མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་བོད་དང་ཡུ་གུར་སོགས་ལའང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་སི་ཨན་ཨན་གསར་ཁང་གི་བརྙན་འཕྲིན་ལས་རིམ་གྱིས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་ལགས་སུ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ཐའེ་ཝན་སོགས་ལ་དྲག་གནོན་དང་མནར་གཅོད་གཏོང་མུས་ཡིན་པའི་སྐོར་ལ་བཅར་འདྲི་བྱས་ཡོད་པ་དང་བཅར་འདྲི་དེ་མགོ་འཛུགས་མ་བྱས་གོང་ལ་རྒྱ་ནག་གཞུང་གིས་སི་ཨན་ཨན་ལ་ཉེན་བརྡའི་བསྒྲགས་གཏམ་ཞིག་བཏང་ཡོད་འདུག

སི་ཨན་ཨན་གསར་ཁང་གི་གསར་འགོད་པ་དང་གཙོ་སྐྱོང་བ་ལྕམ་ཁུར་སི་ཊོན་ཨེ་མན་ཕུར་(Christine Amanpour) ལགས་ཀྱིས་ཨེ་ནེ་སི་ཀན་ཊར་ལགས་ལ་ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སྐོར་ལ་ཤུགས་ཆེན་བཤད་དེ་རྒྱ་ནག་མ་དགའ་བ་ཆགས་པའི་གནས་ཚུལ་དང་འབྲེལ་བའི་བཅར་འདྲི་ཞིག་བྱས་ཡོད་པ་དང་། སྐབས་དེར་གསར་འགོད་པ་ལྕམ་ཨེ་མན་ཕུར་ལགས་ཀྱིས། ཁྱེད་རང་གིས་དྲིལ་བསྒྲགས་སྤེལ་བའི་ནང་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པ་ཁྱེད་ཚོར་སློབ་གསོ་སྤྲོད་དགོས་ཀྱི་འདུག ངས་སྐད་ཆ་དྲང་པོ་བཤད་ཀྱི་ཡོད་པས་དགོངས་སེལ་ནམ་ཡང་ཞུ་ཡི་མིན། ཁྱེད་ཀྱིས་ང་ཉོ་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་ང་ལ་ཞེད་སྣང་ཡང་སློང་ཐུབ་ཀྱི་མ་རེད། དེ་བཞིན་ཁྱེད་ཀྱིས་ང་ཁ་བཙུམ་དུ་བཅུག་ཐུབ་ཀྱི་མ་རེད་ཅེས་བསྒྲགས་འདུག་ལ། བཅར་འདྲི་འདིའི་གོང་ལ་ལིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་ནས་རྒྱལ་ཁབ་གཞན་གྱིས་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་བཏང་འདུག ཁྱེད་རང་དེ་ལ་བསམ་འཆར་ག་རེ་ཡོད་ཅེས་དྲིས་པར་ཁོང་གིས། ཨེ་ནེ་སི་ཀན་ཊར་ལགས་ཀྱིས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་རྩེད་འགྲན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་དང་། སྤྱི་ཚོགས་ནང་དྲང་བདེན་བྱུང་མེད་པའི་གནད་དོན་ཐད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ང་ལ་སིལ་སྤོལ་ལྷན་ཚོགས་ནས་འདི་འདྲ་གནང་བཅུག་པ་རེད། རྒྱུ་མཚན་ནི་དུས་རྒྱུན་དུ་ནས་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་སྐུ་ཚབ་དང་སྡེ་ཚན་སོགས་ཀྱི་སྐད་ཆ་ཤོད་སྐབས། ང་ཚོའི་རྩེད་འགྲན་པ་ཡོངས་ལ་རང་ངོས་ནས་གནད་དོན་ག་རེ་ཡིན་རུང་དེའི་ཐོག་སྐད་ཆ་བཤད་འདོད་ཡོད་ན་བཤད་ཆོག་གི་ཡོད་པ་དང་། ལྷག་པར་དུ་རྩེད་འགྲན་པ་སུ་འདྲ་ཞིག་ཡིན་རུང་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་ནང་དུ་དྲང་བདེན་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་སོགས་ཀྱི་གནད་དོན་གང་འདྲ་ཞིག་བྱུང་རུང་དེའི་ཐོག་རྩེད་འགྲན་པ་ཡོངས་ལ་སྨྲ་བརྗོད་ཀྱི་རང་དབང་སྤྲད་པ་དང་། དེ་དག་ལ་རྒྱབ་སྐྱོར་བྱ་རྒྱུའི་རང་དབང་ཡང་སྤྲོད་ཀྱི་ཡོད། ཅེས་བརྗོད་ཀྱི་ཡོད་པར་བརྟེན། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (NBA) ཀྱིས་ང་ལ་རང་དབང་སྤྲད་སོང་། ཅེས་བརྗོད་འདུག

གསར་འགོད་པས་ཁྱེད་རང་ལ་དངུལ་གྱིས་ཤུགས་རྐྱེན་གང་ཡང་བཟོ་ཡི་མེད་ནའང་། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ལ་དངུལ་དགོས་ཀྱི་ཡོད་སྲིད་པ་རེད། རྒྱུ་མཚན་ནི་ད་ལྟའི་ཆར་རྒྱ་ནག་གིས་སྤྱི་ཚོགས་དྲ་ལམ་ (Tencent) ནས་ (NBA) རྩེད་འགྲན་མེད་པར་བཟོས་པའི་ཤུགས་རྐྱེན་གྱིས་ཨ་སྒོར་ཐེར་འབུམ་ལྷག་གི་གྱོང་གུད་ཕོག་ཡོད་པ་རེད། དེ་ལ་ཁྱེད་རང་གི་ངོས་ནས་བསམ་ཚུལ་ག་རེ་ཡོད་ཅེས་དྲིས་པར་ཁོང་གིས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ (NBA) ཀྱིས་མི་རིགས་ནག་པོ་རྣམས་ལ་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པ་རེད། འོན་ཀྱང་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐད་ལྷན་ཚོགས་ཀྱིས་གང་ཡང་མི་བཤད་པར་ཁུ་སིམ་མེར་སྡོད་ཀྱི་འདུག གལ་སྲིད་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱིས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། ཁོང་ཚོས་བསྒྲགས་གཏམ་སོགས་སྤེལ་དགོས་རེད་དེ་ད་ལྟའང་བསྒྲགས་གཏམ་སོགས་ཅི་ཡང་སྤེལ་མི་འདུག མི་མང་པོས་ངས་སྲིད་དོན་གྱི་བྱ་བ་བྱེད་ཀྱི་ཡོད་རེད་བསམ་གྱི་འདུག  ངས་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྩོད་ལེན་བྱས་པ་ལས་ཆབ་སྲིད་ཀྱི་ལས་དོན་བྱེད་ཀྱི་མེད་ཅེས་དང་། རྒྱ་ནག་གིས་གཞི་རྩའི་འགྲོ་བ་མིིའི་ཐོབ་ཐང་བཙན་འཕྲོག་བྱས་པ་སོགས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མ་སྤྲད་པ་སོགས་དྲག་གནོན་གྱི་ལས་དོན་སྤེལ་བའི་གནད་དོན་ཐོག ཁོང་གིས་གོ་རྟོགས་གང་མང་སྤེལ་རྒྱུ་དང་བོད་དང་ཡུ་གུར་གཙོས་པའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་བརྗོད་སོང་།  རྒྱལ་ཁབ་ཡོངས་ལ་རྩེད་འགྲན་པ་དང་གློག་བརྙན་འཁྲབ་སྟོན་པ། དེ་བཞིན་གཞས་པ་དང་གཞས་མ་སོགས་སྣ་མང་ཡོད་པ་དེ་དག་ལ་འཛམ་བུ་གླིང་སྤྱི་ཡོངས་ཀྱི་གནད་དོོན་དང་འབྲེལ་བའི་སྐད་ཆ་བཤད་ཆོག་པའི་སྡིངས་ཆ་མང་པོ་ཡོད་ཀྱང་། རྒྱ་ནག་གི་གནད་དོན་འདིའི་ཐོག་ལ་ཚང་མས་ཞེད་སྣང་བྱེད་ཀྱི་འདུག རྒྱུ་མཚན་ནི་ཁོང་ཚོས་དངུལ་དང་ཚོང་འབྲེལ་སོགས་ལ་དོ་སྣང་མང་བ་བྱེད་ཀྱི་ཡོད་པ་རེད། ང་རང་ལ་ཆ་བཞག་ན། འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་ཚེ་སྲོག་སྲུང་སྐྱོབ་བྱ་རྒྱུ་དེ་དང་པོ་ཆགས་ཀྱི་ཡོད། ཅེས་བརྗོད་སོང་།

བཅར་འདྲིའི་སྐབས་སུ་ཀན་ཊར་ལགས་ཀྱིས། ཉེ་ཆར་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་སྐབས་ཁོང་གིས་བོད་དང་ཡུ་གུར་སོགས་ལ་རྒྱབ་སྐྱོར་མཚོན་པའི་རི་མོ་དང་ཡི་གེ་བྲིས་ཏེ། བོད་དོན་དང་ཐའེ་ཝན་སོགས་ཀྱི་སྐོར་ལ་དྲིལ་བསྒྲགས་བྱས་པའི་ལྷམ་གྱོན་ཏེ་རྩེད་འགྲན་ནང་ཞུགས་སྐབས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་ཚོགས་མི་གཉིས་ཀྱིས་ལྷམ་འདི་མ་གྱོན་ལབ་བྱུང་། སྐབས་དེར་ངས་ལྷམ་འདི་གྱོན་ན་སྒྲིག་འཛུགས་འགལ་བ་རེད་དམ། ཞེས་དྲིས་པ་ཡིན། ཁོང་ཚོས་སྒྲིག་འཛུགས་དང་འགལ་མི་འདུག་ཅེས་བརྗོད་བྱུང་། ང་རང་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འགལ་མེད་པས་ལྷམ་འདི་གྱོན་ནས་རྩེད་མོ་རྩེས་པ་ཡིན་ཞེས་སོགས་བརྗོད་སོང་།

ཁ་སང་སྤྱི་ཚོགས་བརྒྱུད་ལམ་ (Instagram) ནང་ཐའེ་ཝན་གྱི་སྲིད་འཛིན་ཚེ་ཡེན་ཝུན་(Tsai Ing Wen)མཆོག་གིས། ཨ་རིའི་རྒྱལ་ཡོངས་སིལ་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་པ་ཨེ་ནེ་སི་ཀན་ཊར་ལགས། ང་ཚོས་ཁྱེད་ལ་བརྩི་བཀུར་ཞུ་ཡི་ཡོད་ལ། ཁྱེད་ཀྱི་ལྷམ་ཐོག་ #StandWithTaiwan བྲིས་ཏེ་ཐའེ་ཝན་མི་མང་ལ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་གནང་ཡོད་སྟབས། ཐའེ་ཝན་ལ་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཁྱེད་ཀྱིས་སིལ་སྤོལ་རྩེ་སྐབས་ང་ཚོས་དགའ་བསུའི་སྐད་འབོད་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

སི་ཨན་ཨན་གྱི་བཅར་འདྲིའི་ལས་རིམ་དེ་མགོ་མ་བཙུགས་གོང་རྒྱ་ནག་གིས་གསར་ཁང་ལ་ཉེན་བརྡའི་བསྒྲགས་གཏམ་ཞིག་བཏང་བའི་ནང་།  ཨེ་ནེ་སི་ཀན་ཊར་གྱིས་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་བཙན་འཕྲོག་དང་གདུག་རྩུབ་གཏོང་གི་ཡོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྩ་མེད་བཟོ་ཡི་ཡོད་པ། དེ་བཞིན་བྲན་གཡོག་གི་ལམ་ལུགས་སོགས་དྲག་གནོན་གྱི་སྲིད་ཇུས་བེད་སྤྱོད་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་པ་དེ་དག་རྫུན་མ་རེད། རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་རྒྱལ་ཁབ་དེའི་མི་མང་གི་ལྟ་ཚུལ་(Judgement) ལ་གཞི་བཅོལ་དགོས་པ་ཞིག་ཡིན་ལ། བོད་དང་ཤིན་ཅང་གཉིས་ཀྱི་གནད་དོན་དེ་དག་ནི་རྒྱ་ནག་ནང་གི་གནད་དོན་ཡིན་པ་ལས་རྒྱལ་ཁབ་གཞན་གྱིས་ཐེ་བྱུས་བྱེད་ཆོག་གི་མེད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese