མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སན་སུའུ་སྐྱིད་ལ་སླར་ཡང་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་སླར་ཡང་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་བསྟུན། ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་ཉེས་འཛུགས་བྱས་པ་ཚང་མ་ར་སྤྲོད་བྱུང་ཚེ་ཚེ་བཙོན་བྱེད་སྲིད་ཀྱི་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༠ ཉིན་འབར་མའི་ཁྲིམས་ཁང་ཞིག་གིས། ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས། ཁྲིམས་འགལ་གྱི་ཅ་དངོས་དང་ལྐོག་འབྲེལ་ཁ་པར་སོགས་ཉར་ཚགས་དང་། ཏོག་དབྱིབས་གཉན་རིམས་ཀྱི་སྒྲིག་ཁྲིམས་ལས་བརྒལ་བ་སོགས་ཀྱི་ནག་ཉེས་བསགས་ཡོད་པའི་ངོས་འཛིན་འོག ཁོང་མོར་སླར་ཡང་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ཡོངས་བསྒྲགས་བྱས་འདུག་ལ། ད་ལྟ་རང་ལོ་ ༧༦ ཡིན་པའི་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་ཁྱོན་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཆད་འཁུར་དགོས་ཀྱི་ཡོད་འདུག

འབར་མའི་དྲག་དམག་སྲིད་གཞུང་གིས། འདས་ལོའི་ཕྱི་ཟླ་ ༢ པའི་ནང་ལྕམ་ཨང་སན་སུའུ་སྐྱིད་ལགས་རྒྱལ་ཁབ་ཀྱི་སློབ་སྟོན་པའི་གོ་གནས་ནས་ཕྱི་ཕུད་བཏང་རྗེས་རང་ཁྱིམ་དུ་བཟང་བཙོན་འོག་བཅུག་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་སྲིད་འཛིན་ཟུར་བ་ཝིན་མེན་ཊི་གཉིས་ནས་ནག་ཉེས་བཅུ་གཅིག་བསགས་ཡོད་པར་བརྙད་ནས་མི་རེར་ལོ་བཞི་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཕྱིས་སུ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་བཙོན་འཇུག་ཁྲིམས་ཆད་ལོ་ ༤ ནས་ ༢ ལ་མར་ཆག་ཡངས་དང་སྲིད་འཛིན་ཟུར་བ་ཝིན་མེན་ཊི་ལགས་ཀྱི་ཁྲིམས་ཆད་མེད་པ་བཟོས་ཡོད་འདུག

ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་སླར་ཡང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཐད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ད་རེས་འབར་མའི་ཁྲིམས་ཁང་ཞིག་གིས་མངོན་གསལ་མེད་པ་དང་གསང་བའི་སྒོ་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ནི་ལྕམ་ཨང་སན་སུའུ་སྐྱིད་ལགས་དུས་ཡུན་ངེས་མེད་རིང་བཙོན་ཁང་དུ་བཅུག་འདོད་ཡོད་པ་རེད། ཅེས་དམག་མིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ད་ལན་གྱི་ཁྲིམས་རའི་ཞིབ་དཔྱོད་སྐབས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཁྲིམས་རྩོད་པས་གསར་འགོད་པ་དང་མི་དམངས་ལ་སྐད་ཆ་བཤད་མི་ཆོག་པ་བཟོས་ཡོད་པ་མ་ཟད། འབར་མའི་རྒྱལ་ས་ (Nay Pyi Taw) ཁུལ་གྱི་གསར་ཁང་གཅིག་ཀྱང་ཉན་ཞིབ་ལ་ཞུགས་བཅུག་མེད་པ་རེད།

ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་བཙོན་འཇུག་ཁྲིམས་ཐག་གཅོད་དོན་ནི། ཕྱི་ལོ་ ༢༠༢༠ ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་ཀྱི་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པས་ཡིན་ཡང་།  སྐབས་དེར་འབར་མའི་དྲག་དམག་སྲིད་གཞུང་གིས་དམངས་གཙོ་ཡར་ཐོན་ཚོགས་པས་འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་ཚུལ་བརྗོད་དེ། ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་འབར་མའི་དམངས་གཙོ་ཡར་ཐོན་ཚོགས་པའི་དབང་ཆ་རྩ་མེད་གཏོང་ཐབས་དང་། དམིགས་བསལ་འདས་ལོའི་ཕྱི་ཟླ་ ༢ ནང་ཨང་སན་སུའུ་སྐྱིད་འཛིན་བཟུང་བྱས་པ་ནས་བཟུང་། འབར་མའི་ནང་རང་དབང་ལ་དགའ་ཞིང་མང་གཙོའི་གཞུང་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སེར་ཚོས་དྲག་དམག་སྲིད་གཞུང་ལ་ངོ་རྒོལ་རིམ་པ་བྱས་སྟབས། དྲག་དམག་སྲིད་གཞུང་གིས་ད་བར་མི་གྲངས་ ༡༠༦༠༠ ལྷག་འཛིན་བཟུང་དང་མི་གྲངས་ ༡༣༠༣ ཙམ་གྲོངས་ཡོད་འདུག

ཉེ་ལམ་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཐད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་སྐུ་ལྕམ་མ་ཁེལ་བྷ་ཆིས་ལེ་ཊི་ (Michelle Bachelet) ལགས་ཀྱིས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བའི་ཚོགས་སྡེ་དང་མི་སྒེར་སོགས་ཀྱིས་འབར་མའི་དྲག་དམག་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་ལ། ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་འབར་མའི་དྲག་དམག་གཞུང་གིས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་སྐུ་སྲུང་བ་(Cherry Htet) ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། འབར་མའི་ཡ་མེ་ཐིན་རྫོང་གི་བཙོན་ཁང་(Yamethin Prison) དུ་བཅུག་ཡོད་འདུག་ལ། དབྱེ་ཞིབ་པས་འབར་མའི་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་སུ་ཉེས་འཛུགས་བྱས་པ་ཚང་མ་ར་སྤྲོད་བྱུང་ཚེ། ཨང་སན་སུའུ་སྐྱིད་ལགས་སུ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese