མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རིང་བྱམས་པ་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་ལག་བསྟར་འགན་འཛིན་ཟུར་བ་བོད་རིགས་བུད་མེད་ཚེ་རིང་བྱམས་པ་ལགས་སུ་ཡུལ་དེའི་རིམ་པ་ལྔ་པའི་ཆེ་བསྟོད་གཟེངས་རྟགས་ Ridder in de Orde van Oranje-Nassau ཞེས་པ་ཐོབ།

དེ་རིང་ནེ་ཌར་ལན་ཌིའི་རྒྱལ་ས་ཨམ་སི་ཊ་ཌེམ་དུ། ཧོ་ལན་ཌི་གཞུང་གིས་སྤྱི་ཚོགས་ནང་ཕྱག་ལས་རླབས་ཆེན་བསྒྲུབས་པའི་ངོས་འཛིན་འོག འདས་པའི་ལོ་ངོ་ ༤༠ མ་ཟིན་ཙམ་གྱི་རིང་དགེ་རྒན་དང་ཚོགས་པ་སྒྲིག་འཛུགས་ཁག་གི་མགོ་འཁྲིད་ཀྱི་ལས་འགན། ལྷག་པར་དུ་འདས་པའི་ལོ་ངོ་ ༢༢ ཀྱི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་ལག་བསྟར་འགན་འཛིན་གནང་མཁན་བོད་རིགས་བུད་མེད་ཚེ་རིང་བྱམས་པ་ལགས་སུ། ཡུལ་དེའི་རིམ་པ་ལྔ་པའི་ཆེ་བསྟོད་གཟེངས་རྟགས་ Ridder in de Orde van Oranje-Nassau ཞེས་པ་ཕུལ་སོང་ལ། གཟེངས་རྟགས་དེ་ཉིད་བོད་མི་ཞིག་ལ་ཐོབ་པ་ཐོག་མ་ཆགས་ཀྱི་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ངོས་ནས་ཚེ་རིང་བྱམས་པ་ལགས་སུ་ལས་ཁྱུར་ཕེབས་སྐྱེལ་མཛད་སྒོ་འཚོགས་པའི་སྟེང་། ཚེ་རིང་བྱམས་པ་ལགས་གནས་སྡོད་བྱ་སའི་གྲོང་ཁྱེར་ཨུ་ཏེ་རེ་ཅི་ (Utrecht) ཡི་སྤྱི་ཁྱབ་པ་ལྕམ་སྐུ་ཤ་རོན་དྷ་ཤི་མ་ (Sharon Dijksma) ལགས་དངོས་སུ་ཕེབས་ཏེ། ཚེ་རིང་བྱམས་པ་ལགས་ལ་སྙན་གྲགས་དང་ཆེ་མཐོང་ལྡན་པའི་སྐྱ་དམག་ (knight) གི་ཆེ་མཐོང་གཟེངས་རྟགས་དེ་ཉིད་ཕུལ་སོང་།

མཛད་སྒོའི་ཐོག་ཚེ་རིང་བྱམས་པ་ལགས་ཀྱིས།  དེ་རིང་ངས་འདས་པའི་ལོ་ངོ་ ༦༠ རིང་ཁྱེད་རྣམས་ཀྱིས་བོད་དང་བོད་མི་རྣམས་ངོས་འཛིན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དུས་ཚོད་རེད། ང་ཚོ་བོད་མི་རྒན་གཞོན་མེད་པར་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་རང་དབང་ཆེད་དུ་སྐད་འབོད་སོགས་གང་བྱེད་ཐུབ་ནའང་བྱ་དགོས་ལ། ངོས་རང་གིས་བོད་མི་རྣམས་ནི་བོད་དོན་འཐབ་རྩོད་ཆེད་མདུན་མཆོང་བྱེད་མཁན་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཡར་སྐུལ་བྱེད་མཁན་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་བར་དེ་ལྟར་གནང་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་། ད་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་དོན་དམ་པའི་རྒྱབ་སྐྱོར་གནང་མཁན་ནི་ནེ་ཌར་ལན་ཌིའི་མི་མང་རྣམ་པ་ཡིན་པ་དང་། ཁྱེད་རྣམ་པས་ད་བར་ང་ཚོའི་སྟེང་ནམ་ཡང་སྙིང་སྟོབས་མ་ཞུམ་པར་གནས་ཡོད་ལ། ཁྱེད་ཚོ་ནི་ང་ཚོའི་ཚོགས་པ་འདིའི་རྒྱབ་རུས་ལྟ་བུ་ཞིག་ཆགས་ཡོད། ཅེས་དང་། གནས་སྟངས་ཇི་འདྲ་ཞིག་ལ་གྱར་མིན་ལ་མ་ལྟོས་པར། ངོས་ཀྱིས་བོད་ནང་འགྱུར་བ་ཞིག་འགྲོ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ལས་འགུལ་དང་ཚོགས་འདུ་ཇི་ཙམ་བསྡུས་ནའང་བོད་ནང་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་རེད། ང་ཚོ་ཎི་ཐར་ལན་ཌིའི་ནང་ནད་ཡམས་ཀྱི་རྐྱེན་པས་སྒོ་རྒྱ་བསྡམས་ཉིན་ཤས་སྡོད་ཚུགས་ཀྱི་མེད་ནའང་། བོད་ནང་གི་བོད་མི་ཚོ་རང་གི་རྒྱལ་ཁབ་ནང་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་འོག་ཉིན་མཚན་མེད་པར་སྒོ་རྒྱ་བསྡམས་ནས་གནས་ཡོད། དེར་བརྟེན་ད་ལྟ་ཇི་འདྲ་བྱས་ནའང་མཐའ་དོན་དེ་བོད་ནང་འགྱུར་བ་ཞིག་ངེས་པར་དུ་འགྲོ་དགོས་པ་རེད། ཅེས་དང་། དེ་རིང་འདི་ངས་གྱེས་ཁ་ཞུ་ཡི་མེད་ལ། མ་འོངས་པར་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མུ་མཐུད་དཀའ་ལས་བརྒྱབ་ངེས་ཡིན་སྐོར་དང་། བོད་དོན་རྒྱབ་སྐྱོར་བ་རྣམ་པས་བོད་དང་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་སོང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ངོས་ནས་ཚེ་རིང་བྱམས་པ་ལགས་ལས་འཁྱུར་ཞུས་པའི་ཚབ་ཏུ། བོད་མི་མང་སྤྱི་འཐུས་ཟུར་པ་བཀྲས་མཐོང་དབང་པོ་ལགས་ཚན་པ་དེའི་ལག་བསྟར་འགན་འཛིན་གསར་པར་བསྐོ་གཞག་གནང་ཟིན་ཡོད་པ་དང་། བཀྲས་མཐོང་དབང་པོ་ལགས་ཀྱིས་ད་ལན་གྱི་ནེ་ཌར་ལན་ཌིའི་སྤྱི་ཁྱབ་མས་བྱམས་པ་ཚེ་རིང་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེར། བྱམས་པ་ཚེ་རིང་ལགས་ཀྱིས་བོད་མི་མང་ལ་ལོ་མང་རིང་ཞབས་འདེགས་ཞུས་པ་དང་། དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་སྐབས་འཚེ་མེད་ཞི་བའི་ཐབས་ལམ་བསྟེན་པ་ལ་ཁོང་ཚོས་བསམ་ཡུལ་ལས་འདས་པའི་གཞུང་ཕྱོགས་ཀྱི་ངོས་འཛིན་འདི་བྱས་པ་ལ་ང་ཚོ་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཅེས་དང་། ཚེ་རིང་བྱམས་པ་ལགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྤྲོ་སེམས་དང་བློས་གཏོང་ཆེ་བའི་སྙིང་སྟོབས་ནི། རྩ་བའི་འཇིག་རྟེན་རིན་ཐང་ལྟ་ཚུལ་འདི་དག་ལ་སྲུང་སྐྱོབ་བྱེད་མཁན་གྱི་བུད་མེད་དང་སྐྱེས་པ་ཚང་མའི་བློ་སྒོ་འབྱེད་པའི་མིག་དཔེ་ཞིག་ཆགས་ཡོད། ཅེས་བརྗོད་འདུག

ཚེ་རིང་བྱམས་པ་ལགས་ནི་ཕྱི་ལོ་ ༡༩༥༥ ལོར་བོད་ཀྱི་རྫོང་དཀར་ཁུལ་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༤ ལོར་ཧོ་ལན་ཌིའི་ནང་གནས་སྤོས་ཀྱིས་ཨམ་སི་ཊ་ཌེམ་གྱི་ཤར་ཕྱོགས་གཙུག་ཞིབ་འཇུག་ལྟེ་གནས་ཁང་དུ་བོད་སྐད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་། ཁོང་མོ་ཕྱི་ལོ་ ༡༩༨༦ ལོར་ཧོ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་ལ། ལོ་ ༨ རིང་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས། དེའི་རྗེས་ཕྱི་ལོ་ ༡༩༨༩ ལོར་ཁོང་མོ་དང་འབྲེལ་ཡོད་སྐོར་ཞིག་གིས་མཉམ་འབྲེལ་ཐོག་ནས་ཧོ་ལན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་ཚོགས་པའི་ཚོགས་གཙོའི་འགན་བཞེས། དེ་བཞིན་ཁོང་མོ་ཕྱི་ལོ་ ༡༩༩༡ ལོར་རྒྱལ་ཁབ་མེད་པའི་འཐུས་ཚབ་དང་མི་མང་ཚོགས་པ་(Unrepresented Nations and Peoples Organization) ཞེས་པ་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་ཅིང་། ལོ་ ༦ རིང་ཚོགས་པ་དེའི་དྲུང་ཆེ་གཞོན་པའི་ལས་འཁུར་ཞུས་ཡོད་པ་རེད། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་ད་བར་ལོ་ངོ་ ༢༢ རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལག་བསྟར་འགན་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད་འདུག
སྤྱིར་ནེ་ཌར་ལན་ཌིའམ་ཡང་ན་མིང་གཞན་དུ་ཧོ་ལན་ཌི་རུ་འབོད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་འདི་ཉིད་ཀྱིས་རིམ་པ་དྲུག་ཅན་གྱི་ Orange-Nassau ཞེས་པའི་ཆེ་བསྟོད་གཟེངས་རྟགས་དེ་ནི་ཐོག་མར་ཧོ་ལན་ཌིའི་བཙུན་མོ་ཨེ་མའི་དུས་སྐབས་སྟེ་ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༤ ཉིན་དབུ་བརྙེས་པ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་བདེ་རྩ་ལ་ཕན་པའི་བྱ་བ་སྒྲུབ་མཁན་གྱི་གང་ཟག་ཅིག་གམ། ཡང་ན་སྐྱེ་བོ་གཞན་ལ་ཕན་བདེའི་བྱ་བ་སྒྲུབ་རྒྱུར་སྐུལ་སློང་བྱས་པ་དང་། དེ་བཞིན་སྤྱི་ཚོགས་ལ་དམིགས་བསལ་རིན་ཐང་ལྡན་པའི་བྱ་འགུལ་སྤེལ་བའི་ངོས་འཛིན་འོག་གནང་གི་ཡོད་ཅིང་། སྐབས་རེར་གཟེངས་རྟགས་ཧོ་ལན་ཌིའི་ནང་བཅའ་སྡོད་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཀྱིས་མཚོན་པའི་ཕྱིའི་མགོ་འཁྲིད་རྣམས་ལའང་གནང་སྲོལ་ཡོད་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese