མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་གིས་ཤིན་ཅང་ཁུལ་དུ་ཚོང་ཁང་ཞིག་སྒོ་ཕྱེས་པར་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་ཁང་གིས་ཤིན་ཅང་ནང་ཚོང་ཁང་ཞིག་སྒོ་འབྱེད་བྱས་པར་ཨ་རི་གཙོ་བྱས་པའི་ཚོགས་སྡེ་ཁག་མང་པོས་སྐྱོན་བརྗོད་དང་འབྲེལ། ཚོང་ཁང་དེ་སྒོ་རྒྱག་དགོས་པའི་སྐུལ་མ་གཏོང་གི་འདུག

ད་ལྟའི་ཆར་ཨ་རིའི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་འོག ཨ་རིའི་བཟོ་ཚོང་ཁང་དག་གིས་ཤིན་ཅང་དང་འབྲེལ་བའི་ཚོང་འབྲེལ་དང་ཚོང་ཟོག་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་ཀྱང་། ཕྱི་ལོ་གསར་ཚེས་དང་བསྟུན། ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་ཁང་ (Electric car maker Tesla) གིས་ཤིན་ཅང་ཁུལ་དུ་ཚོང་ཁང་ཞིག་སྒོ་ཕྱེས་ཡོད་པའི་ཐད། ད་ལྟ་ཡུ་གུར་བའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་ཨ་རིའི་ཚོགས་སྡེ་ཁག་དང་ལས་འགུལ་བ་མང་པོས་ཊའེ་སི་ལཱ་(Tesla) དང་དེའི་སྦྱིན་བདག་ཨི་ལོན་མའོ་སི་ཁུ་གཉིས་ལ་སྐྱོན་བརྗོད་དང་སྦྲགས། ཤིན་ཅང་ཁུལ་གྱི་ཚོང་ཁང་དེ་ཉིད་སྒོ་བརྒྱག་དགོས་པའི་སྐད་འབོད་རྒྱག་གི་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷི་ཡོ་ (Marco Rubio) ལགས་ཀྱིས་རང་ཉིད་ཀྱི་ཊུ་ཝི་ཊར་སྟེང་། སྲིད་འཛིན་བྷའེ་ཌན་མཆོག་གིས་ཡུ་གུར་མི་མང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ཆགས་མ་ཐག་ཊའེ་སི་ལཱ་རླངས་འཁོར་བཟོ་ཚོང་ཁང་གིས་ཤིན་ཅང་ནང་ཡན་ལག་ཚོང་ཁང་ཞིག་སྒོ་ཕྱེས་སོང་།  རྒྱལ་ཁབ་མེད་པའི་མཉམ་འབྲེལ་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པར་རོགས་འདེགས་བྱས་ཏེ། རྒྱ་ནག་གིས་གྲངས་ཉུང་མི་རིགས་རྩ་གཏོར་དང་བྲན་གཡོག་ལྟར་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་སྦས་སྐུང་བྱེད་ཀྱི་ཡོད། ཅེས་ཊའེ་སི་ལཱ་(Tesla) རླངས་འཁོར་བཟོ་ཚོང་ཁང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱས་ཡོད་པ་རེད་ལ། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ལྕམ་ཇན་སཱ་ཀི་ (Jen Psaki) ལགས་ཀྱིས། ངས་ཚོགས་པ་བྱེ་བྲག་པར་འགྲེལ་བརྗོད་བྱེད་ཀྱི་མེད། འོན་ཀྱང་། སྒེར་གཉེར་བཟོ་ཚོང་སྡེ་ཁག་གིས་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་གཏོར་གཏོང་བཞིན་པར་ཁ་གཏད་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཡང་ཨ་རིའི་མནའ་འབྲེལ་བཟོ་བསྐྲུན་ཚོགས་པའི་(President of the Alliance of American Manufacturing industry) ཚོགས་གཙོ་སི་ཁོ་ཊི་པལ་ (Scott Paul) ལགས་ཀྱིས། ངས་སྐད་ཆ་དྲང་པོ་བཤད་ཀྱི་ཡིན། བཟོ་ཚོང་ཁང་སུ་འདྲ་ཞིག་གིས་ཤིན་ཅང་ཁུལ་དུ་ཚོང་འབྲེལ་བྱེད་པ་ནི་ཁུལ་དེའི་རིགས་རྒྱུད་རྩ་གཏོར་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ཊའེ་སི་ལཱ་དམིགས་བསལ་གྱིས་སྐྱོན་བརྗོད་དེ་འོས་པ་རེད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཁ་ཆེ་དང་ཨ་རིའི་འབྲེལ་ལམ་སྐོར་གྱི་ཚོགས་པ་(The Council on American-Islamic Relations) ཞེས་པས། ཊའེ་སི་ལཱ་དང་དེའི་སྦྱིན་བདག་གཉིས་ལ་སྐྱོན་བརྗོད་དང་སྦྲགས། ཤིན་ཅང་ཁུལ་གྱི་བཟོ་ཚོང་ཁང་དེ་སྒོ་བརྒྱག་དགོས་པ་དང་། མི་རིགས་རྩ་གཏོར་གཏོང་གི་ཡོད་པར་དཔལ་འབྱོར་གྱིས་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དགོས་པ་ནན་སྐུལ་བྱས་ཡོད་འདུག་ལ། ད་ལྟ་ཊའེ་སི་ལཱ (Tesla) ངོས་ནས་གནད་དོན་འདིའི་ཐད་ལན་འདེབས་གང་ཡང་བྱས་མི་འདུག

གཞན་ཡང་། ཤིན་ཅང་གི་རྒྱལ་ས་ཡཱོ་རོམ་ཆི་ (Urumqi) ནང་ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་ཁང་གིས་ཚོང་ཁང་ཞིག་སྒོ་འབྱེད་བྱས་པར། རྒྱ་ནག་གི་ཝི་པོད་དྲ་ཚིགས་སྟེང་རྒྱ་རིགས་མང་པོས་དགའ་བསུ་དང་དགའ་མོལ་བྱེད་ཀྱི་ཡོད་ཅིང་། ཊའེ་སི་ལཱ་ནི་བཟོ་ཚོང་ཁང་གཞན་དང་མི་འདྲ་བར་ཤིན་ཅང་གི་འཕེལ་རྒྱས་དང་བཟོ་སྐྲུན་ཐད་རམ་འདེགས་བྱེད་ཀྱི་ཡོད་སྐོར་གྱི་མཆན་འབྲི་མཁན་ཡང་ཡོད་འདུག

Tesla posted pictures of the opening ceremony online, where people were shown holding ‘Tesla Loves Xinjiang’ signs. BBC Images

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱིས། རྒྱ་ནག་གི་བཙན་དབང་འོག་ཡུ་གུར་མི་མང་གིས་ངལ་རྩོལ་བྱས་ཏེ་རྒྱ་ནག་གཞུང་ལ་ཐོན་རྫས་བསྐྲུན་བཞིན་པ་མཚམས་འཇོག་ཡོང་སླད། རྒྱལ་སྤྱིའི་བཟོ་ཚོང་ཁང་དག་གིས་ཡུ་གུར་བའི་ངལ་རྩོལ་དང་འབྲེལ་བའི་ཐོན་རྫས་ཉོ་ཚོང་བྱས་མི་ཆོག་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་ ༢༣ ཉིན་སྲིད་འཛིན་བྷའེ་ཌན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཨ་རིའི་གཞུང་འབྲེལ་གྱི་ཁྲིམས་ཆགས་ཡོད་པ་རེད།

རྒྱ་ནག་ནི་ཨ་རིའི་རླངས་འཁོར་བཟོ་ཚོང་ཁང་དེའི་ཁྲོམ་ར་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ཀྱང་། ཨ་རྒྱ་གཉིས་བར་ཚོང་དོན་གསང་བ་རྐུ་འཁྱེར་བྱས་ཡོད་པའི་སྐྱོན་འཛུགས་དང་བཀག་སྡོམ་རིགས་རིམ་པར་བྱུང་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་གི་དམག་སྡེ་འགའ་ཤས་ནང་བཟོ་ཚོང་ཁང་དེས་བཟོས་པའི་པར་ཆས་ཅན་གྱི་རླངས་འཁོར་དེ་བེད་སྤྱོད་ལོག་པར་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ལ་གནོད་སྐྱོན་བཟོ་ཉེན་ཡོད་པའི་དོགས་གཞིའི་འོག་བཀག་སྡོམ་བྱས་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིན་དང་ཧྲང་ཧེ་སོགས་ཀྱི་གཞུང་ཞབས་པ་ཚོས་ཨ་རིའི་རླངས་འཁོར་དེ་སྲིད་གཞུང་གི་ས་ཁོངས་སུ་འཇོག་མི་ཆོག་པའི་བཀའ་བཏང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༡༧ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese