མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་འགལ་གྱིས་ཨ་རིར་དབོར་འདྲེན་བྱས་པའི་བོད་ཀྱི་རིག་དངོས་རྩ་ཆེན་འགའ་ཕྱིར་སྤྲད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་འགལ་ཐོག་ཨ་རིའི་ནང་དབོར་འདྲེན་བྱས་པའི་གསེར་ཟངས་ལས་གྲུབ་པའི་བོད་ཀྱི་སྐུ་འདྲ་དང་མཆོད་རྟེན་སོགས་ཀྱིས་མཚོན་པའི་རིག་དངོས་རྩ་ཆེན་ ༡༢ ཞིག་རྒྱ་ནག་གི་རྒྱལ་ཁབ་རིག་དངོས་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་ལྟར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱ་རྒྱུ་ཡིན་འདུག

The relics retrieved from the US Photo: Courtesy of China’s National Cultural Heritage Administration

རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་ལྟར་ན། ད་ལན་ཕྱིར་སློག་བྱས་པའི་བོད་ཀྱི་རིག་དངོས་རྩ་ཆེན་ ༦ དང་། རིག་དངོས་དཀྱུས་མ་ ༢། སྒྱུ་རྩལ་ཐོན་རྫས་ ༤ བཅས་ཁྱོན་བསྡོམས་རིག་དངོས་ ༡༢ དེ་དག་དུས་རབས་ ༡༤ ནས་ ༢༠ བར་གྱི་ཡིན་ཞིང་། གསེར་དང་ཟངས་ལས་གྲུབ་པའི་རྩ་ཆེའི་སྐུ་འདྲ་ ༥ དང་། ཆུ་ཤེལ་ལས་གྲུབ་ཅིང་གསེར་རྩི་བྱུག་པའི་གཡུ་བྱུར་སོགས་རིན་པོ་ཆེའི་ཕྲ་བཏབ་པའི་མཆོད་རྟེན་ ༡ བཅས་ནི་གནས་སྐབས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་སུ་གཏན་འབེབ་ངོས་འཛིན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་རྒྱལ་ཡོངས་རིག་དངོས་ལས་ཁུངས་ཀྱིས། ཨ་རིའི་མན་ཧ་ཊན་(Manhattan)རྫོང་ཉེན་རྟོག་ལས་ཁུངས་ཀྱི་ལག་ཏུ་བོད་ཀྱི་དངོས་རིག་དང་སྒྱུ་རྩལ་ཐོན་རྫས་སྐོར་ཞིག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ཞིབ་འཇུག་བྱས་པ་ལྟར་ན། རིག་དངོས་དེ་དག་ཁྲིམས་འགལ་གྱི་ཐོག་ནས་ཨ་རིར་དབོར་འདྲེན་བྱས་ཡོད་པ་ཤེས་འཕྲལ། ཨ་རིའི་འབྲེལ་ཡོད་ལས་ཁུངས་ལ་རིག་དངོས་དེ་དག་ཕྱིར་སློག་བྱ་དགོས་པའི་རེ་སྐུལ་ཞུས་པ་བརྒྱུད། ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བོད་ཀྱི་རིག་དངོས་དེ་དག་སྐྱོན་ཆག་གང་ཡང་མེད་པར་པེ་ཅིན་དུ་འབྱོར་ཡོད་སྐོར་བསྒྲགས་འདུག

The relic handover ceremony at the National Cultural Heritage Administration to the Tibet Autonomous Region Photo: Courtesy of China’s National Cultural Heritage Administration

ཨ་རིའི་གཞུང་གིས་རིག་དངོས་དེ་དག་རྒྱ་ནག་གཞུང་གི་རེ་སྐུལ་བཞིན་ཕྱིར་སློག་གནང་དོན་ནི། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕྱི་ལོ་ ༡༩༧༠ ལོར་གཏན་འབེབ་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འགལ་ཐོག་ནས་རིག་དངོས་ཀྱི་བདག་དབང་བརྗེ་བསྒྱུར་དང་རྒྱལ་ཁབ་ཕྱི་ནང་ལ་དབོར་འདྲེན་བཀག་སྡོམ་ (UNESCO Convention on the Means of Prohibiting and Preventing the Illicit Import, Export and Transfer of Ownership of Cultural Property) གྱི་ཁྲིམས་སྒྲིག་ལ་མོས་མཐུན་མཚན་རྟགས་བསྐྱོན་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་དང་། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དེའི་འོག་ནས་རྒྱ་ནག་ལ་ཕྱི་ལོ་ ༢༠༡༡ དང་ ༢༠༡༥། ༢༠༡༩ བཅས་སོ་སོར་རིག་དངོས་མང་དག་ཅིག་ཕྱིར་སློག་གནང་ཡོད་འདུག་ལ། ད་ལན་གྱི་རིག་དངོས་དེ་དག་ལྷ་སའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་རིང་མིན་འཚོག་གཏན་འཁེལ་བའི་བཤམ་སྟོན་བྱ་འགུལ་ཐོག་བཤམ་སྟོན་བྱ་རྒྱུ་ཡིན་འདུག

དུས་རབས་ ༡༩ དང་ ༢༠ ནང་དུ་འཛམ་གླིང་གི་ཡང་རྩེ་ན་དབེན་པར་གནས་པའི་ཕྱི་ནང་གི་སྣོད་བཅུད་ཕུན་སུམ་ཚོགས་པའི་བོད་ཀྱི་རྒྱལ་ཁམས་སུ་ཕྱི་གླིང་གི་ཆོས་ལུགས་ཁྱབ་སྤེལ་བ་དང་མི་རྒྱུད་རིག་པ་བ། གནའ་རྫས་དཔྱད་ཞིབ་པ། ཆབ་སྲིད་བཙན་འཛུལ་བ་སོགས་མང་དག་ཅིག་སྔ་རྗེས་སུ་བསླེབས་ཏེ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་སོགས་བརྒྱུད་དེ་བོད་ཀྱི་གནའ་རྫས་གྲངས་ཀྱིས་མི་ལོངས་པ་ཞིག་གང་འདོད་ཀྱིས་ཕྱི་ཡུལ་དུ་དབོར་འདྲེན་བྱས་ཡོད་པ་ཧ་ཅང་གསལ་པོ་རེད། དཔེར་ན། ཉེ་སྔོན་པར་བསྐྲུན་འགྲེམས་སྤེལ་བྱས་པའི་ཨ་རི་བ་བླ་མ་དཀར་པོ་ལྟ་བུ་ནི་དཔེ་མཚོན་ཡང་དག་ཅིག་ཡིན་ལ། རང་ཉིད་ལ་བླ་མ་དཀར་པོ་ཞེས་བཏགས་པའི་ཨ་རི་བ་དེས་རྒྱལ་ཚབ་རྭ་སྒྲེང་ཆེན་པོ་མཆོག་གི་དབུས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་སོགས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གནད་ཡོད་མང་པོར་མཇལ་འཕྲད་ཞུས་ཏེ། བོད་བརྒྱུད་ནང་བསྟན་ཨ་རིར་དར་སྤེལ་གཏོང་ཐབས་དང་། བོད་དང་ཨ་རིའི་བར་ཆབ་སྲིད་འབྲེལ་ལམ་འཛུགས་ཐབས་སོགས་ཀྱི་ཐུགས་རེའི་འོག  བོད་ཀྱི་ཆོས་དཔེ་རྩ་ཆེན་དང་རིག་དངོས་འགངས་ཆེན་སོགས་ཁལ་ལྔ་བཅུ་ལྷག་ཅིག་དུས་གཅིག་ལ་ཕྱིར་འདྲེན་བྱས་པའི་ལོ་རྒྱུས་དཔེ་དེབ་དེའི་ནང་གསལ་ཡོད་པ་རེད། དེ་དང་དེ་ལྟ་བུའི་ཕྱི་གླིང་བ་ཁག་ཅིག་གིས་བོད་ཀྱི་རིག་དངོས་རྩ་ཆེན་འབོར་ཆེན་ཞིག་ཕྱིར་འདྲེན་བྱས་ཡོད་པ་རིམ་གྱིས་ལོ་རྒྱུས་དེབ་ཐེར་ཁག་ནས་ཐོན་ཡོང་གི་ཡོད་པ་མ་ཟད། རྩ་ཆེ་བའི་བོད་ཀྱི་རིག་དངོས་མང་དག་ཅིག་ཕྱི་ཡུལ་གྱི་གད་སྙིགས་ནང་དུ་འདྲིས་སོང་ཡོད་པའང་གོར་མ་ཆག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 1

  1. འོད་ཟེར says:
    ལོ་ 5 སྔོན།

    ཡག་པོ་བྱུང་པ་རེད་དེ་དག་འཛམ་གླིང་ཡོད་རེད། རྒྱ་ལག་ཏུ་ཤོར་ཡོད་ག་རེ་བྱས་ཡོད་མེད་ཤེས་གསལ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese