མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྩ་བའི་རྩ་དོན་བཞིར་འགྱུར་བ་མ་ཐེབས་བར་དུ་སྨྲ་བརྗོད་རང་དབང་དང་རྩོམ་འབྲིའི་རང་དབང་འཐོབ་མི་སྲིད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙིའི་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་མི་ཞིག་ལ་མཚོན་ན་སྨྲ་བརྗོད་ཀྱི་རང་དབང་དང་འགྲོ་འདུག་གི་རང་དབང་སོགས་མེད་ཚེ དེ་ནི་དུད་འགྲོ་དང་ཁྱད་པར་གང་ཡང་མེད་སྐོར་གསུངས་བྱུང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ།  པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་གཙི་གནང་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་དགེ་བཤེས་ལྷག་རྡོར་ལགས་ནས་བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་ཤོག་ངོས་ ༦༦ ཅན་ཞིག་དབུ་འབྱེད་གནང་སོང་། འདི་ལོ་ནི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་བཙུགས་ཏེ་ལོ་བརྒྱ་འཁོར་བ་དང་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་དྲག་གནོན་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་ལོའང་ཆགས་ཡོད་པ་རེད།

མཛད་སྒོའི་ཐོག་མར་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་བུད་མེད་རྩོམ་པ་པོ་ཉི་མ་འཚོ་ལགས་ནས་འདི་ལོའི་རྒྱལ་སྤྱིའི་པེན་གྱི་ཚབ་མཚོན་རྩོམ་པ་པོ་ལྔ་དང་བོད་ནང་གི་ཚབ་མཚོན་རྩོམ་པ་པོ་ལྔ་ཡི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས། དེ་རིང་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་འདི་གཏན་འཁེལ་ནས་ད་བར་ལོ་ངོ་ ༤༠ འགྲོ་ཡི་ཡོད་པ་རེད། ང་ཚོས་སྲུང་གཙི་བྱེད་བཞིན་པའི་ཉིན་མོ་འདིར། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བཙོན་འོག་རྩོམ་པ་པོའི་ཉིན་མོའི་ཆེད་དུ་ཚབ་མཚོན་གྱི་རྩོམ་པ་པོ་ལྔ་གཏན་འཁེལ་གྱི་ཡོད་པ་དང་། དེ་བཞིན་ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས། ང་ཚོ་ཚང་མ་སྐྱབས་བཅོལ་བ་ཞིག་ཡིན་ཞིང་སོ་སོའི་ཕ་ཡུལ་ཤོར་ནས་ལོ་ ༧༠ ཙམ་ཕྱིན་ཡོད་པ་རེད། ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོ་ཞིག་གིས་བློས་གཏོང་བྱས་ཏེ་རང་དབང་འཐབ་རྩོད་དང་སྨྲ་བརྗོད་རང་དབང་འཐབ་རྩོད། རྩོམ་འབྲིའི་རང་དབང་འཐབ་རྩོད་བྱས་ཏེ་མང་པོ་ཞིག་བཙོན་འོག་ཏུ་ཡོད་པ་སོགས་ཀྱི་ཚབ་མཚོན་རྩོམ་པ་པོ་ལྔ་སྟེ། རྩོམ་པ་པོ་དྷཱི་ལྷ་ལྡན་དང་། སྒོ་ཤེས་རབ་རྒྱ་མཚོ། རོང་བོ་དགེ་འདུན་ལྷུན་འགྲུབ། གངས་སྐྱེས་སྒྲུབ་པ་སྐྱབས། གྲྭ་རིན་ཆེན་ཚུལ་ཁྲིམས་བཅས་བདམས་ཡོད་སྐོར་དང་། ཉིན་མོ་འདི་སྲུང་གཙི་བྱས་པའི་རྒྱུ་མཚན་ནི། རིན་ཆེན་ཚུལ་ཁྲིམས་ལགས་དང་རྒྱལ་སྤྱིའི་རྩོམ་པ་པོ་འདི་ལྔ་ལ་སོགས་པ་རྩོམ་པ་པོ་སྐད་ཡིག་སྲུང་སྐྱོབ་པ་དང་སྐད་ཡིག་ལས་འགུལ་བ། དགེ་རྒན། དེ་བཞིན་བོད་ཡུལ་གྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་མང་པོ་ཞིག་འཛིན་བཟུང་བཀག་ཉར་དང་། འགྲོ་འདུག་རང་དབང་གཅིག་ཀྱང་མེད་པ་འདི་དག་སྟོན་ཆེད་དང་། ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་རྩོམ་པ་པོ། སྐད་ཡིག་སྲུང་སྐྱོབ་པ། གསར་འགོད་པ། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ། སྙན་ངག་པ། སྒྱུ་རྩལ་པ། དགེ་རྒན་ལ་སོགས་པ་དུས་ཚོད་ངེས་མེད་དང་གནས་ངེས་མེད་ཀྱི་སྒོ་ནས་བཙོན་འཇུག་བྱས་པ་རྣམས་ལ་ང་ཚོས་ངོ་རྒོལ་ཡོད་པའི་རྣམ་འགྱུར་སྟོན་རྒྱུ་དང་། ཁོང་ཚོ་དང་ཁོང་ཚོ་ལྟ་བུ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། སྨྲ་བརྗོད་རང་དབང་དེ་ཚོ་ལ་ང་ཚོའི་ངོས་ནས་གུས་ཞབས་དང་གུས་བརྩི་བྱེད་དགོས་པའི་རྣམ་འགྱུར་སྟོན་པའི་ཆེད་དུ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས།  བཙན་བྱོལ་ནང་ནས་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཞིག་གླེང་དགོས་ནའང་། བོད་ནང་གི་གནས་བབ་ལ་བསམ་ཞིབ་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གི་བཀག་སྡོམ་གྱི་རྐྱེན་གྱིས་དེ་རིང་གི་བརྗོད་བྱར་གྱུར་བའི་བོད་ཀྱི་བུད་མེད་རྩོམ་པ་པོ་རྣམས་ཀྱི་གནས་བབ་ཅིག་ཕྱི་ཕྱོགས་ནས་གླེང་དགོས་ན་གླེང་འོས་པའི་རྒྱུ་ཆ་འདང་ངེས་ཤིག་མེད་ལ། ད་ལྟ་བོད་ཀྱི་བུད་མེད་རྩོམ་པ་པོའི་གནས་བབ་ལ་ལྟ་སྐབས། བོད་ནང་གི་བུད་མེད་རྩོམ་པ་པོ་རྒན་པ་ཁག་ཅིག་གི་དེབ་རྙིང་པ་ཁག་ཅིག་དང་། དྲ་ལམ་འཕྲིན་སྟེགས་ནས་བུད་མེད་རྩོམ་པ་པོ་གཞོན་སྐྱེས་ཁག་ཅིག་གི་རྩོམ་ཡིག་ལས་མཐོང་དཀོན་དུ་སོང་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ལོར་བོད་ནང་གི་བུད་མེད་རྩོམ་པ་པོ་རྒན་དཔལ་མོ་ལགས་ནས་སྐབས་དེར་འདས་པའི་ལོ་དྲུག་ནང་བུད་མེད་ཀྱི་བརྩམས་ཆོས་དེབ་ ༢༤ ཡོད་སྐོར་བརྗོད་ཡོད་པ་ལྟར། བོད་ནང་དུ་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་སོགས་བཙུགས་ནས་བུད་མེད་རྩོམ་པ་པོ་སྐྱེད་སྲིང་གི་ལས་དོན་གང་ལེགས་གནང་གི་ཡོད་ཀྱང་། རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་འདས་པའི་ལོ་གསུམ་ཙམ་ནང་དཔེ་དེབ་ཀྱི་བརྩམས་ཆོས་མང་ཤོས་ནི་བོད་ཀྱི་དཔེ་མཛོད་ཁང་དང་ཀིརྟིའི་བྱེས་པ་གྲྭ་ཚང་། ལྷོ་ཕྱོགས་ཀྱི་གདན་ས་ཁག་བཅས་ཡིན་ལ། སྐབས་དོན་གྱི་བརྗོད་གཞིར་གྱུར་བའི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ཀྱི་ཐོག་ནས་བཤད་ན། དཔེར་ན། བོད་ཀྱི་དཔེ་མཛོད་ཁང་ནས་འདས་པའི་ལོ་གསུམ་ནང་ཁྱོན་བསྡོམས་དཔེ་དེབ་ ༡༣༠ ལྷག་པར་སྐྲུན་འགྲེམས་སྤེལ་གནང་ཡོད་པའི་ཁྲོད། བུད་མེད་ཀྱི་བརྩམས་ཆོས་ ༧ ཡས་མས་ལས་མེད་པ་དེའི་ཐོག་ནས། སྤྱིའི་ཆ་ནས་བོད་པའི་བུད་མེད་ཀྱི་རྩོམ་རིག་གི་རྨང་གཞི་བརྟན་པོ་ཡོད་ཀྱང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་དུས་ཀྱི་འགྱུར་འགྲོས་དང་བསྟུན་པའི་བརྩམས་ཆོས་འབྲི་སྤེལ་མ་ཐུབ་པའི་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་ཡོད་སྐོར་བརྗོད་སོང་།

དེ་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགྲེམས་སྤེལ་བྱས་པའི་བོད་ཀྱི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོ་ངོ་སྤྲོད་དང་སྦྲགས།  སྙན་ཐོ་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་བཙན་གནོན་དང་དམ་དྲག་གི་འོག་ནས། བོད་མི་ཤེས་ཡོན་པ་རྣམས་གང་བྱུང་བཙན་འཁྲིད་བཀག་འགོག་བྱས་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་སོགས་ལས་འགལ་ནས། བོད་ནང་གི་རྩོམ་པ་པོ་རྣམས་ལ་རྒྱལ་ཁབ་མགོ་རྟིང་སློག་པ་དང་། རྒྱལ་ཁབ་ཀྱི་བརྟན་རླིང་ལ་གནོད་པའི་ལས་ཀ་བྱས་པའི་ནག་ཉེས་བཀལ་ཏེ། ཚད་ལས་འདས་པའི་མནར་གཅོད་གཏོང་མུས་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་མུས་དང་། བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་ནས་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་པས། རྒྱ་ནག་གཞུང་གིས་ཁྲིམས་མཐུན་པའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅིང་། རྒྱལ་སྤྱིའི་གཞུང་སྒེར་གྱི་ཚོགས་སྡེ་ཚང་མས་རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཐེར་འདོན་བྱ་དགོས་པའི་རེ་སྐུལ་ཞུས་སོང་།

དེའི་རྗེས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རྩོམ་འབྲི་རང་དབང་སྐོར་ལ་གསུང་བཤད་གནང་སྐབས། འགྲོ་བ་མིའི་རང་དབང་སྲུང་སྐྱོབ་ཀྱི་ཁྲོད་ནས་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་འགག་ཆེ་ཤོས་ཡིན་ཡང་། བོད་ནང་དུ་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་ཡོང་གི་མེད་ལ། རྒྱ་ནག་གཞུང་གིས་རང་དབང་དེ་ག་རེ་བྱས་ནས་འགོག་གི་ཡོད་པ་རེད། འགོག་རྐྱེན་ག་རེ་རེད་ཟེར་དུས། རྒྱ་ནག་དམར་ཤོག་གཞུང་གིས་རྒྱུན་འཁྱོངས་དགོས་པའི་རྩ་བའི་རྩ་དོན་བཞི་དེ་རང་དབང་འགོག་རྐྱེན་ཆགས་བསྡད་ཡོད་སྟབས། རྩ་བའི་རྩ་དོན་བཞི་དེར་འགྱུར་བ་མ་ཕྱིན་པ་ཡིན་ན་ཁྲིམས་ག་རེ་འགྱུར་བ་ཕྱིན་པ་ནའང་གང་ཡང་ཕན་ཐོགས་ཀྱི་མ་རེད་ཅེས་དེ་རིང་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་རྒྱུ་ཡིན་ལ། རྩ་བའི་རྩ་དོན་དང་པོ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་པ་མི་མང་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་དགོས་ཟེར་བ་དེ་འགོག་རྐྱེན་གཙོ་བོ་ཆགས་ཡོད་ལ། སྲིད་དབང་སྒེར་འཛིན་བྱེད་དགོས་ཟེར་དུས་འཛམ་བུ་གླིང་འདིའི་སྒང་གི་བྱེད་ཐབས་སྡུག་ཤོས་དེ་ཡིན་པ་རེད། རྩ་བའི་རྩ་དོན་གསུམ་པ་ག་དུས་ཡིན་ནའང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་འཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་བཞི་པ་མགོ་འཁྲིད་རིམ་པའི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ལ་བརྟེན་ནས། རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང་རྩོམ་འབྲིའི་རང་དབང་སོགས་འགོག་རྐྱེན་དེ་ཚོ་ཆགས་ཡོད་ལ། རྒྱ་ནག་གི་ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་གོང་གི་རྩ་བའི་རྩ་དོན་བཞིར་འགལ་གྱི་ཡོད་མེད་རང་ལ་བལྟས་ནས་ཐག་གཅོད་ཀྱི་ཡོད་པ་དང་། བོད་ནང་གི་རྩོམ་འབྲིའི་རང་དབང་དང་སྨྲ་བརྗོད་རང་དབང་རྣམས་འགག་བསྡད་པ་དེ་རྒྱ་ནག་དམར་གཞུང་གི་རྩ་བའི་རྩ་དོན་བཞིར་ཐུག་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་འདི་ནས་རྩིས་པའི་མི་ལོ་བརྒྱ་ཡི་གོང་དུ་གསར་འཛུགས་བྱས་ཤིང་། དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་ཚོགས་པ་དེར་དཀའ་ཁག་ཆེན་པོ་བྱུང་ཡོད། སྐབས་དེར་གཞུང་སྒེར་མང་པོ་ཞིག་གིས་ཐེར་འདོན་དང་སྐྱོན་བརྗོད་ནན་མོ་བྱུང་། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན། སྨྲ་བརྗོད་རང་དབང་གི་ཁེ་ཕན་སྲུང་སྐྱོབ། དམག་འཁྲུག་སོགས་ཀྱི་སྐབས་སུའང་སྒྱུ་རྩལ་གྱི་ལས་རིགས་ལ་གཏོར་བཤིག་བྱས་ཚེ། དེར་རྒོལ་ལན་སློག་པ་དང་སྲུང་སྐྱོབ་བྱེད་པར་གདོང་མཆོང་བྱེད་ཕོད་མཁན་ཞིག་ཡིན་པ་རེད། ཚོགས་པ་དེས་སྒེར་གྱི་ཁེ་ཕན་གཙོ་འདོན་བྱས་པ་ཞིག་མིན་པར། འཛམ་གླིང་སྤྱི་ཡོངས་ཀྱི་རང་དབང་དང་། ཞི་བདེ། འཆམ་མཐུན་ཚོགས་ཀྱི་སླད་དུ། འཐེན་འཁྱེར་དང་ཕྱོགས་ཞེན་གྱི་འདུ་ཤེས་དོར་ནས། འཛམ་གླིང་སྤྱིའི་ཁེ་ཕན་གྱི་སླད་དུ་ཞབས་འདེགས་སྒྲུབ་ཀྱིན་ཡོད་པས། དེ་ལྟ་བུའི་ཚོགས་པ་ཁག་ལ་ཡི་རང་བྱ་དགོས་པ་ཞིག་རེད། མི་ཞིག་ལ་མཚོན་ན་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འདུག་གི་རང་དབང་སོགས་མེད་ཚེ། དེ་ནི་དུད་འགྲོ་དང་ཁྱད་པར་ཅི་ཡང་མེད། དུད་འགྲོ་ལ་མཚོན་ན་འདུ་འཛོམས་ཀྱི་རང་དབང་དང་། རྩོམ་སྒྲིག་གི་རང་དབང་སོགས་དགོས་ཟེར་མི་ཤེས་ཀྱང་། མིའི་རིགས་ལ་རང་དབང་སོགས་བཀག་སྡོམ་བྱས་པ་ནི། དུད་འགྲོ་དང་དངོས་གནས་ཁྱད་པར་མེད་པས། པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཞུང་སྒེར་གང་གིས་བཙན་གནོན་དང་། འཁྱོག་བརྗོད་སོགས་བྱས་ཚེ། དེར་དྲང་བདེན་གྱི་གནས་ལུགས་བཤད་དགོས་པ་དང་། དྲན་བདེན་གྱི་སྒོ་ནས་རྩོམ་ཡིག་འབྲི་དགོས་གལ་ཆེན་པོ་རེད། བོད་དང་རྒྱ་ནག་ཏུ་སྨྲ་བརྗོད་ཀྱི་རང་དབང་སོགས་མེད་ཅིང་། མཐའ་ན་ཨ་རི་སོགས་ནས་མངགས་པའི་གསར་འགོད་པ་སོགས་ལ་དམ་དྲག་ནན་མོ་བྱས་པ་དང་ཁ་ཤས་བཙོན་འཇུག་བྱེད་ཀྱི་ཡོད། དེང་གི་ཆར་རྒྱལ་སྤྱིའི་ཉམས་ཞིབ་པ་དང་རྩོམ་པ་པོ་མང་པོ་ཞིག་གིས། བོད་དང་རྒྱ་ནག་ནང་གི་དངོས་ཡོད་ཀྱི་གནས་སྟངས་ལ་རྩོམ་ཡིག་སོགས་འབྲི་མུས་ཡིན་ཡང་། དེ་ནི་ཕྱི་རྒྱལ་ཁག་ཏུ་བྲོས་བྱོལ་དུ་ཡོང་བ་དག་ནས་གོ་ཐོས་བྱུང་བ་ལས། ཉིན་རེའི་དངོས་ཡོད་ཀྱི་གནས་སྟངས་སོགས་མི་ཤེས་པར། རྒྱ་ནག་གཞུང་གིས་བོད་མི་དང་རྒྱ་མི་སོགས་ལ་བཙན་གནོན་བྱེད་མུས་ཡིན་ལ། དེང་གི་ཆར་མི་རྣམས་དཔལ་འབྱོར་གྱི་འགྲན་རྩོད་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་བསྡུ་རུབ་ཀྱི་ལས་ལ་བྲེལ་མུས་ཡིན་ཡང་།  ཚང་མས་མི་རིགས་ཤིག་གི་འགན་འཁྲི་དང་དུ་བླངས་ཏེ་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་ནན་མོ་བྱས་ཏེ། རྩོམ་ཡིག་སོགས་འབྲི་སྤེལ་བྱ་དགོས་སྐོར་སོགས་གསུངས་སོང་།

བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལར་ཐོག་མར་གསར་འཛུགས་གནང་། ཚོགས་པ་དེས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་། དམིགས་བསལ་བོད་ནང་གི་བཙོན་འོག་ཏུ་ལུས་པའི་རྩོམ་པ་པོ་དག་གི་གསུང་རྩོམ་དཔར་བསྐྲུན་དང་། ཁྲིམས་འགལ་ཐོག་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་སྐོར་ལ་སྙན་ཐོ་བཏོན་ནས་རྒྱལ་སྤྱིའི་སྟེང་དུ་འགྲེམས་སྤེལ། དེ་བཞིན་བོད་མི་རྣམས་ལ་རྩོམ་རིག་ཟབ་སྦྱོང་དང་།  བོད་ནང་དུ་རྒྱ་ནག་གིས་སྤེལ་མུས་ཡིན་པའི་སྐད་གཉིས་སློབ་གསོའི་ལས་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད། འདས་པའིལོ་ཤས་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་འདུ་ཁག་ལའང་མཉམ་ཞུགས་བྱས་ཏེ་བོད་ནང་གི་རྩོམ་པ་པོའི་གནས་བབ་དང་སྐད་ཡིག་རང་དབང་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese