མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་ཕྱི་སྲིད་བློན་ཆེན་ཨན་ན་ལེ་ན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རང་ཉིད་རྒྱ་ནག་གི་ཨོ་ལིམ་ཕིག་སྟེང་མཉམ་ཞུགས་བྱ་རྒྱུ་མིན་པ་དང་འཇར་མན་དང་ཡུ་རོབ་མཐུན་ཚོགས་ཞུགས་རྒྱུ་ཡིན་མིན་ད་དུང་གྲོས་བསྡུར་བྱས་མེད་སྐོར་བརྗོད་འདུག

German Foreign Minister Annalena Baerbock addresses the media during a statement on Afghanistan at the foreign office in Berlin, Germany, December 23, 2021. Michael Sohn/Pool via REUTERS – RC2BKR91G6VE

ཁ་སང་ཕྱི་ཚེས་ ༢༩ ཉིན་འཇར་མན་ཕྱི་སྲིད་བློན་ཆེན་ཨན་ན་ལེ་ན་ (Annalena Baerbock) ལགས་ཀྱིས། གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་གནང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཚོས་ཕྱི་སྲིད་བློན་ཆེན་ལྕམ་ཨན་ན་ལེ་ན་ལགས་སུ། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་འཇར་མན་རྒྱལ་ཁབ་ཞུགས་རྒྱུ་མིན་པ་འམ་ཡང་ན་ཕྱི་སྲིད་བློན་ཆེན་རང་ཉིད་མཉམ་ཞུགས་གནང་རྒྱུ་མིན་སྐོར་དོགས་འདྲི་བྱས་པར་ཁོང་གིས། ང་རྩེད་རིགས་ལ་དགའ་པོ་ཡོད་ཀྱང་། ད་ཐེངས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་མིན་ཞེས་རང་ཉིད་ཀྱི་སྒེར་གྱི་ཐག་གཅོད་ཅིག་ཡིན་པ་ཡོངས་བསྒྲགས་གནང་ཡོད་འདུག

ཡང་འཇར་མན་སྲིད་བློན་ཞིག་རྒྱ་ནག་གི་ཨོ་རྩལ་འགྲན་སྟེང་མཉམ་ཞུགས་གནང་རྒྱུ་མིན་སྐོར་བསྒྲགས་པ་དེས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་བརྡ་ལན་ག་འདྲ་ཞིག་སྟོན་གྱི་ཡོད་མེད་དྲིས་སྐབས་མོས། འཇར་མན་གྱིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་མིན་ནི། ཡུ་རོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཁབ་ཁག་དང་གྲོས་བསྡུར་གྱིས་ཏེ་ཐག་གཅོད་རྒྱུའི་གནད་དོན་ཞིག་ཆགས་ཡོད་པའི་ལན་འདེབས་གནང་ཡོད་འདུག

སྤྱིར་ད་རེས་ལྕམ་ཨན་ན་ལེ་ན་ལགས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་མིན་སྐོར་བརྗོད་པ་དེ་ནི། ད་བར་འཇར་མན་གྱི་ཕྱི་སྲིད་བློན་ཆེན་གཅིག་གིས་ཀྱང་གནང་མྱོང་མེད་པ་ཞིག་ཆགས་ཀྱི་ཡོད་འདུག་ལ། ཉེ་ལམ་ཕྱི་ཚེས་ ༦ ཉིན་ཨ་རི་དང་དེ་ནས་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་བཅས་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་འོག སྔ་གཞུག་ཏུ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་གནང་ཡོད་ཀྱང་། ཧྥ་རན་སིའི་སྲིད་འཛིན་མཱ་ཁུ་རོན་ལགས་ཀྱིས། གཞུང་འབྲེལ་ངོ་རྒོལ་བྱེད་པ་ནི་མཚོན་དོན་ཙམ་ཡིན་པས། ཧྥ་རན་སིའི་ངོས་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱ་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད།

ཡང་འདི་ལོའི་ཕྱི་ཟླ་ ༢ ནང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༡༨༠ ལྷག་གིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་སྦྲགས། འཛམ་གླིང་རྒྱལ་ཁབ་ཁག་དང་ལུས་རྩལ་བ་མི་སྒེར་སོགས་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་དང་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། ལས་འགུལ་དེའི་ནང་རང་རེའི་བཙན་བྱོལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཀྱང་ཆ་ཤས་བླངས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད།

རྒྱལ་སྤྱིའི་ངོ་རྒོལ་ལས་འགུལ་དེའི་ཐད། རྒྱ་ནག་གཞུང་གིས་ལན་འདེབས་རིམ་པ་བྱས་ཏེ། འཛམ་གླིང་རྒྱལ་ཁབ་གང་ཞིག་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་ཚེ། རྒྱ་ནག་གིས་རྒྱལ་ཁབ་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་བ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་གཞུང་འབྲེལ་མི་སྣ་ ༡༨ རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་ཡིན་པའི་ཐོངས་མཆན་ཞུས་ཡོད་སྐོར་བརྗོད་ཡོད་ལ། ཨ་རིའི་ཕྱོགས་ནས་དེ་འབྲེལ་གནས་ཚུལ་གྱི་ཐད་གཞུང་འབྲེལ་ལན་འདེབས་གང་ཡང་གནང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese