མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་ནས་ལོ་ ༥༩ འཁོར་བར་རྗེས་དྲན་ཞུ་བཞིན་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེས་རྒྱ་དཀར་ནག་གཉིས་བར་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུག་བྱུང་ནས་ལོ་ངོ་ ༥༩ འཁོར་བར་རྗེས་དྲན་ཞུས་ཏེ་ད་ལྟའི་རྒྱ་གར་ནི་དེ་སྔོན་གྱི་རྒྱ་གར་མིན་པས་ས་མཚམས་ཁག་ལ་བཙན་འཛུལ་བྱེད་པར་མཚམས་འཇོག་དགོས་ཞེས་རྒྱ་ནག་གཞུང་ལ་ཉེན་བརྡ་དང་བོད་ལ་རང་དབང་སྤྲོད་དགོས་ཞེས་བརྗོད་གནང་སོང་།

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༤༥ ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྣེ་འཁྲིད་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་ཅཱ་ནཀ་ཡ་པ་རིའི་(Chanakyapuri)ཊ་རི་མུར་ཏི་(Trimurti)ནས་རྒྱ་ནག་གི་དོན་གཅོད་ཁང་ཉེ་འགྲམ་བར་དུ་གོམ་འགྲོས་གནང་སྟེ། རྒྱ་ནག་གིས་རྒྱ་གར་ལ་ཕྱི་ལོ་ ༡༩༦༢ ལོར་བཙན་འཛུལ་བྱེད་ཐབས་བྱས་ཏེ་ལོ་ངོ་ ༥༩ སོང་བར་ལོ་ནག་དེ་དང་སྐབས་དེའི་དམག་འཁྲུག་ཁྲོད་ཀྱི་རྒྱ་གར་དམག་མི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུས་ཏེ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་། གོམ་འགྲོས་ངོ་རྒོལ་སྐད་འབོད་ལས་འགུལ་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་དང་། བོད་ཀྱི་གྲོས་ཚོགས་ཚོགས་གཞོན་ཟུར་པ་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ལྡི་ལིར་རྟེན་གཞིར་བྱེད་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་། བོད་སྒར་བསམ་ཡས་གླིང་གི་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགསརྣམ་གཉིས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་དང་ཚོགས་མི། ལྡི་ལི་ཁུལ་གྱི་བོད་མི་མི་ཉུང་བ་བཅས་ནས་མཉམ་ཞུགས་གནང་སོང་།

ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་པཱང་ཀཤ་གོ་ཡཱལ་(Punkaj Goyal)ལགས་ཀྱིས། རྒྱ་ནག་གཞུང་ནས་དེ་རིང་གི་རྒྱ་གར་ནི་ཕྱི་ལོ་ ༡༩༦༢ ལོའི་རྒྱ་གར་མིན་པ་ཤེས་དགོས། རྒྱ་ནག་གིས་གཱལ་ཝན་(Galwan)དང་འབྲོག་ལམ་ལ་ཧམ་འཛུལ་བྱས་སྐབས་རྒྱ་གར་དམག་མིས་ཡ་ལན་ནན་པོ་བསློགས་ཏེ་དམག་མི་མང་པོ་བསད་ཡོད། ད་བར་རྒྱ་ནག་གིས་སྐབས་དེའི་དམག་འཐབ་ཁྲོད་སོ་སོའི་དམག་མི་ག་ཚོད་འདས་གྲོངས་སུ་ཕྱིན་ཡོད་པ་ཕྱིར་བསྒྲགས་བྱེད་པར་ངོ་ཚ་གི་ཡོད།  དེར་བརྟེན་ངས་རྒྱ་ནག་ལ་ཉེན་བརྡའི་ཚུལ་དུ་རྒྱ་ནག་གིས་རྒྱ་གར་ས་མཚམས་ཁག་ལ་ཧམ་འཛུལ་བྱེད་མཚམས་བཞག་ནས་རང་གི་མཐའ་མཚམས་ཁག་ལ་ལོག་འགྲོ་ན་ཡག་གི་རེད་ཞུ་འདོད་བྱུང་ལ། དེ་སྔོན་རྒྱ་གར་ཁོ་ནས་རྒྱ་ནག་གི་ངོ་གདོང་མཐོང་ཡོད། ད་ཆ་རྒྱ་ནག་གིས་ཏོག་དབྱིབས་ན་ཚ་བཟོས་ཏེ་འཛམ་གླིང་ཆགས་འཇིག་གི་མཚམས་སུ་བསྐྱལ་བས། འཇིགས་སྐུལ་རིང་ལུགས་པ་རྒྱ་ནག་གི་ངོ་གདོང་འཛམ་གླིང་གིས་མཐོང་ཡོད། ང་ཚོས་ཕྱི་ལོ་ ༡༩༦༢ ལོར་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཆེད་སྲོག་བློས་གཏོང་མཁན་རྒྱ་གར་གྱི་དམག་མི་དཔའ་བོ་དཔའ་མོ་ཚོའི་བཀའ་དྲིན་བརྗེད་མེད་ལ། རྒྱ་ནག་གིས་འཛམ་གླིང་གི་མཐོ་སྒང་དུ་གྲགས་པའི་བོད་ལ་བཙན་འཛུལ་བྱེད་མཚམས་བཞག་ཏེ་བོད་ལ་རང་དབང་སྤྲད་དགོས་ལུགས་སོགས་བརྗོད་གནང་སོང་།

ལས་འགུལ་དེ་དང་འབྲེལ་ནས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འཐུས་མི་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས། དེ་རིང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྣེ་འཁྲིད་འོག་ལས་འགུལ་སྤེལ་བ་དེ་བོད་དང་བོད་མིའི་རྩ་དོན་དང་འཐབ་རྩོད་ལ་འབྲེལ་བ་ཆགས་བསྡད་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཁབ་འདིའི་བདེ་འཇགས་ལའང་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཕྱི་ཚེས་ ༢༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་དམག་མི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་ལྡི་ལི་ནང་ཁོ་ན་མ་ཡིན་པར། ཚོགས་པ་དེའི་ཡན་ལག་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་མ་ཧཱ་རཤ་ཊ་ར་(Maharastra)དང་། ཨུ་ཏར་པ་ར་དེཤ།(Uttar Pradesh) དེ་བཞིན་ཧ་རི་ཡ་ན་(Haryana)སོགས་ཀྱི་ནང་དུའང་ལས་འགུལ་གཅིག་མཚུངས་སྤེལ་གནང་ཡོད་འདུག

ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༩༩ ལོར་ཐོག་མར་དབུ་བརྙེས་པ་དང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་རྫོང་ཁག་མ་འདྲ་ ༣༢ ནང་གི་གྲོང་གསེབ་མི་འདྲ་བ་ ༢༠༠ ལྷག་གི་ཚོགས་མི་ ༢༠༠༠༠ བརྒལ་བ་ཡོད་འདུག་ལ། ཚོགས་པ་དེས་རྒྱ་གར་གྱི་བདེ་འཇགས་དང་བོད་ཀྱི་རྩ་དོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན།

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese