མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་མ་ཞིག་ལ་ཐའེ་ཝན་གྱི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་ནང་སློབ་སྦྱོང་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་འདི་ལོའི་ཐའེ་ཝན་གྱི་སུན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་གི་རྒྱ་སྐད་གཏམ་བཤད་ཀྱི་འགྲན་བསྡུར་ནང་ཞུགས་ཏེ་ཨང་གཉིས་པ་ཐོབ་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རི་དང་དབྱིན་ཇི། ཉི་ཧོང་དང་ཀོ་རི་ཡ་སོགས་འཛམ་གླིང་རྒྱལ་ཁབ་ ༡༥ ལྷག་གི་སློབ་མ་ཁྱོན་ ༣༣ འདི་ལོའི་ཐའེ་ཝན་གྱི་ཕྱི་རྒྱལ་སློབ་ཕྲུག་གི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་སྐབས་ ༤༩ བའི་ནང་མཉམ་ཞུགས་བྱས་ཡོད་པ་དང་། རྒྱ་སྐད་གཏམ་བཤད་ཀྱི་ལས་འགུལ་དེའི་ཁྲོད་བོད་པའི་སློབ་མ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཀྱང་མཉམ་ཞུགས་གནང་སྟེ། ཁོང་ལ་འགྲན་བསྡུར་ཁྲོད་ཆེས་རྒྱ་སྐད་ཀྱི་གཏམ་བཤད་ལ་མཁས་པའི་ཨང་རིམ་གཉིས་པ་ཐོབ་ཡོད་པ་དང་། ཁོང་ནི་ད་སྔ་བར་བོད་པའི་སློབ་མ་ཞིག་ལོ་རྟག་པར་འཚོགས་སྲོལ་ཡོད་པའི་ཐའེ་ཝན་རིག་གཞུང་ལྷན་ཁང་གི་ཁྱབ་ཁོངས་སུན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་གིས་ (Dr. Sun Yat-Sen Memorial Hall) གོ་སྒྲིག་བྱས་པའི་རྒྱ་སྐད་གཏམ་བཤད་ཀྱི་ལས་འགུལ་ནང་ཞུགས་མཁན་བོད་རིགས་སློབ་མ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཚེ་རིང་མཐར་ཕྱིན་ལགས་སུ་འགྲན་བསྡུར་ཁྲོད་ཨང་རིམ་གཉིས་པ་ལོན་པར་མྱོང་ཚོར་ག་རེ་བྱུང་སྐོར་དྲིས་པར་ཁོང་གིས། ང་རང་འཛུལ་ཞུགས་བྱེད་ས་དེ་ཐའེ་ཝན་ནང་ལོ་རྟག་པར་འཚོགས་སྲོལ་ཡོད་པའི་སུན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་གི་ཕྱི་རྒྱལ་གྱི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་ནང་ཡིན། དེ་ལ་རྒྱ་སྐད་ཤེས་དགོས་ཀྱི་ཡོད་པ་རེད། ལས་འགུལ་འདིའི་ནང་ད་བར་བོད་པའི་སློབ་མ་འཛུལ་ཞུགས་གནང་མཁན་བྱུང་མེད། ད་རེས་ཀྱི་སྡིངས་ཆ་དེ་ངས་གོ་སྐབས་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཅིག་ནས་གལ་སྲིད་ཡག་པོ་བྱུང་བ་ཡིན་ན་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་གླེང་སློང་ཡོང་གི་རེད་བསམ་ནས་འཛུལ་ཞུགས་བྱས་པ་ཡིན། ཞེས་བརྗོད་བྱུང་བ་དང་། ཐའེ་ཝན་ནང་སུན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་གི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་དེ་འགྲན་བསྡུར་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ལོ་རྗེས་མར་རྒྱ་སྐད་གཏམ་བཤད་ཀྱི་འགྲན་བསྡུར་ཐེངས་ ༥༠ པ་དེ་རྒྱས་འཚོག་གནང་རྒྱུ་ཡིན་འདུག

ཡང་ཚེ་རིང་མཐར་ཕྱིན་ལགས་ཀྱིས་རང་ཉིད་ལ་འགྲན་བསྡུར་ཁྲོད་ཨང་གཉིས་པའི་རྒྱལ་ཁ་ལོན་པར་དགའ་ཚོར་བྱུང་ནའང་། དོན་དངོས་ཐོག་རང་ཉིད་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་པའི་སེམས་ཚོར་སྟོན་ས་མེད་སྐོར་འགྲེལ་བརྗོད་གནང་དོན། ངའི་སེམས་ཀྱི་ཚོར་བ་དངོས་ནི་རང་ཉིད་བོད་པ་ཞིག་ཡིན་ནའང་། བོད་པའི་མིང་ཐོག་ནས་འཛུལ་ཞུགས་བྱེད་དུ་འགྲོ་ཆོག་གི་མེད། ང་ཡང་རྒྱ་གར་གྱི་དར་ཆ་དང་ཡིག་ཆའི་འོག་ནས་འགྲོ་དགོས་ཀྱི་འདུག ད་རེས་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་ང་རྒྱ་གར་བ་ཞིག་ཡིན་པ་ལས་བོད་པ་རེད་ཅེས་བྲིས་མི་འདུག འོན་ཀྱང་། དབྱིན་ཇིའི་གསར་ཁང་གཅིག་གིས་ང་ལ་བཅར་འདྲི་བྱས་སྐབས། རང་ཉིད་བོད་པ་ཡིན་པ་དང་བོད་ནས་རྒྱ་གར་དུ་ཡོང་བ། དེ་བཞིན་རྒྱ་ཡིག་སྦྱོང་དགོས་དོན་སོགས་ངོ་སྤྲོད་བྱ་རྒྱུ་བྱུང་། དེར་བརྟེན། དེའི་ཐད་ང་ལ་སེམས་ཚོར་རྣོན་པོ་སྐྱེས་བྱུང་། ཞེས་དང་། གཞན་ཡང་ཐའེ་ཝན་ནང་སྲིད་ཇུས་ཀྱི་ཐོག་ནས་བོད་མི་རྣམས་ལ་དཀའ་ངལ་ཤུགས་ཆེན་ཡོད་པ་དང་ཐའེ་ཝན་གྱི་རྩ་ཁྲིམས་ནང་བོད་དང་སོག་པོ། ཤིན་ཅང་བཅས་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་ཡོད་སྐོར་དང་། དམིགས་བསལ་ཐའེ་ཝན་ནང་གི་བོད་པའི་ཆོས་ཚོགས་ཁག་དང་སློབ་ཕྲུག་རྣམས་ལ་ཡིག་ཆ་ཚད་ལྡན་མེད་པ་དང་ངོས་འཛིན་མེད་པའི་དཀའ་ངལ། ད་དུང་སློབ་མ་ཚོས་ལས་ཀ་བྱས་མི་ཆོག་སྐོར་སོགས་བརྗོད་བྱུང་།

གཞན་ཡང་ད་རེས་ཚེ་རིང་མཐར་ཕྱིན་ལགས་ཀྱིས་རྒྱ་སྐད་གཏམ་བཤད་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པར། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འཚམས་འདྲི་ཡི་གེ་བཏང་ཡོད་པ་དང་དེའི་ནང་། ཉིད་རང་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་ཐའེ་ཝན་སུན་ཀྲུང་ཧྲན་དྲན་རྟེན་ཚོགས་ཁང་དུ་ཕྱི་རྒྱལ་སློབ་ཕྲུག་གི་རྒྱ་སྐད་གསུང་བཤད་འགྲན་བསྡུར་ཁྲོད་ཨང་རིམ་གཉིས་པའི་བྱ་དགའ་ཐོབ་པར་འཚམས་འདྲི་དང་། མུ་མཐུད་སློབ་སྦྱོང་ལ་རྩོལ་བ་ཆེ་བསྐྱེད་གནང་སྟེ་མ་འོངས་བོད་རང་དབང་གི་འཐབ་རྩོད་ལ་སྲི་ཞུ་རྒྱ་ཆེན་སྒྲུབ་ཐུབ་པའི་མི་སྣ་ཞིག་ཡོང་བའི་རེ་སྨོན་དང་བཅས། ཞེས་བརྗོད་འདུག

ཚེ་རིང་མཐར་ཕྱིན་ལགས་རང་ལོ་ ༡༢ སྟེང་བོད་ནས་རྒྱ་གར་དུ་འབྱོར་རྗེས་བོད་ཁྱིམ་སུ་ཇཱ་སློབ་གྲྭར་འཛིན་རིམ་ ༡༠ བར་སློབ་སྦྱོང་གནང་ཞིང་། དེ་རྗེས་བོད་ཁྱིམ་ཀོ་པལ་པུར་དང་ལྡི་ལི་རུ་མཐོ་སློབ་སོགས་འགྲེམས་རྗེས། ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་ཐའེ་ཝན་དུ་འབྱོར་ཏེ། ད་ལྟ་ཐའེ་ཝན་གྱི་ (taiwan normal university) གཙུག་ལག་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་གནང་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese