མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་ཕྲག་ནང་བོད་མི་ ༡༢  ལ་ཏོག་ནད་འགོས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་པའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་ཅུང་མང་དུ་འགྲོ་ཡི་ཡོད་སྟབས་ཚང་མས་ཕྱི་ལོ་གསར་པའི་དགའ་སྟོན་འདུ་འཛོམས་སོགས་ཀྱི་སྐབས་སུ་རིམས་ནད་སྔོན་འགོག་ལ་དོགས་གཟོན་ནན་པོ་དགོས་སྐོར་འབོད་སྐུལ་གནང་འདུག

ཁ་སང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་  ༩༢  པ་སྤེལ་སྐབས། འདས་པའི་བདུན་ཕྲག་གཅིག་ནང་ཏོག་དབྱིབས་ནད་པ་གསར་པ་  ༡༢ བྱུང་ཡོད་པ་དང་།   རྒྱ་གར་ནང་གི་ས་གནས་ཁག་ ༦ དང་བལ་ཡུལ་ནང་གི་ས་གནས་གྲངས་  ༡ བཅས་སུ་རང་ཁྱིམ་ལ་ཟུར་བཀག་ཏུ་སྡོད་མཁན་བོད་མི་ ༨༣ དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་  ༥༤ བཅས་ཁྱོན་ཟུར་བཀག་ཁང་དུ་བོད་མི་  ༡༣༨ ཡོད་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། ཉེ་ལམ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་འགྲོ་མུས་ཡིན་པའི་ཏོག་ནད་གསར་པ་ཨོ་མེ་ཁི་རོན་ལ་དོགས་གཟོན་ནན་མོ་བྱས་ཏེ། ཚང་མས་ཁ་རས་སོགས་གྱོན་དགོས་པ་དང་། སྤྱི་ཚོགས་རྒྱང་བཀྱེད་ཀྱི་བར་ཐག་འཇོག་དགོས། དེ་བཞིན་ད་བར་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཡོད་པའི་བོད་མི་ཚོས་ཏོག་ནད་སྔོན་འགོག་སྨན་ཁབ་མང་པོ་ཞིག་བརྒྱབ་ཟིན་ཡོད་ཀྱང་། ད་དུང་སྨན་ཁབ་རག་མེད་པའི་རིགས་མང་པོ་ཞིག་འདུག་པས། ཚང་མས་རང་གཞན་ཚང་མའི་བདེ་འཇགས་དང་སྔོན་འགོག་གི་སླད་དུ། ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱག་དགོས་པ་དང་། དེ་བཞིན་རིམས་ནད་དེས་གློ་བ་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཆང་རག་དང་ཐ་མག་སྤྱོད་མཚམས་བཞག་པའམ་ཉུང་དུ་གཏོང་ཐབས་བྱས་ཏེ་རང་རང་གི་འཕྲོད་བསྟེན་སོགས་ལ་ཐུགས་སྣང་དགོས་པའི་རེ་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། ཏོག་དབྱིབས་རིམས་ནད་ཀྱི་ནད་ཡམས་འདི་མཆེད་ནས་ད་བར་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་པ་དང་། ཉེ་ལམ་ཏོག་ནད་ཀྱི་གཉན་སྲིད་གསར་པ་དེ་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས། ཡུ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བའི་ནང་དུ་མཚན་མོ་འགྲུལ་བཞུད་སོགས་བཀག་སྡོམ་བྱེད་མུས་ཡིན་ལ། རྒྱ་གར་གྱི་མངའ་སྡེ་གྲངས་ ༢༢ ཙམ་གྱི་ནང་དུ་ཏོག་ནད་གསར་པའི་ནད་ཡམས་ཁྱབ་གདལ་འགྲོ་མུས་ཡིན་ཡང་། ད་ལྟ་བོད་པའི་སྤྱི་ཚོགས་ཁྲོད་སློབ་མ་རྣམས་དགུན་ཁའི་གུང་སེང་བཏང་བ་དང། དགུན་ཚོང་དུ་སྐྱོད་མཁན་རིགས་གཞིས་ཆགས་སུ་ལོག་པ། དེ་བཞིན་སྤྱི་ལོ་གསར་པའི་དུས་སྟོན་སོགས་ཀྱི་དབང་གིས། འགྲུལ་བཞུད་ཧ་ཅང་ཆེ་བའི་དུས་ཚིགས་ཤིག་ཡིན་པས། ཚང་མས་ཏོག་ནད་ཀྱི་གཉན་རིམས་གསར་པར་ཡིད་གཟབ་བྱ་དགོས་པ་དང། སྔོན་འགོག་སོགས་ཀྱི་སླད་དུ་འཁྲུལ་ཐང་དང་རིན་ཆེན་རིལ་བུ་སོགས་བསྟེན་དགོས་པའི་ལམ་སྟོན་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཉེ་ལམ་འཛམ་གླིང་ས་ཁོངས་གང་སར་ཏོག་དབྱིབས་རིམས་ནད་ཀྱི་ནད་ཡམས་ཁྱབ་གདལ་དུ་འགྲོ་མུས་ཡིན་པ་དང་། རྒྱ་གར་དུའང་ཏོག་དབྱིབས་རིམས་ནད་དང་ཏོག་ནད་ཀྱི་གཉན་སྲིན་གསར་པ་འགོས་པའི་ནད་པ་མང་དུ་འགྲོ་མུས་ཡིན་པ་རེད། དེ་བཞིན་ཉེ་ལམ་རྒྱ་གར་དབུས་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་ལྟར།  ཕྱི་ཟླ་ ༡ ཚེས་ ༣ ནས་རྒྱ་གར་གཞུང་གིས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱག་འཆར་ཡོད་པ་དང་། དེ་བཞིན་སྨན་ཁང་གི་ལས་བྱེད་དང་། གདོང་མཆོང་སྨན་པ། ལོ་དྲུག་ཅུ་ཡན་གྱིི་ནད་པ་རྣམས་ལ་སྔོན་འགོག་སྨན་ཁབ་གསུམ་པ་དེ་བརྒྱག་འཆར་ཡོད་ཀྱང་། བོད་མི་ཚོས་ཏོག་ནད་ལ་སྣང་མེད་དུ་མ་བཞག་པར་ཕྱི་ལོ་གསར་པའི་དུས་སྟོན་སོགས་ལ་ཡིད་གཟབ་དང་སྔོན་འགོག་བྱ་དགོས་པའི་ལམ་སྟོན་སོགས་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༦༩༨༨ བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་  ༦༨༡༥ དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༢། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༡༡  ཡོད་འདུག

 དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདས་པའི་ཆུ་ཚོད་ ༢༤ རིང་ལ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་གྲངས་ ༡༦༧༦༤ བྱུང་ཡོད་པ་དང་།  མི་གྲངས་ ༢༢༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ།  ད་ལྟ་རྒྱ་གར་ནང་དུ་ཏོག་ནད་ཀྱི་གཉན་སྲིན་གསར་པ་འགོས་པའི་མི་གྲངས་ ༡༢༧༠ ལྷག་བྱུང་སྟེ། སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བའི་མགོ་བཙུགས་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

སྐར་མ ༦ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese