི་སྲི་ཞུ་ལས་བྱེད་རེ་ཟུང་ལ་ཏོག་དབྱིབས་གཉན་རིམས་ཕོག་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༠ ཡས་མས་ལ་ནད་རྟགས་ཡོད་མཁན་གྱི་ལས་བྱེད་ལ་བརྟག་དཔྱད་བྱེད་སྐབས་ནད་པ་གསར་པ་འགའ་ཤས་ཐོན་པར་བརྟེན། འཕྲོད་བསྟེན་ལས་ཁུངས་ངོས་ནས་སྔ་ཕྱི་རིམ་པ་བྱས་ཏེ། ནད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཡོངས་ལ་བརྟག་དཔྱད་བྱས་ཡོད་ཅིང་། གཉན་རིམས་ཀྱི་ཛ་དྲག་གནས་སྟངས་དང་བསྟུན་ཕྱི་ཚེས་ ༡༧ ཉིན་བཀའ་དྲུང་ཡིག་ཚང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་རྣམས་ཕྱི་ཟླ་ ༡༠ ཚེས་ ༧ བར་བརྒྱ་ཆ་ལྔ་བཅུ་རེས་མོས་བྱས་ཏེ་ལས་ཁུངས་ལ་ལས་བཅར་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་བརྟག་དཔྱད་བྱས་ཏེ་མཐར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁྲོད་ཁྱོན་ནད་པ་ ༡༧ ཐོན་ཏེ། ནད་པ་རྣམས་ཟུར་བཀག་འོག་བཞག་ཡོད་པ་དང་ལས་བྱེད་བྱིངས་རྣམས་མུ་མཐུད་བརྒྱ་ཆ་བརྒྱ་ལས་བཅར་དགོས་པའི་ལམ་སྟོན་གནང་ཡོད་པ་རེད་འདུག སྲི་ཞུའི་ལས་བྱེད་ཐོག་གངས་སྐྱིད་ཀྱི་བདེ་ལེགས་སྨན་ཁང་གི་ལས་བྱེད་ ༦ ལ་གཉན་རིམས་འགོས་ཡོད་པར་བརྟེན། ཐེངས་འདིར་གངས་སྐྱིད་ཁུལ་དུ་ནད་པ་གསར་པ་ཁྱོན་བསྡོམས་ ༢༣ ལྷག་ཐོན་ཡོད་ནའང་། ནད་པ་ཕལ་ཆེ་བར་ནད་རྟགས་གང་ཡང་མེད་པར་ད་ལྟའི་ཆར་ཟུར་བཀག་དུས་ཡུན་ཚང་གྲབས་ཡོད་འདུག

གཞན་ཡང་ཉེ་ལམ་དྷ་སར་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་དུའང་ལས་བྱེད་དང་སློབ་མ་སྐོར་ཞིག་ལ་ནད་ཡམས་འགོས་ཡོད་པའི་སྐོར་ལ་སློབ་གྲྭའི་འབྲེལ་ཡོད་ལས་བྱེད་ཅིག་གིས་འདི་གར་འགྲེལ་བརྗོད་གནང་དོན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་སློབ་གྲྭའི་ལས་བྱེད་གཅིག་དང་བྱིས་པ་ཞིག་ལ་ནད་ཡམས་ཕོག་པ་ཤེས་རྟོགས་བྱུང་འཕྲལ། སློབ་གྲྭ་ཡོངས་རྫོགས་སྒོ་རྒྱ་བསྡམས་ཏེ་ལས་བྱེད་དང་སློབ་མའི་འགྲོ་སྐྱོད་ལ་བཀག་སྡོམ་བྱས་ཡོད་འདུག དེ་བཞིན་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་མ་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཞུགས་དགོས་པར་བརྟེན། སློབ་གྲྭའི་ངོས་ནས་སློབ་མ་དེ་དག་སློབ་གྲྭར་སྐད་བཏང་ཡོད་ཅིང་། དེ་བཞིན་སུད་ཚོང་ལ་སྐྱོད་མཁན་གྱི་བོད་མི་རྣམས་ཀྱིས་རང་གི་ཕྲུ་གུ་རྣམས་སུད་ཚོང་གི་དུས་ཡུན་རིང་རང་ཁྱིམ་དུ་བདག་སྐྱོང་བྱེད་ཐབས་དཀའ་བར་བརྟེན། སློབ་གྲྭའི་ངོས་ནས་བདག་སྐྱོང་གནང་བའི་རེ་སྐུལ་ཞུས་པ་བཞིན། སློབ་གྲྭའི་ངོས་ནས་ཞལ་བཞེས་གནང་བ་དང་འབྲེལ། སློབ་གྲྭར་བསྐྱར་ཞུགས་བྱེད་མཁན་གྱི་སློབ་མ་རྣམས་ཀྱིས་གཉན་རིམས་ཡོད་མེད་བརྟག་འབྲས་མཉམ་འཁྱེར་དགོས་པ་དང་། སློབ་གྲྭར་བདུན་ཕྲག་གཉིས་རིང་ཟུར་བཀག་བྱ་དགོས་པའི་ལམ་སྟོན་བྱས་པ་ལྟར། ཟུར་བཀག་ལ་ཡོད་པའི་སློབ་མ་ ༢ ལ་གཉན་རིམས་འགོས་པ་ཤེས་རྟོགས་བྱུང་བ་དང་། དེའི་རྗེས་བསྐྱར་དུ་ལས་བྱེད་ཀྱི་བུ་ཕྲུག་གཉིས་ལའང་ནད་ཡམས་འགོས་པ་བཅས་ཁྱོན་བསྡོམས་མི་གྲངས་ ༦ ལ་གཉན་རིམས་ཕོག་ཡོད་འདུག

དབུས་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལྟའི་ཆར་དྷ་ས་ཁུལ་དུ་བོད་མི་ཏོག་དབྱིབས་ནད་པ་ཁྱོན་བསྡོམས་ ༡༤༩ ཡོད་ཅིང་། དེའི་ཁྲོད་ནས་རེ་ཟུང་ལ་མིད་པ་ཚ་བ་ལ་སོགས་པའི་ནད་རྟགས་ཐོན་པ་ལས་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱེད་དགོས་པའི་གནས་སྟངས་བྱུང་མེད་པ་དང་། ད་ལྟ་སྣེ་ལེན་ཁང་ནང་ཁྱོན་བསྡོམས་ནད་པ་ ༤༩ ཟུར་བཀག་འོག་ཡོད་མུས་ཡིན་སྐོར་དང་། བོད་མིའི་འདུས་སྡོད་ས་ཁུལ་སྦེལ་ཀོབ་ལྟ་བུར་མཚོན་ན། ད་ལྟའི་ཆར་ཏོག་དབྱིབས་ནད་པ་གསར་པ་ ༨༡ ལྷག་ཐོན་ཡོད་པ་དང་། མོན་གྷོ་ལའང་ནད་པ་འགའ་ཤས་ཐོན་ཡོད་པ། ཧུན་སུར་རབ་རྒྱས་གླིང་ལྟ་བུར་མཚོན་ན་འདས་པའི་ཟླ་ ༢ ལྷག་གི་རིང་ནད་པ་གསར་པ་མང་པོ་ཐོན་ཡོད་ནའང་། ད་ལྟའི་ཆར་ཚང་མ་དྲག་སྐྱེད་སོང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། དེ་བཞིན་དྷ་ས་ཁུལ་དུ་རེས་གཟའ་མིག་དམར་དང་པ་སངས་ནམ་ཡིན་ལ་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཉན་རིམས་བརྟག་དཔྱད་བྱེད་ཀྱི་ཡོད་པར་བརྟེན། མང་ཚོགས་ངོས་ནས་ཉིན་གཉིས་ཙམ་གོང་ནས་ཐོ་འགོད་བྱས་ཏེ་བརྟག་དཔྱད་བྱ་རྒྱུ་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese