མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་རྒྱ་གར་གྱི་མགོ་ཁྲིད་མི་སྣ་གསུམ་ལ་དམིགས་བསལ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མགོ་ཁྲིད་མི་སྣ་གསུམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་འདུག

His Holiness grants a special Audience to three of RSS Leaders. Photo: OHHDL

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་(RSS)ཚོགས་གཙོ་མོ་ཧན་བྷག་ཝ་ཊི་(Mohan Bhagwat) མཆོག་དང་མགོ་འཁྲིད་རྒན་གྲས་ཨིན་དྷི་རེ་ཤི་ཀོ་མར་(Indresh Kumar)མཆོག དེ་བཞིན་ཚོགས་པའི་བྱང་ཕྱོགས་སྤྱི་ཁྱབ་པ་བཅས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་བཅས་བསྩལ་གནང་འདུག

གསར་འགོད་པས་སྐུ་ཞབས་ཨིན་དྷི་རེ་ཤི་ཀོ་མར་མཆོག་ལ་མཇལ་ཁའི་བཀའ་སློབ་ཅི་སྩལ་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། ༧གོང་ས་མཆོག་གིས་རྒྱ་གར་ནི་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་བུ་ཞིག་ཆགས་ཡོད་པ་ལྟར། རྒྱ་གར་གཞུང་མང་གཉིས་ཀྱིས། རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་དེ་ཉིད་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་སྩལ་ཡོད་སྐོར་གསུངས་བྱུང་བ་དང་།  མཇའ་ཁའི་སྐབས་སུ་སྐུ་ཞབས་ཨིན་དྷི་རེ་ཤི་ཀོ་མར་མཆོག་གིས་ཀྱང་༧གོང་ས་མཆོག་ལ། རྒྱ་གར་གྱིས་མུ་མཐུད་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་སྙན་གསེང་ཞུས་ཡོད་འདུག

ཡང་གཟུང་ཆུང་མཇལ་ཁ་དེ་དང་འབྲེལ་བའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ད་རེས་རྒྱ་གར་དཔོན་རིགས་ཀྱི་མཇལ་ཁ་དེ་རྒྱ་གར་ནང་གི་ཚོགས་པ་ཆེ་ཤོས་གྲས་ཏེ། རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མགོ་འཁྲིད་རྣམས་ལ་རེད། ཁོང་རང་ཚོའི་ཕྱག་ལས་མང་ཆེ་བ་དེ་རྒྱ་གར་ནང་ལོགས་དང་རྒྱ་གར་མི་མང་གི་བདེ་སྡུག་དང་འབྲེལ་བ་ཡིན་པར་སོང་། ད་རེས་༧རྒྱལ་བ་རིན་པོ་ཆེའི་མཇའ་ཁའི་སྐབས་སྲིད་སྐྱོང་བཅར་མི་དགོས་པ་བཟོས་པ་རེད། ལྷག་པར་དུ་༧སྐུ་མདུན་ནས་གནད་ཡོད་མི་སྣ་ཁ་ཤས་ལ་མཇལ་ཁ་གནང་གི་ཡོད་པ་རེད། མ་གཏོགས་ཚང་མར་མཇལ་ཁ་གནང་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན།  ད་ལྟ་ནད་ཡམས་འཇགས་མེད་པ་རེད། དེར་བརྟེན། ད་རེས་དམིགས་བསལ་བྱས་ནས་ཁོང་རྣམ་པ་གསུམ་ལ་མཇལ་ཁ་གནང་བ་རེད། ནམ་རྒྱུན་མི་གཉིས་རེར་མ་གཏོགས་མཇལ་ཁ་གནང་གི་མེད། ཅེས་གསུངས་བྱུང་།

གཞན་ཡང་། ད་རེས་དམིགས་བསལ་མཇལ་ཁའི་སྐབས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་བཀའ་བློན་རྣམ་པ་བཅས་ནས་རྒྱ་གར་རྒྱལ་ཡོངས་དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་མགོ་ཁྲིད་དེ་དག་ལ་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese