མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་འཕགས་བོད་ས་མཚམས་ཀྱི་སྐུ་སྲུང་ནཱ་རིན་ཅན་ཌིར་ཌཱ་སི་ལགས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་ཐོག་མར་བཙན་བྱོལ་དུ་ཕེབས་སྐབས། བོད་དང་རྒྱ་གར་གྱི་ས་མཚམས་ནས་སྐུ་སྲུང་ཕེབས་བསུ་ཞུ་མཁན་ཨ་སམ་གྱི་དམག་མི་ནཱ་རིན་ཅན་ཌིར་ཌཱ་སི་(Naren Chandra Das)ལགས་དགུང་གྲངས་ ༨༢ འདས་གྲོངས་སུ་ཕྱིན་ཡོད་འདུག

The Dalai Lama who has lived in exile ever since fleeing Tibet in 1959, was visibly emotional as he embraced Naren Chandra Das Photograph: Biju Boro/AFP/Getty Images

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། ཉིན་དེར་༧གོང་ས་མཆོག་གིས་ཨ་སམ་གྱི་དམག་མི་ནཱ་རིན་ཅན་ཌིར་ཌཱ་སི་(Naren Chandra Das)ལགས་ལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་དང་སྦྲགས།  ལོ་ངོ་ ༥༨ ཀྱི་ཡར་སྔོན་དུ་ངོས་ལ་ཉེན་སྲུང་དང་བསུ་མ་གནང་མཁན་ཨ་སམ་གྱི་ཉེན་སྲུང་དམག་མི་འདི་འདྲ་རྒན་པ་ཞིག་ལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ཞེས་གསུངས་ཡོད་འདུག

ཡང་སྐབས་དེར་སྐུ་སྲུང་དམག་མི་ཁོང་གིས་གསར་འགོད་པར། ལོ་ངོ་ཧ་ཅང་མང་པོའི་རྗེས་སུ་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་སྐོར་བརྗོད་པ་དང་འབྲེལ། ཕྱི་ལོ་ ༡༩༥༩ ལོར་ཁོང་ཨ་རུ་ནཱ་ཅལ་གྱི་གྲོང་སྡེ་ལུམ་ལཱ་(Lumla )རུ་བཞུགས་ཡོད་པ་དང་། ཉིན་ཞིག་གི་མཚན་མོའི་ཆུ་ཚོད་ ༣ པ་ཡས་མས་སུ། དམག་དཔོན་གྱིས་གློ་བུར་དུ་ཁོང་ཚོ་གཉིད་ལས་བསླངས་ཏེ། མགྱོགས་པོར་ཞོགས་ཟས་ཟ་དགོས་པ་དང་། ཉིན་གུང་གི་ཟ་མ་ཐུམ་བུར་རྒྱག་དགོས་པའི་བཀའ་བརྡ་བསྒྲགས་ཡོད་པ་དང་། དེ་ནས་དམག་སྡེའི་བཀོད་འདོམས་པ་ནག་ཌེ་བྷ་སིན་གུ་རུང་(Naik Debu Singh Gurung)ལགས་ཀྱིས་སྣེ་འཁྲིད་དེ། ཁོང་ཚོ་ཉེན་སྲུང་དམག་མི་དྲུག་གིས་མེ་མདའ་འཁུར་ཏེ་ཤཱག་ཊི་( Shakti )རུ་ལམ་ལ་ཆས་ཤིང་། ལམ་བར་དུ་འགྲོ་ལམ་དང་འཕྲུལ་འཁོར་རིགས་མེད་ལ། ཐ་ན་སྒྲ་སྡུད་ཀྱི་བརྡ་རྟགས་ཀྱང་མེད་པ་དང་། ཤཱག་ཊི་རུ་རྐང་པ་བརྒྱབ་སྟེ་ཕྱིན་ན་ཉིན་གཉིས་འགོར་གྱི་ཡོད་ཀྱང་ཁོང་ཚོ་ཉིན་གཅིག་གི་ནང་ཤཱག་ཊི་རུ་བདེ་འབྱོར་བྱུང་ཞིང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཐོ་རངས་ཆུ་ཚོད་ ༦ པ་ཡས་མས་སུ། ༧གོང་ས་མཆོག་དང་ཁོང་གི་སྐུ་སྲུང་བ་ ༢༠ ལ་སྲུང་བྱ་ཕེབས་བསུ་ཞུས་ཏེ་ཕྱིར་ལོག་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་ལུམ་ལཱ་རུ་བདེ་འབྱོར་བྱུང་། སྐབས་དེར་ཁོང་ཚོ་ལོ་ན་གཞོན་པས་ལམ་བར་ཧྲིལ་པོར་རྒྱུགས་འདུར་གྱིས་༧གོང་ས་མཆོག་གི་ཆིབས་རྟའི་རྗེས་ཆོད་ཐུབ་པ་ཞུས་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན། ཕྱི་ལོ་ ༢༠༡༨ ལོར་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྟེང་འདས་པོ་དམ་པ་ནཱ་རིན་ཅན་ཌིར་ཌཱ་སི་ལགས་སྐུ་མགྲོན་དུ་བསུས་ཏེ། སྐབས་དེར་༧གོང་ས་མཆོག་གིས་ཁོང་ལ་མཇལ་ཁ་དང་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་ཀྱང་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོར་དམག་ཟུར་དམ་པ་ནཱ་རིན་ཅན་ཌིར་ཌཱ་སི་ལགས་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་སྐབས། རྒྱ་གར་གྱི་གཙོ་བྱས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོས་༧གོང་ས་མཆོག་དང་ཁོང་གཉིས་ཀྱི་འབྲེལ་ལམ་དང་མྱོང་ཚོར་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་མྱོང་ཡོད་པ་ལས། ད་ལྟ་དམིགས་བསལ་འདས་པོ་ཁོང་གི་མི་སྒེར་གྱི་ལོ་རྒྱུས་སོགས་བརྒྱུད་ལམ་ཁག་དང་དམིགས་ཨ་སམ་གྱི་བརྒྱུད་ལམ་ཁག་ཏུ་གསལ་གྱི་མི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese