མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཞིག་རྐྱེན་འདས་སུ་ཕྱིན་པར་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་སྲུང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཞིག་དང་བཟའ་ཟླ་བཅས་ཁྱོན་མི་གྲངས་བཅུ་གསུམ་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པར་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་སྩལ།

དེ་རིང་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་ཀྱི་སྤྱི་ཁྱབ་དམག་སྤྱི་བཀོད་འདོམ་དཔོན་གྷན་བྷེ་པིན་ར་ཝ་ཊི་ (Gen Bipin Rawat) མཆོག་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་པར་༧གོང་ས་མཆོག་གིས་ཐུགས་གསོ་སྩལ་གནང་མཛད་འདུག

དེ་ཡང་མགོན་པོ་གང་ཉིད་མཆོག་གི་ཐུགས་གསོའི་ནང་། ངོས་ནས་རྒྱལ་སྲུང་གི་སྤྱི་ཁྱབ་དམག་སྤྱི་བཀོད་འདོམས་པ་གྷན་བྷེ་པིན་ར་ཝ་ཊི་མཆོག་དང་། ཁོང་དང་ལྷན་དུ་ཐད་འཕུར་གནམ་གྲུའི་ནང་བསྐྱོད་མཁན་དག་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོས་པར་ཐུག་ཕམ་བྱུང་།

ངོས་ནས་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་སྤྱི་ཁྱབ་དམག་ཆེན་མོ་དང་ཁོང་དང་ལྷན་དུ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་ཞུ་བཞིན་ཡོད།

སྤྱི་ཁྱབ་དམག་སྤྱི་དཔོན་ཁོང་གིས་ཡུན་རིང་རྒྱལ་ཁབ་ལ་ཞབས་འདེགས་ཞུས་པར་གུས་བརྩི་ཞུ་ཡི་ཡོད། ཅེས་གསུངས།

གཞན་ཡང་། དེ་རིང་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་འབྲེལ་བའི་ཆེས་མཐོ་བའི་སྤྱི་ཁྱབ་དམག་སྤྱི་བཀོད་འདོམས་པ་གྷན་བྷེ་པིན་ར་མཆོག་འདས་གྲོངས་སུ་ཕྱིན་པའི་ཐད། སྲིད་བློན་མུ་དྷི་མཆོག་གི་གཙོས་རྒྱ་གར་དང་ཨ་སོགས་འཛམ་གླིང་གི་མགོ་འཁྲིད་མང་པོས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་བཞིན་འདུག

སྲིད་བློན་མུ་དྷི་མཆོག་གིས། ངེས་དོན་གྱི་རྒྱལ་ཞེན་ཅན་གྷན་བྷེ་པིན་ར་མཆོག་གིས། ང་ཚོའི་དམག་ཤུགས་དང་བདེ་སྲུང་གི་གནས་བབ་དེང་རབས་ཅན་དུ་བསྒྱུར་ཡོད། ཁོང་ལ་ཐབས་ཇུས་ཀྱི་གནད་དོན་ཐོག་འགྲན་ཟླ་བྲལ་བའི་མཁྱེན་ཡོན་ལྡན་ཡོད། ཁོང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་དེར་ཧ་ཅང་བློ་ཕམ་བྱུང་། ཞེས་བརྗོད་ཡོད་པ་དང་། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་བྷི་ལིག་ལགས་ཀྱིས། དེ་རིང་རྒྱ་གར་གྱི་རྒྱལ་སྲུང་དམག་སྤྱི་ཆེན་མོ་གྷན་བྷེ་པིན་ར་མཆོག་དང་། ཁོང་གི་སྐུ་ཟླ་དང་ཕྱག་རོགས་བཅས་རྐྱེན་འདས་སུ་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ང་ཚོས་དམག་སྤྱི་ཁོང་རང་གི་རྒྱལ་ཁབ་ལ་ཁྱད་དུ་འཕགས་པའི་ཞབས་འདེགས་དང་། ཨ་རི་དང་རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་ཐད་ཞལ་འདེགས་ཞུས་ཡོད་པ་དག་དྲན་བཞིན་ཡོད། ཅེས་བརྗོད་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༤༥ སྟེང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཁོང་དང་བཟའ་ཟླ། ལས་རོགས་བཅས་ཁྱོན་མི་གྲངས་ ༡༤ ཨུ་རུ་སུས་བཟོ་བསྐྲུན་བྱས་པའི་ (Mi-17V5)  ཐད་འཕུར་གནམ་གྲུ་ཞིག་ལ་བསྡད་ནས། རྒྱ་གར་དམག་གི་གནམ་ཐང་ཆེ་ཤོས་གཉིས་པ་ (Sulur Air Base) ནས་ཊ་མེལ་ན་ཌའུ་(Wellington)རྫོང་དུ། དམག་མི་གསར་བ་རྣམས་ལ་ཐུག་འཕྲད་ཀྱི་མཛད་རིམ་ཞིག་གི་སླད་དུ་བསྐྱོད་བཞིན་པའི་སྐབས། གློ་བུར་དུ་གནམ་གྲུར་བརྡབ་ཤོར་ནས་གནམ་གྲུའི་ནང་གི་མི་གཅིག་མ་གཏོགས་ཚང་མ་འདས་གྲོངས་སུ་ཕྱིན་ཡོད་འདུག

རྒྱ་གར་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། སང་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་དམག་སྤྱི་ཁོང་དང་བཟའ་ཟླ་གཉིས་ཀྱི་འདས་མཆོད་སྒྲུབ་གཏན་འཁེལ་ཡོད་པ་དང་། དམག་སྤྱི་ཆེན་མོ་གྷན་བྷེ་པིན་ར་མཆོག་ནི་སྲིད་བློན་མུ་དྷིའི་གཞུང་འཛིན་སྐབས་ཀྱི་ཆེས་མཐོ་བའི་སྤྱི་ཁྱབ་དམག་སྤྱི་དང་བོ་ཆགས་ཀྱི་ཡོད་ཅིང་། ཁོང་ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨོ་ཊར་ཁན་ནང་སྐྱེས་ཤིང་། དམིགས་བསལ་རྒྱ་གར་གྱི་དམག་ཤུགས་དེང་རབས་ཅན་དུ་བསྒྱུར་བར་གཙོ་འདོན་གནང་མཁན་ཞིག་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༤ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese