མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་རིགས་ལས་བྱེད་ཅིག་ལས་གནས་ནས་ཕུད་དེ་ཞིབ་དཔྱོད་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྷོ་ཁ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་འགན་འཛིན་བོད་རིགས་ལས་བྱེད་བཀྲ་ཤིས་ཞེས་པ་ཞིག་ལ་རྒྱ་ནག་གི་གཏན་འབེབ་དོན་ཚན་བརྒྱད་ཟེར་བ་དང་འགལ་ཡོད་པའི་ཉེས་མིང་འོག་ལས་གནས་ནས་གནས་དབྱུང་བཏང་སྟེ་ཞིབ་བཤེར་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག

ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་སྟག་དང་སྦྲང་མ་མཉམ་རྡུང་གི་སྲིད་ཇུས་འོག དཔོན་རིགས་དང་ལས་བྱེད་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་དང་ཉེས་ཆད་བཅད་དང་གཅོད་ཀྱི་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་བོད་ཁུལ་གྱི་བོད་རིགས་ལས་བྱེད་མང་པོ་ཞིག་ཀྱང་དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་ཉེས་མིང་འོག ལས་གནས་ནས་གནས་དབྱུང་དང་དམར་ཤོག་ཚོགས་པའི་སྐྱིད་སྡུག་ཟེར་བ་ནས་ཕྱིར་འབུད་གཏོང་གི་ཡོད་པ་ལྟར། ཁ་སང་རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་གཙོ་འཛིན་བཀྲ་ཤིས་ཞེས་པའི་བོད་རིགས་ལས་བྱེད་ཅིག་གིས། ལས་རིགས་སློབ་གྲྭ་དེའི་སློབ་མ་རྣམས་ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་དངུལ་དང་ཡིག་རྒྱུགས་ལས་དོན་གྱི་དངུལ་སོགས་ལྐོག་ཟ་བྱས་ཡོད་པའི་དོགས་གཞིའི་འོག ཁོ་ལས་གནས་ནས་གནས་དབྱུང་བཏང་བ་དང་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་། སྒེར་གྱི་འབྲེལ་ཡོད་རྒྱུ་ནོར་བཅས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཆེད་རྩིས་སྤྲོད་བྱ་རྒྱུ་ཐག་གཅོད་བྱས་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་དེའི་ནང་། ལྷོ་ཁ་གྲོང་ཁྱེར་གྱི་ལས་རིགས་སློབ་གྲྭའི་གཙོ་འཛིན་བཀྲ་ཤིས་ཐོག་མའི་བསམ་འདུན་ལས་འགལ་བ་དང་། ཕུགས་བསམ་དང་དད་སེམས་ཉམས་ཤིང་། རང་འདོད་ཆེ་རུ་སོང་སྟེ། དྲང་གཞག་ངང་གཞུང་དོན་བསྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལག་རྟགས་དང་ལེན་བྱས་པ། མ་རབས་ཐ་ཤལ་གྱི་དགའ་ཕྱོགས་གཉེར་ཡོད་ཚུལ་དང་། རྒྱན་འགྱེད་རྣམ་པའི་རོལ་རྩེད་བྱེད་སྒོར་ཞུགས་པ་དང་། གཞན་གྱིས་མ་ཚོར་བའམ་མགོ་སྐོར་བཏང་ནས་ཐམ་ག་རྒྱག་པའི་ཐབས་ལམ་བརྒྱུད་མཐར་ཕྱིན་འཛིན་ཡིག་རྫུན་བཟོ་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སློབ་མའི་གཟུགས་པོ་བརྟག་དཔྱད་ཀྱི་གྲོན་དངུལ་དང་ཡིག་རྒྱུགས་ལས་དོན་གྱི་གྲོན་དངུལ་སོགས་འབྲེལ་ཡོད་གྲོན་དངུལ་ལྐོག་ཟ་བྱས་ཏེ་བྱ་ངན་སྤྱོད་ངན་སྤེལ་ཡོད་ལུགས་སོགས་ཀྱིས་ཉེས་མིང་གཡོགས་འདུག

ཕྱི་ལོ་ ༢༠༡༤ ཟླ ༡ ཚེས་ ༢༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ཞི་ཅིན་ཕིང་གི་གཙོ་སྐྱོང་འོག དབུས་ཆབ་སྲིད་ལྷན་ཁང་གིས་གྲོས་ཚོགས་ཚོགས་ཏེ་རྒྱལ་ཁབ་བདེ་འཇཊ་ཨུ་ཡོན་ལྷན་ཁང་ཟེར་བ་ཞིག་གསར་འཛུགས་ཀྱིས།  མུ་མཐུད་རྒྱ་ནག་ནང་ལོག་དང་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་ལྐོག་ས་རུལ་སུངས་དང་གཞུང་དངུལ་ལོག་སྤྱོད་སོགས་ཀྱི་ཉེས་མིང་འོག་དཔོན་རིགས་དང་ལས་བྱེད་མང་པོར་ཞིབ་བཤེར་ཁྲིམས་ཆད་གཅོད་བཞིན་ཡོད་པ་རེད། སྤྱི་ཡོངས་ནས་མང་ཚོགས་ཁྲོད་འཐབ་རྩོད་དེ་ལ་དགའ་མོས་བྱེད་མཁན་མང་པོ་ཡོང་གི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་དབང་ཆ་བརྟན་སྲུང་གི་ཐབས་ཇུས་རྩེ་གཉིས་མ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་འཐབ་རྩོད་དེ་ནི་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་ལ་དྲིན་ལན་ལོག་འཇལ་ཟེར་བ་དང་། སྤྱི་ཚོགས་ལྷིང་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་འོག་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་ཁག་ཐག་གཅོད་བྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་ཡོང་གི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༡༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese