མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ ༢༠ ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་གྱི་སློབ་གྲྭ་ཁག་ཏུ་ཏོག་ནད་ཕོག་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་འོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ ༢༠ ལ་ཏོག་དབྱིབས་ནད་འགོས་ཁྱབ་བྱུང་སྟེ། ས་གནས་རྫོང་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་བཀག་སྐྱིལ་གྱི་ས་ཚིགས་ལ་ངོས་འཛིན་བྱས་ཡོད་པ་རེད།

Students are checking for Covid protocols at the school hall.

ཧི་མ་ཅལ་མངའ་སྡེ་གཞུང་གི་བཀོད་ཁྱབ་གཞིར་བཟུང་ད་ལྟ་བཙན་བྱོལ་བོད་མིའི་ཉིན་སློབ་དང་གཏན་སློབ་ཁག་ཕལ་ཆེ་བས་སློབ་འགོ་ཚུགས་ཟིན་པ་ལྟར། འཛིན་རིམ་དང་པོ་ནས་མགོ་བཙུགས་པའི་སློབ་མ་རྣམས་དངོས་སུ་སློབ་གྲྭར་ཞུགས་ཏེ་ཡུན་རིང་མ་འགོར་བའི་སྐབས་འདིར། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་ལ་བརྟེན་ནས། ཁ་སང་ཀང་ར་རྫོང་གིས་བཀོད་ཁྱབ་ཅིག་བཏང་སྟེ་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཡོངས་ཕྱིར་སྐྱོད་སོགས་མི་ཆོག་པར་ཏོག་དབྱིབས་དོ་དམ་གྱི་ས་ཚིགས་ཤིག་ལ་ངོས་འཛིན་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས་དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་ཏོག་དབྱིབས་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས། ནད་པ་བཅུ་གཅིག་ཐོན་པ་དེ་དངོས་འབྲེལ་རེད། དེར་ཉེན་ཁ་གཟིགས་ནས་རྒྱ་གར་གྱིས་བཀའ་ཁྱབ་བཏང་ཡོད་པ་རེད། བཀའ་ཁྱབ་བཏང་བ་ལ་བརྟེན་ནས་ང་ཚོ་ཉིན་ ༡༠ རིང་ཕྱིར་ཐོན་པ་དང་ནང་ལ་ཡོང་རྒྱུ་མེད་པར་བཟོས་ཡོད། ཅེས་གསུངས་བྱུང་བ་དང་། ནད་རིམས་ཕོག་པའི་སློབ་ཕྲུག་དེ་དག་དང་འབྲེལ་ནས་གཞན་ཡང་སློབ་མ་ ༩ ལ་ཏོག་ནད་འགོས་ཁྱབ་སྟེ་ཁྱོན་སློབ་ཕྲུག་ ༢༠ ལ་ནད་ཕོག་ཡོད་འདུག

ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་ན། ད་ལྟ་དྷ་སྟེང་བོད་ཁྱིམ་དུ་འཛིན་རིམ་བཅུ་གཅིག་དང་ཕ་མའི་མངགས་གཏོང་བྱས་མེད་པའི་སློབ་མ་རྣམས་ཕུད་པའི་འཛིན་རིམ་དང་པོ་བཅུ་གཉིས་བར་གྱི་རྒྱ་བལ་འབྲུག་གསུམ་གྱི་སློབ་ཕྲུག་ཚང་མ་འཛོམས་ཡོད་འདུག་ལ། ད་སྔ་བར་ཏོག་དབྱིབས་འགོས་ཁྱབ་བྱུང་བའི་སློབ་མ་དེ་དག་དང་འབྲེལ་འདྲིས་བྱུང་བའི་ཁྱིམ་ཚང་དང་ལས་བྱེད། དགེ་རྒན་བཅས་ལ་ཏོག་དབྱིབས་ཀྱི་བརྟག་དཔྱད་གནང་ཟིན་ཡོད་པ་མ་ཟད། སློབ་གྲྭའི་ངོས་ནས་ཏོག་ནད་ཕོག་པའི་སློབ་མ་རྣམས་དང་དགེ་སློབ་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཟིགས་རྟོག་གནང་མུས་ཡིན་པ་རེད།

གཞན་ཡང་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་སློབ་འགོ་ཚུགས་པ་དང་བསྟུན། འགྲོ་འོང་སོགས་མི་མང་འདུ་འཛོམས་ཀྱི་རིགས་རྒྱ་ཆེར་ཕྱིན་པའི་རྐྱེན་གྱིས། ཧི་མ་ཅལ་མངའ་སྡེའི་རྒྱ་གར་གྱི་ཉིན་སློབ་ཁག་ཏུ་ཏོག་ནད་ཕོག་པའི་མི་འབོར་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༨༣ པའི་གནས་ཚུལ་ལྟར་ན། ད་སྔ་དབར་རྒྱ་བལ་གཉིས་ནང་ཏོག་དབྱིབས་ནད་གཞི་ཕོག་པའི་བོད་མི་ཁྱོན་ ༦༧༣༦ དང་། དྲག་སྐྱེད་བྱུང་བའི་མི་གྲངས་ ༦༥༢༨། འདས་གྲོངས་སུ་གྱུར་བའི་མི་གྲངས་ ༡༥༥། ད་ལྟ་གསོ་བཅོས་བྱེད་བཞིན་པའི་མི་གྲངས་ ༧༣ བཅས་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༣ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

ཆུ་ཚོད་ ༥ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese