མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་ལ་ཀུ་བོད་ཁྱིམ་ཨོ་ཊར་ཁན་མངའ་སྡེའི་རྩེ་ཕུད་སློབ་གྲྭ་ཨང་རིམ་དྲུག་པར་ཚུད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

སེ་ལུ་ཀུ་བོད་ཁྱིམ་སློབ་གྲྭ་དེ་རྒྱ་གར་གྱི་སློབ་གྲྭ་ཁག་སུམ་སྟོང་ལྷག་གི་ཁྲོད་ནས་ཨོ་ཊར་ཁན་མངའ་སྡེ་དང་ལྡེ་ར་རྡུན་རྫོང་ཁོངས་ཀྱི་རྩེ་ཕུད་སློབ་གྲྭ་ཨང་དྲུག་པ་རེད་འདུག

སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ པར། བོད་ཀྱི་དུས་བབ།

ལོ་ལྟར་ཤེས་ཡོན་གྱི་འཇིག་རྟེན་ ( Education world) ཞེས་པའི་རྒྱ་གར་ནང་གི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་བབ་སོགས་མཚོན་པའི་སྙན་ཐོ་ཞིག་བཏོན་གྱི་ཡོད་པ་ལྟར། རྒྱ་གར་ནང་གི་སློབ་གྲྭ་ཁག་གི་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ལོའི་ཨང་རིམ་ཁྲོད། ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་སེ་ལ་ཀུ་བོད་ཁྱིམ་དེ། ཨོ་ཊར་ཁན་མངའ་སྡེའི་སློབ་གྲྭ་ཁག་གི་ཁྲོད་ཨང་རིམ་ ༦ པ་དང་། ལྡེ་རུ་ལྡུན་རྫོང་ཁོངས་ཀྱི་ཨང་ ༦ པ། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་ཁྲོད་ནས་ཨང་རིམ་ ༡༣༦ པར་ཚུད་ཡོད་པ་རེད།

དེའི་ཐད་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་རྒན་འབྲུག་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས། སློབ་གྲྭ་རྩེ་ཕུད་འདེམས་ཕྱོགས་ནི་རྒྱ་གར་ནང་གི་སློབ་གྲྭ་ཁག་སུམ་སྟོང་ལྷག་ལ་གནད་དོན་མི་འདྲ་བ་ ༡༤ ཡི་ཐོག་ཞིབ་འཇུག་དང་ཉམས་ཞིབ་བྱས་ཏེ་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་སློབ་གྲྭའི་བྱེད་སྒོ་རྣམ་གསུམ་དང་འབྲེལ་བའི་འགེངས་ཤོག་རིགས་བཀང་སྟེ།  རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ལ་ཕུལ་དགོས་སྐོར་དང་། དེ་མིན་འབྲེལ་ཡོད་ལས་བྱེད་དམིགས་བསལ་སློབ་གྲྭར་ཡོང་ནས་ཞིབ་འཇུག་བྱས་པ་ཞིག་མིན་པ་དང་། སློབ་གྲྭ་ཁག་ལ་ཨང་རིམ་སྤྲོད་ཕྱོགས་དེ་ཡང་སློབ་གྲྭའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཅིག་པུ་མིན་པར། སློབ་གྲྭའི་ཤེས་ཡོན་གྱི་གནས་བབ་སོགས་ཕྱོགས་ཡོངས་ཀྱི་བྱེད་སྒོ་ཁག་ལ་གཞི་བཞག་ནས་བརྒྱ་ཆ་སྤྲོད་ཀྱི་ཡོད་པ་ཞིག་ཡིན་སྐོར་བརྗོད་བྱུང་།

ལྡེ་ར་རྡུན་དུ་ཆགས་པའི་སེ་ལ་ཀུ་བོད་ཁྱིམ་ནི། ཕྱི་ལོ་ ༢༠༠༤ ལོར་ྋགོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་དབུ་འབྱེད་བྱས་ཡོད་ཅིང་།   ལོ་ལྟར་བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པ་ཐོན་པའི་རྩེ་ཕུད་སློབ་མ་གྲངས་ ༥༠ འདེམས་སྒྲུག་བྱེད་མུས་ཡིན་པ་དང་། དེ་བཞིན་འཛིན་རིམ་བཅུ་པ་ཐོན་པའི་ཚན་རིག་གི་སློབ་མ་རྩེ་ཕུད་རྣམས་སློབ་གྲྭ་དེར་འཛུལ་ཞུགས་བྱ་ཐུབ་ཀྱི་ཡོད་པ་རེད་ལ། ད་ལྟ་སློབ་གྲྭ་དེར་སློབ་མ་གྲངས་ ༤༢༠  ཙམ་ཡོད་ཅིང་། ལས་བྱེད་ ༥༠ ལྷག་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 1

  1. བསྟན་འཛིན་ཕུན་ཚོགས། says:
    ལོ་ 4 སྔོན།

    དངོས་ནས་དགའ་པོ་བྱུང་། སེ་ལ་ཀུའི་བོད་ཁྱིམ་དགེ་ལེགས་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese