མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ནང་པཎ་ཆེན་སྐུ་ཕྲེང་གཅིག་ཀྱང་གསེར་བུམ་དཀྲུགས་ཏེ་རྒྱ་ནག་གིས་ངོས་འཛིན་བྱས་མེད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ཀའེ་མོ་ལར་ལགས་ཀྱིས་རྒྱ་ནག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་འཁོར་དང་བཅས་པ་བཙན་འཁྲིད་བྱས་པ་ནི་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་དང་འགལ་གྱི་ཡོད་པས། རྒྱ་ནག་གི་མགོ་ཁྲིད་ཚོ་རྒྱལ་སྤྱིའི་ཁྲིམས་ཀྱི་ཉེས་ཅན་པ་ཡིན་སྐོར་གསུངས་སོང་།

Fourth Geneva Forum 2021 Panlist. Photo: Tibet.net

ཁ་སང་སུད་སིར་ཇི་ནེ་ཝ་བོད་དོན་གླེང་སྟེགས་སྐབས་བཞི་བའི་ཉིན་རྒྱབ་ཀྱི་ཚོགས་ཐུན་སྟེང་། བོར་བརླག་ཏུ་ཕྱིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ཅེས་པའི་བརྗོད་གཞིའི་སྟེང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱི་གཙོ་སྐྱོང་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་བསྟན་འཛིན་ཐུབ་བསྟན་རབ་རྒྱས་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མར་ཚན་པའི་འགན་འཛིན་(Kai Mueller) ལགས་བཅས་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༦ སྟེང་ནས་ནང་མི་དང་ལྷན་དུ་གར་སོང་ཆ་མེད་དུ་གྱུར་བའི་ཡ་ང་བའི་བརྒྱུད་རིམ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེའི་སྨད་ཀྱི་དཀའ་སྡུག་གི་མཛད་པ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་ཡོད།

DIIR Secretary, CTA. Photo:TibetTV

སྐབས་དེར་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིབས་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཉིན་གསུམ་ལས་མ་འགོར་བར། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་ནང་མི་འཁོར་བཅས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཏེ། ད་ལྟའང་ཁོང་དང་ཁོང་གི་ནང་མིའི་གནས་སྟངས་ལ་གསལ་ཁ་མེད་པའི་གནས་བབ་འགྲེལ་བརྗོད་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་རྒྱལ་ཁབ་ ༤༠ ལྷག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ ༡༩༢ ལྷག་ལ་འབྲེལ་བ་ཞུས་ཏེ། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད་རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད།

དེ་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ ༡༨ དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༨ ཀྱི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི་ ༡༤༠ ལྷག་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་། འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་སོགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ། རྒྱལ་སྤྱིའི་གཞུང་སོ་སོས་རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲད་དེ་པཎ་ཆེན་རིན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་ནང་མི་ཡོངས་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད། ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ས་ཁུལ་ལྔ་ཡི་འཛམ་གླིང་གི་ཚོགས་སྡེ་ཁག་ ༡༥༩ ལྷག་གིས་རྒྱལ་ཚོགས་ནང་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་ཡོངས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་ནན་སྐུལ་ཞུས་ཡོད། ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དྲིལ་བསྒྲགས་ཀྱི་མཚོན་པའི་དཔེ་དེབ་ཅིག་དཔར་སྐྲུན་གནང་ཡོད་པའི་ནང་། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གིས་ལོ་ངོ་ཉེར་དྲུག་གི་ཡར་སྔོན་དུ་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་བཙན་འཁྲིད་བྱས་པར་འགན་འཁུར་དང་མནོ་བསམ་གཏོང་དགོས་པའི་དྲན་སྐུལ་ཞུས་ཡོད་སྐོར་གསུངས་སོང་།

Kai Mueller, ICT Germany Executive Director.

དེ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་གྱི་འགན་འཛིན་ཁཱེ་མོ་ལར་ལགས་ཀྱིས། ཕྱི་ལོ་ ༡༩༩༢ ལོར་གཏན་འབེབས་བྱས་པའི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་རྒྱལ་ཚོགས་ཀྱི་གྲོས་ཆོད་ཅིག་ལུང་འདྲེན་གནང་བ་དང་འབྲེལ། བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཚོ་བཞུགས་དང་ག་བར་ཡོད་མེད་ཀྱི་གནས་ཚུལ་མ་ཤེས་པར་དུ། རྒྱལ་ཚོགས་ཀྱི་གྲོད་ཆོད་གཞིར་བཞག་ལྟར་རྒྱ་ནག་གིས་མུ་མཐུད་ཁྲིམས་འགལ་གྱི་ཉེས་ནག་བསགས་ཡོད་སྐོར་དང་། ཕྱི་ལོ་ ༡༩༩༥ ལོར་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་ཡོངས་བཙན་འཁྲིད་བྱེད་མཁན་དང་དེ་འབྲེལ་གྱི་ལས་བྱེད། དེ་བཞིན། མུ་མཐུད་ཁོང་དང་ཁོང་གི་ནང་མི་ཡོངས་གར་ཡོད་ཆ་མེད་ཀྱི་གནས་སྟངས་འོག་འཇོག་མཁན་དང་ད་ལྟའི་རྒྱ་ནག་གི་དམར་ཤོག་མགོ་ཁྲིད་ཚོར་ནག་ཉེས་ཡོད་སྐོར། འདས་པའི་ལོ་ངོ་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་དང་རང་དབང་ལྡན་པའི་ལས་ཁུངས་ཁག་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་གླེང་སློང་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༦ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཚོགས་པ། གྲང་ཉུང་དང་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་སོགས་ནས་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གླེང་སློང་བྱས་ཡོད་སྐོར་སོགས་གསུངས་སོང་།

Ven.Tenzin Thupten Rabyal, South India. Photo: TibetTVFacebook

བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་བསྟན་འཛིན་ཐུབ་བསྟན་རབ་རྒྱས་ལགས་ཀྱིས། སྐུ་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལོ་རྒྱུས་ནང་། སངས་རྒྱས་འོད་དཔག་མེད་ཀྱི་རྣམ་སྤྲུལ་དུ་ཡིད་ཆེས་ཞུས་ཤིང་། འདས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནང་སྐུ་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་འགྲོ་བའི་དོན་དུ་རྣམ་དཀར་ཆོས་ཕྱོགས་དང་འབྲེལ་བའི་རླབས་ཆེན་གྱི་མཛད་པ་བསྐྱངས་གནང་བས། བོད་དང་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་དམངས་རྣམས་དང་། དེ་བཞིན་སོག་པོ་དང་། ཉི་འོང་། རྒྱ་རིགས་སོགས་ཨེ་ཤ་ཡའི་གླིང་ཕྲན་དང་འཛམ་གླིང་ཁྱོན་ཡོངས་ནས་དད་ལྡན་ས་ཡ་མང་པོས་སེམས་གཏིང་ནས་དད་གུས་བླ་ན་མེད་པ་ཞུ་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ནང་ཚད་ལས་བརྒལ་དབང་བསྒྱུར་བྱས་སྟབས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེའི་རྗེས་སྐུ་གཟིགས་པཎ་ཆེན་རིན་པོ་ཆེས་བསྟན་འགྲོའི་ཐུགས་འགན་བདག་གིར་བཞེས་ཏེ། བོད་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བཞིན་ཡོད་པར་རྩ་བ་ནས་མ་བཟོད་པར། རྒྱ་ནག་གཞུང་ལ་བོད་འབངས་སྐྱོབ་ཐབས་ཀྱི་སྙན་ཞུ་ཡིག་འབྲུ་ཁྲི་བདུན་བཅས་འཛེམ་གཟོན་མེད་པར་ཕུལ། དེར་བརྟེན། རིམ་བཞིན་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ཏེ། འཐབ་འཛིང་མནར་གཅོད་བཏང་བ་དང་། མི་ལོ་བཅུ་གྲངས་ལྷག་བཙོན་ཁང་དུ་བཅུག་ནས་མནར་གཅོད་ཚད་མེད་བཏང་ཡོད། ཕྱི་ལོ ༡༩༧༧ ལོར་སྐུ་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བཙོན་གྲོལ་ཐོབ་པ་དང་། ལོ་རབས་བརྒྱད་ཅུ་ནང་བོད་ས་སྟོད་སྨད་བར་གསུམ་དུ་ཐེངས་མང་ཕེབས་ནས། བོད་མི་དམངས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་གནང་སྟེ། བོད་ཀྱི་སྐད་ཡིག་དང་ཁོར་ཡུག ཆོས་ལུགས་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐབས་སུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་དང་།  བོད་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། མི་རིགས་རང་སྐྱོང་གི་ཐོབ་ཐང་བརྩད་གནང་བས། རྒྱ་ནག་གཞུང་གིས་ཁོང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད།  ཅེས་གསུངས་སོང་།

ཡང་ཁོང་གིས།  ཕྱི་ལོ་༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལས་མ་སོན་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཁོང་གི་སྐུ་འཁོར། ཡང་སྲིད་ངོས་འཛིན་གནང་མཁན་བྱ་བྲལ་རིན་པོ་ཆེ་སོགས་བཙན་འཁྲིད་བྱས་ཏེ། ད་བར་མི་ལོ་ ༢༦ ལྷག་འགྲོ་མུས་ཡིན་ཡང་། ཁོང་ཅག་གི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་བྱུང་མེད་སྟབས། བོད་ཀྱི་གདན་ས་བཀྲིས་ལྷུན་པོའི་དགེ་འདུན་པ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ལན་མང་བྱས་མཐར། རྒྱ་ནག་གཞུང་གིས་བཀྲིས་ལྷུན་པོའི་བླ་སྤྲུལ་མཁན་གསུམ་དང་། དགེ་འདུན་པ་མང་པོ་ཞིག་གང་བྱུང་བཙན་འཁྲིད་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་པཎ་ཆེན་རིན་པོ་ཆེའི་སྐོར་གླེང་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པས། བོད་མིའི་སྒྲིག་འཛུགས་སོགས་ཀྱིས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི། ཡོ་རོབ། ཁེ་ན་ཊ། ཤར་ཨེ་ཤ་ཡའི་གཞུང་འབྲེལ་དང་། གྲོས་ཚོགས་སོགས་སུ་ཞུ་གཏུགས་ལན་མང་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་པཎ་ཆེན་རིན་པོ་ཆེ་བཙོན་འཇུག་བྱེད་མུས་ཡིན་པ་ལས། དངོས་ཡོད་དང་མཐུན་པའི་ལན་འདེབས་བྱས་མྱོང་མེད་སྐོར་དང་། ད་ལྟ་པཎ་ཆེན་རིན་པོ་མཆོག་དགུང་ལོ་ ༣༢ ལ་ཕེབས་ཡོད་ཀྱང་། ཁོང་ལ་འགྲོ་འདུག་གི་རང་དབང་མེད་པའི་ཁར། རང་དབང་གི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། གཞུང་ཆེན་སོགས་སྦྱང་རྒྱུའི་ཐོབ་ཐང་མེད་པ་དང་། ཁོང་གི་སྐུ་གཟུགས་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མ་བྱུང་བ་དང་།  ལྷག་པར་བྱ་བྲལ་རིན་པོ་མཆོག་དགུང་ལོ་ ༨༠ ལྷག་ཟིན་ཡོད་ཀྱང་། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་སྐུ་འཚོ་བཞུགས་ཡིན་མིན་སོགས་ཤེས་རྟོགས་གང་ཡང་མ་བྱུང་སྟབས། གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཁུལ་དུ་དྲག་གནོན་ཤུགས་ཆེན་བགྱིས་ཏེ་བོད་ཀྱི་སྐད་ཡིག་དང་། ཆོས་རིག ཡུལ་སྲོལ་གོམས་གཤིས།  རང་བྱུང་ཁོར་ཡུག་སོགས་རྩ་གཏོར་གཏོང་མུས་ཡིན་པ་མ་ཟད།  རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་ཇུས་མང་པོ་བཏིང་ནས་བོད་ཀྱི་ངོ་བོ་རྩ་གཏོར་གཏོང་ཐབས་བྱེད་མུས་ཡིན་པས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་བརྡ་ལན་སྤྲད་དགོས་སྐོར་རེ་སྐུལ་ཡང་གནང་སོང་།

Sikyong Penpa Tsering, CTA. Photo: TibetTVFacebook

 

མཇུག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལོ་ན་དྲུག་ལ་སོན་པའི་བྱིས་པ་ཞིག་ཇི་ལྟར་རྒྱ་ནག་གཞུང་ལ་ཉེན་ཁ་ཆགས་པ་དང་རྒྱ་ནག་གིས་ལོ་དྲུག་ཅན་གྱི་བྱིས་པ་གཞན་ཞིག་པཎ་ཆེན་བླ་མར་བསྐོ་གཞག་བྱེད་དོན་ཅི་ཡིན་ནམ། རྒྱ་ནག་གིས་བྱིས་པ་དེ་པཎ་ཆེན་བླ་མར་བསྐོས་སྐབས། ཆོས་ལུགས་ཀྱི་བྱེད་སྒོ་ཏག་ཏག་སྤེལ་ཡོད་མེད་སོགས་ནི་གནད་དོན་རེད། ང་ཚོས་རང་ཉིད་ལ་དེའི་སྐོར་གྱི་དོགས་འདྲི་བྱ་དགོས་པ་དང་མ་འོངས་པའི་ལོ་ཟླའི་ནང་དེ་འབྲེལ་གྱི་ཤུགས་རྐྱེན་མང་པོ་ཡོང་གི་རེད། རྒྱུ་མཚན་ནི་དེ་ནི་རྒྱ་ནག་གིས་འཆར་གཞི་སྒྲིག་སྟེ། མ་འོངས་པར་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་འདེམས་ཐུབ་པར་བྱ་དགོས་བསམ་གྱི་ཡོད། ཡང་སྲིད་ཀྱི་གནད་དོན་འདི་ནི་འདས་པའི་ལོ་ངོ་མང་པོའི་རིང་གླེང་སློང་བྱས་ཡོད་པ་དང་ད་ལྟ་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་དགུང་ལོ་༨༦ ལ་ཕེབས་ཡོད་པས་དགུང་ལོ་བགྲེས་པོ་ཆགས་ཡོད། ཨ་རི་ནས་མགོ་བཙུགས་པའི་འཛམ་གླིང་རྒྱལ་ཁབ་མང་པོས་ཡང་སྲིད་ཀྱི་སྐོར་ལ་གླེང་སློང་བྱས་ཡོད། ཨ་རིས་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ནང་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་ངོས་འཛིན་བྱེད་ཕྱོགས་ཐད་སེམས་འཚབ་བསྟན་ཡོད། དེ་ནི་རྒྱ་ནག་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་པའི་གནད་དོན་དང་ཧ་ཅང་འབྲེལ་བ་ཡོད།

རྒྱ་ནག་གཞུང་ལ་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་གཏོགས་བྱེད་པའི་འདུན་པ་ཇི་ལྟར་སྐྱེས་པ་རེད། ༧གོང་ས་མཆོག་གིས་རྒྱ་ནག་གཞུང་ཡང་སྲིད་ཀྱི་དོན་དག་ལ་མོས་པ་ཡོད་ཚེ། ཐོག་མར་དམར་ཤོག་གི་མགོ་ཁྲིད་ཚོས་ནང་ཆོས་སྦྱངས་དགོས་པ་རེད། ཁོ་ཚོས་མའོ་ཙེ་ཏུང་གི་ཡང་སྲིད་དང་ཏུན་ཞའོ་ཕིའི་ཡང་སྲིད་འཚོལ་དགོས་ཀྱི་རེད་ཅེས་གསུངས་ཡོད། དེ་ནི་དངོས་བདེན་རེད། ལྷ་མེད་སྨྲ་བའི་རྒྱ་ནག་དམར་ཤོག་གཞུང་གིས་ཆོས་ལུགས་ལ་ཡིད་ཆེས་བྱེད་ཀྱི་མེད་ལ། ཡང་སྲིད་ཀྱི་གནད་དོན་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་སྐབས། ནང་ཆོས་ནང་གསུང་བ་ནང་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་ཡོད་ཡོད་དམ། ཞེས་དང་། འདས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ནང་རྒྱ་ནག་གིས་གསེར་བུམ་དཀྲུགས་པའི་མཛད་སྒོ་གཅིག་ཀྱང་མེད་པ་དང་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་ཕྲེང་གཅིག་པ་འདེམས་པ་ཁོ་ན་ནོར་འཁྲུལ་ཡིན་སྐོར་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་ཞིང་ལ་མ་ཕེབས་སྔོན་སྐུ་གཟུགས་ཧ་ཅང་གསལ་ཐང་ཡིན་པ་དང་ཁོང་གློ་བུར་དུ་སྐུ་གཤེགས་པའི་ཐད། རྒྱ་ནག་གིས་ཁོང་ལ་དུག་དྲངས་ཡོད་སྐོར་བཤད་ཀྱིན་ཡོད་ནའང་། ཁོང་གི་སྐུ་ཕུང་ལ་བརྟག་དཔྱད་གནང་ཐུབ་མེད་སྐོར། སྐུ་འབུམ་དགོན་པའི་མཁན་པོ་ཨ་ཀྱཱ་རིན་པོ་ཆེས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འདེམས་སྒྲུག་སྐོར་ལ་དེབ་ཅིག་བརྩམས་པའི་ནང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འདེམས་སྐབས། རྒྱ་ནག་གིས་བསྐོ་གཞག་བྱས་པའི་རྒྱལ་མཚན་ནོར་བུའི་མིང་། བུ་གསུམ་གྱི་མིང་ཡོད་པ་ལས་འོག་ཏུ་བཅུག་སྟེ་འཆར་གཞི་ལྡན་པའི་སྒོ་ནས་འདེམས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། དཔལ་ལྡན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༡༢ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese