མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་གི་དམར་ཤོག་མགོ་ཁྲིད་གཞོན་པ་ཟུར་པ་ཞིག་ལ་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཤིན་ཅང་གི་དམར་ཤོག་ཚོགས་པའི་མགོ་ཁྲིད་གཞོན་པ་ཟུར་པ་རེན་ཧཱ་ཡིས་ལས་ཀའི་སྟབས་བདེ་སྤྱད་ནས་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་བར་བརྟེན་ལོ་བཅུ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཤིན་ཅང་མི་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མགོ་ཁྲིད་གཞོན་པ་ཟུར་པ་རེན་ཧྭ་ཡིས་རྒྱ་སྒོར་ཁྲི་ ༤༧༡༥ ལྷག་གི་ལྐོག་རྔན་བླངས་བར་བརྟེན། ཁོ་མོར་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ཁྲི་བཞི་བརྒྱ་ཡི་དངུལ་ཆད་བཅས་བཅད་ཡོད་སྐོར་བསྒྲགས་འདུག་ལ། ཁྲིམས་རར་རེན་ཧཱ་ཡིས་རང་གི་ཉེས་ཆད་དང་ལེན་བྱས་ཡོད་པ་མ་ཟད། གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་མི་བྱེད་པའི་ཁས་ལེན་བྱས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་ཏེ་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། རེན་ཧཱ་ཟེར་བའི་དམར་ཤོག་མགོ་ཁྲིད་དེས། ཕྱི་ལོ་ ༢༠༠༧ ནས་ ༢༠༢༠ ལོའི་བར། ཤིན་ཅང་མི་རིགས་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཏང་ཡོན་མགོ་ཁྲིད་རྒན་གཞོན་གཅིག་ལྕོགས་དང་། ཤིན་ཅང་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨོ་རམ་ཆིའི་ (Urumchi) ཏང་ཡོན་རྒྱུན་ལས་དང་དྲིལ་བསྒྲགས་འགན་འཛིན། ཤིན་ཅང་གི་དམར་ཤོག་མགོ་ཁྲིད་གཞོན་པ་སོགས་ཀྱི་ལས་འགན་འཁུར་རིང་། དབང་ཆ་ལོག་སྤྱོད་ཀྱིས་མི་སྒེར་ལ་དངུལ་ཁང་གི་བུན་ལོན་གཏོང་བ་དང་ཨར་ལས་འཛུགས་སྐྲུན་གྱི་འགན་ལེན་པ། ཚོང་དོན་གཉེར་བ་སོགས་ཀྱི་ཐད་རམ་འདེགས་བྱས་ཏེ། མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་རྒྱ་སྒོར་ཁྱོན་ཁྲི་ ༤༧༡༥ ལྷག་བླངས་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་།  སུའུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རེན་ཧཱ་ཡིས་བླངས་པའི་རྒྱུ་དངོས་དང་དེ་དག་ལས་སྐྱེད་འཕེལ་བྱུང་བའི་རིགས་ཕྱིར་སློག་ཏུ་བཅུག་ནས་རྒྱལ་ཁབ་ཀྱི་མཛོད་ཁང་ལ་རྩིས་སྤྲད་ཡོད་ལུགས་བསྒྲགས་འདུག

རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ནང་། རེན་ཧྭ་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ཆ་ནས། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་དོན་གཉེར་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པས། དེའི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པ་ངོས་འཛིན་བྱས་ཡོད། རེན་ཧྭ་ཡིས་ལྐོག་རྔན་ཟ་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེ་ཞིང་། ཁོང་གིས་གྱོད་གཞི་ཐོན་རྗེས་རང་ཉིད་ཀྱི་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། རང་འགུལ་ངང་གྱོད་གཞི་ཐག་གཅོད་ལས་ཁུངས་ཀྱི་ལག་ཏུ་འབྱོར་མེད་པའི་རྒྱུ་རྔན་ལྐོག་ཟའི་ནག་ཉེས་ཁག་གཅིག་ཡར་སྤྲད་པ་དང་། ནག་ཉེས་ངོས་ལེན་བྱས་པ། བརྐུས་ནོར་ཕྱིར་སློག་པ་བཅས་བྱས་ཡོད་སྟབས། ཁྲིམས་ཀྱིས་གཏན་འབེབས་དང་གནས་ཚུལ་ལ་གཞིགས་ནས་ཁྲིམས་ཆད་ཡང་མོ་བཅད་ཆོག་གི་ཡོད་ཀྱང་། ད་ལྟ་གནས་སྐབས་རིང་ཁྲིམས་ཁང་གིས་ཁྲིམས་དཔྱད་མཚམས་འཇོག་བྱས་ཡོད་སྐོར་སོགས་ཀྱང་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་དབང་འོག་སྟག་དང་སྦྲང་མ་ཟེར་ནས་དམར་ཤོག་ཚོགས་པའི་གནས་རིམ་མི་འདྲ་བའི་ལས་བྱེད་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་ཁྲིམས་ཆད་གཅོད་ཀྱིན་ཡོད་པ་ལྟར། ཕྱི་ལོ་ ༡༩༦༤ ལོར་ཧྲན་ཏུའོ་ཞིང་ཆེན་དུ་སྐྱེས་པའི་རེན་ཧཱ་ལ་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་འཇུག་བྱ་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པའི་ཤིན་ཅང་གི་གནས་རིམ་མཐོ་བའི་དམར་ཤོག་མགོ་ཁྲིད་ཐོག་མ་དང་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་ཤོག་མགོ་ཁྲིད་ཨང་རིམ་ལྔ་པ། དེ་བཞིན། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་ད་བར་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་ཆད་ཕོག་ཅིང་བློན་ཆེན་རིམ་པའི་གོ་གནས་ལྡན་པའི་བུད་མེད་དམར་ཤོག་ལས་བྱེད་ཨང་ལྔ་པ་བཅས་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese