མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ནོར་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༣༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་ཚོགས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ནི་བཅའ་ཁྲིམས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་གལ་ཆེ་ཤོས་དེ་ཡིན་སྟབས། བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། བོད་མི་མི་རེ་ངོ་རེ་ཡིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། ཕྱི་ལོ་ ༡༩༨༩ ལོར་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ། ལོ་ངོ་ཧྲིལ་བོ་ ༣༢ འཁོར་བའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད་བཅས་འཛོམས་འདུག་ལ་། མཛད་སྒོ་སྟེང་བོད་ཀྱི་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་བསྟོད་དབྱིངས་གྱེར་བ་དང་བསྟུན་གསོལ་ཇ་འདེགས་འབུལ་ཞུས་གྲུབ་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ངོས་ནས། བོད་ཀྱི་སྨན་རྩིས་ཁང་གི་ཁ་ལོ་བ་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་བསྒྲུབས་ཏེ་ཞབས་ལོ་ ༢༥ འཁོར་བར་ཆེ་བསྟོད་གཟེངས་རྟགས་དང་ལེགས་སྐྱེས་ཕུལ་གནང་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སྐབས།  དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་མཛད་སྒོ་འདིར། ང་ཚོས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དུས་ཆེན་གྱི་དགའ་སྟོན་ལ་རོལ་ཆོག་ནའང་། ༸མགོན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་གཞིས་བཞུགས་སྤུན་ཟླ་ཚོར་རྩ་བའི་བླ་མའི་༸སྐུ་པར་ཉར་གཤོམ་གྱི་རང་དབང་ཙམ་ཡང་མེད། དུས་མཚུངས་སུ་དེ་རིང་ད་དུང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡུལ་ལུང་གང་སར་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་ནའང་། བོད་ནང་གི་བོད་མི་ཚོར་མཁར་དབང་དང་། འདོད་དབང་། ཆོས་དད། འགྲོ་འོང་། སྨྲ་བརྗོད། འདུ་འཛོམས། རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་སྐལ་བ་ཙམ་ཡང་མེད་ཁར། རྒྱ་གཞུང་གིས་འཕྲལ་སེལ་དགོས་མཁོའི་ཆེད་དུ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་། བོད་མིའི་ངོ་བོ་རྩ་བརླག་གཏོང་བའི་གདུག་རྩུབ་སྲིད་ཇུས་ཀྱི་གནོན་བཙིར་ཉིན་མཚན་དུ་མྱོང་དགོས་ཀྱི་ཡོད།

བོད་རྒྱ་གཉིས་ཀར་གྱོང་ལས་ཁེ་མེད་པའི་རྒྱ་གཞུང་གི་ནོར་འཁྲུལ་སྲིད་ཇུས་དེ་རིགས་ཁུངས་འཁྱོལ་ཐབས་མེད་ངེས་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ནས་རྒྱ་ནག་གཞུང་ལ་འབྲེལ་གཏུག་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བའི་འབད་བརྩོན་བྱ་རྒྱུའི་ཆོད་སེམས་གཞིར་བཞག་ཐོག །དེ་སྔ་རིམ་པར་ཞུས་ཟིན་པ་ལྟར། བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་དང་། དེ་མཚུངས་སུ་རྒྱ་གཞུང་གི་ནོར་འཁྲུལ་སྲིད་ཇུས་དེ་རིགས་མཚམས་འཇོག་དང་ཡོ་བསྲང་དགོས་པའི་ཡིག་ཆ་ཞིག་ཀྱང་རྒྱ་ནག་གཞུང་ལ་རིང་མིན་སྤྲོད་འཆར་ཡོད།

ཉེ་ལམ་སྐབས་ ༡༦ པའི་བཀའ་ཤག་གིས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་དབུ་འཛུགས་ཀྱི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། འཛམ་གླིང་ཡུལ་གྲུ་གང་སར་གནས་བཞུགས་གཞོན་སྐྱེས་གཙོས་པའི་བོད་མི་མི་རེ་ངོ་རེ་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་སྟེ། བོད་དོན་བདེན་མཐའ་གསལ་ཐབས་སུ་སོ་སོའི་སེམས་ཤུགས་དང་ནུས་རྩལ་འདོན་སྤེལ་ཡོང་བའི་འབོད་སྐུལ་ཞུ་ཡི་ཡོད་ལ། བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། བོད་དོན་བདེན་མཐའ་གསལ་བའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱ་རྒྱུ་ནི་བཅའ་ཁྲིམས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་གལ་ཆེ་ཤོས་དེ་ཡིན་སྟབས། རང་དབང་ལུང་པར་གནས་འཁོད་བོད་མི་གང་མང་ཞིག་ལས་འགུལ་འདིར་མཉམ་ཞུགས་གནང་ཐུབ་པའི་ཡིད་ཆེས་ཡོད་ཅིང་། འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་གཞིས་བཞུགས་སྤུན་ཟླའི་མགྲིན་ཚབ་པ་བྱེད་དགོས་པའི་བཀའ་སློབ་རིམ་པར་བསྩལ་བའི་དགོངས་དོན་ཡང་ཡིན། དུས་དྲན་མཛད་སྒོ་འདི་དང་བསྟུན། བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་རོགས་རམ་གནང་མཁན་རྒྱ་གར་དང་ཨ་རིས་གཙོས་པའི་མཛའ་འབྲེལ་རྒྱལ་ཁབ་ཁག་དང་། བོད་དོན་རྒྱབ་སྐྱོར་བ། བོད་ཀྱི་གྲོགས་པོ་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་གསུང་བཤད་སྒྲོག་སྤྱངས་གནང་སྐབས། ༸གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དེ་དག་ནི་བོད་མི་ཡོངས་དང་། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་མི་སྒེར་སོ་སོའི་ངོས་ནས་བྱེད་ཐུབ་པ་གང་ཡོད་པ་དང་། མི་གཞན་དང་། མི་རིགས་གཞན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ནུས་པ་གང་ཡོད་འདོན་དགོས་པ་ནི། མགོན་པོ་གང་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས་བཟློག་མེད་ཀྱི་འགན་ཁུར་ཡོད་པ་དང་། མི་རེ་ངོ་རེ་བཞིན་རླབས་ཆེན་གྱི་བཞེད་དགོངས་འདི་ལ་སློབ་སྦྱོང་དང་། ཉམས་ལེན། ཁྱབ་སྤེལ་བྱེད་དགོས་པ་ནི་འཇིག་རྟེན་སྤྱི་ཡོངས་དང་། གང་ཟག་སྒེར་སོ་སོའི་ངོས་ནས་བཤད་ཀྱང་ཚེ་འདི་ཕྱི་གཉིས་ལ་གལ་གནད་ཆེན་པོར་གྱུར་ཡོད།

དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་སྟབས། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་ཧམ་བཟུང་བྱས་པར་ཞི་བས་བཅིངས་འགྲོལ་བཏང་ལུགས་ཀྱི་ལོ་ ༧༠ འཁོར་ཟེར་བའི་དུས་དྲན་སྲུང་བརྩི་བྱས་པ་དང་། དེ་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཟེར་བའི་དཔེ་དེབ་འགྲེམས་སྤེལ་གྱིས་མི་བདེན་རྫུན་སྒྲིག་དང་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་ཡོད་པ། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་འཆར་ཡོད་པ་བཅས་ནི་དྲང་བདེན་དང་བཟང་སྤྱོད་མེད་པའི་བྱེད་སྒོ་སྤེལ་བ་འདི་རིགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ལེན་ནམ་ཡང་མེད་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེ་ལུགས་བསམ་གཞིགས་དགོས་པའི་དུས་ལ་བབ་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད།

རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་། དེ་བཞིན་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་བཅས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན། ལྷག་པར་དུ་བོད་ས་སྟོད་སྨད་བར་གསུམ་དུ་དམ་དྲག་ཤུགས་ཆེ་བྱས་ནས་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་ཡོད་པ་དང་། དགོན་སྡེ་མང་པོ་ཞིག་གཏོར་བཤིག དགོན་སྡེ་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་རྣམས་ཀྱི་འདྲ་པར་བཙན་གྱིས་སྒྲིག་གཤོམ་བྱེད་དུ་བཅུག་ཅིང་། དུས་རྒྱུན་དམར་པོའི་སློབ་གསོ་སྣ་ཚོགས་སྤེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་ཆེ་ཁག་ཏུ་རྒྱ་མི་གང་མང་གནས་སྤོས་ཀྱིས་གཏན་སྡོད་བྱེད་དུ་བཅུག་སྟེ། བོད་མི་ནི་བོད་ས་རང་ནས་གྲངས་ཉུང་མི་རིགས་སུ་གྱུར་ཏེ། བོད་མི་རྣམས་རྒྱ་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།

བོད་གཞུང་མང་གཉིས་ནས་༸གོང་ས་མཆོག་གི་དགོངས་གཞི་ཟབ་མོ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་མ་འོངས་པར་བོད་རྒྱ་གཉིས་ཕན་གྱི་མདུན་ལམ་ལ་དམིགས་ནས། འཚེ་མེད་ཞི་བའི་རྒྱ་ལས་མི་འདའ་བར་བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་དང་འཆར་གཞི་གཞིར་བཟུང་མདུན་བསྐྱོད་བྱེད་བཞིན་ཡོད། རྒྱ་གཞུང་གིས་ཉེ་ཆར་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཙམ་ལས། བོད་དང་འབྲེལ་བའི་གནད་དོན་གང་ཡང་མེད་པའི་ལོག་བཤད་མུ་མཐུད་བྱེད་བཞིན་ཡོད་པས། རྒྱ་གཞུང་གི་འགོ་ཁྲིད་རྣམས་ལ་བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་དང་ཆོད་སེམས་གཏན་པོ་མེད་པ་ཁ་གསལ་དུ་འགྲོ་བཞིན་ཡང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་མཛད་འཕྲིན་དང་། བོད་ནང་གི་བོད་མིའི་སེམས་ཤུགས་དང་ལ་རྒྱ་བཅས་ལ་བརྟེན་ནས་བོད་དོན་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པའི་གོ་སྐབས་དང་བསྟུན། བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ངོ་སྤྲོད་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ལས་འགུལ་སྤེལ་ཏེ།  བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སྲ་བརྟན་གཏོང་ཐབས། བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་མི་བརླག་པའི་ཐབས་ཤེས་གང་ཡོད་ཀྱིས་མདུན་བསྐྱོད་བྱ་དགོས། ཞེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese