མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་མཆོག་དང་ཁོང་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སློབས་སྟོན་པ་སྐུ་ཞབས་ན་ཀ་ཏ་ནི་ལགས་སུ་འཚམས་འདྲི་གནང་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida)མཆོག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཉེ་ཆར་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཀི་ཤི་ཌ་མཆོག་གིས་ཡུལ་དེའི་རྒྱལ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ན་ཀ་ཏ་ནི་(Gen Nakatani) ལགས་སྲིད་བློན་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སློབ་སྟོན་པར་བསྐོ་གཞག་གནང་བར་འཚམས་འདྲི་གནང་བའི་ནང་། སྐུ་ཉིད་ཧི་ཧོང་སྲིད་བློན་མཆོག་གི་དམིགསལ་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་གཞག་གནང་བར་ངས་དགའ་ཚོར་ཆེན་པོའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་བསྐོ་གཞག་གནང་བ་དེས་ཉི་ཧོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགན་ཁུར་གནང་གི་ཡོད་པ་མཚོན་ཡོད་པ་དང་། དེས་བོད་གཙོས་པའི་བཙན་གནོན་འོག་སྡུག་པོ་མྱངས་དང་མྱོང་བཞིན་པའི་འཛམ་གླིང་མི་མང་ས་ཡ་མང་པོར་རེ་བ་བྱིན་ཡོད། ཅེས་དང་། སྐུ་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གི་ཉམས་མྱོང་དང་། མཁྱེན་ཡོན་རྣམས་གཞིར་བཞག་ཐོག སྐུ་ཉིད་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཙམ་མིན་པར། འགྲོ་བ་མིའི་ཆེ་མཐོང་དང་། ཐོབ་ཐང་གོང་སྤེལ་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་རང་དབང་དང་། དྲང་བདེན། ཞི་བདེའི་རྩ་བ་རེད། ཅེས་གསུངས་འདུག

གཞན་ཡང་ཁ་སང་ཕྱི་ཚེས་ ༣ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཉེ་ཆར་བདམས་ཐོན་བསྐོ་གཞག་བྱུང་བའི་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida) མཆོག་ལ་འཚམས་འདྲི་ཞུས་པའི་ནང་། ངས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་སྲིད་བློན་གྱི་འགན་འཁུར་བླངས་པར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་ཡི་ཡོད་ཅེས་གསུངས་འདུག

ཉི་ཧོང་སྲིད་བློན་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ན་ཀ་ཏ་ནི་(Gen Nakatani)ལགས།

ཡང་ཚོགས་གཙོ་མཆོག་ནས། འཛམ་གླིང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ནང་ཉི་ཧོང་གི་བཀུར་འོས་གྲོས་ཚོགས་འཐུས་མི་ ༩༣ ཡོད་པ་དེས། ཉི་ཧོང་གིས་བོད་དོན་ཐོག་གཡོ་བ་མེད་པའི་རྒྱབ་སྐྱོར་ཡོད་པ་མཚོན་ནུས་པ་མ་ཟད། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་མཚོན་ན་དགའ་སྤོབས་འོས་པ་ཞིག་ཀྱང་རེད། སྐུ་ཉིད་ཀྱིས་སྐུ་ཞབས་ན་ཀ་ཏ་ནི་(Gen Nakatani) མཆོག་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སློབ་སྟོན་པར་བསྐོ་གཞག་གནང་པ་དེས་བོད་དོན་ཐད་རྒྱབ་སྐྱོར་ཇེ་བརྟན་དུ་བཏང་ཡོད་པར་ངོས་ནས་ཐུགས་རྗེ་ཆེ་ཞུ། ཞེས་དང་། ངས་མ་འོངས་པར་སྐུ་ཉིད་ནས་སོ་སོའི་ཐུན་མིན་ངོ་བོ་ལྡན་པའི་དམངས་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར། འགྲོ་བ་མིའི་ཆེ་མཐོང་བཅས་གོང་འཕེལ་གྱི་ཆེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་གི་མི་མང་དབར་གྱི་མཛའ་འབྲེལ་སྔར་བས་སྲ་བརྟན་དང་རྒྱ་བསྐྱེད་གནང་རྒྱུའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་འདུག

ཕྱི་ལོ་ ༢༠༢༠ ལོར་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྙུང་གཞིའི་རྐྱེན་པས་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་རྗེས། ཁོང་གི་ཕྱག་གཡས་པ་ལྟར་གྱུར་བའི་སྐུ་ཞབས་ཡོ་ཤི་ཧེ་དྷི་སུ་གྷ་ (Yoshihide Suga) མཆོག་སྲིད་བློན་དུ་བསྐོས་ཏེ་ལོ་གཅིག་ལྷག་འགོར་བའི་སྐབས་དང་། ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་མགོ་འཁྲིད་ཀྱི་འོས་མིའི་ཁོངས་སུ་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་གནང་བར་བརྟེན། ཕྱི་ཟླ་ ༩ ཚེས་ ༣༡ ཉིན་བསྡུས་པའི་གཞུང་འཛིན་ཚོགས་པའི་མགོ་འཁྲིད་ཀྱི་འོས་བསྡུ་ཁྲོད་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་མཆོག་ལ་རྒྱལ་ཁབ་ཐོབ་སྟེ། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ནས་ཉི་ཧོང་གི་སྲིད་བློན་གྱི་འགན་འཁུང་བླངས་ཡོད་ཅིང་། དེའི་རྗེས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་གུ་ཡངས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་མཆོག་ནས་མུ་མཐུད་ཉི་ཧོང་གི་སྲིད་བློན་གྱི་འགན་འཁུར་བླངས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese