མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔོན་རིགས་དང་ཁྱིམ་མི་རྣམས་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་མི་ཆོག་པའི་གྲོས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གྱི་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དམག་སྲིད་གཉིས་ཀྱི་དཔོན་རིགས་ ༢༠༠༠ ལྷག་གི་ཁྱིམ་མི་གཉེན་ཉེ་དང་བཅས་པ་ཨ་རིར་སློབ་སྦྱོང་བྱེད་པར་ཡོང་མི་ཆོག་པའི་གྲོས་འཆར་བཏོན་འདུག

WASHINGTON, DC – January 18: Rep. Vicky Hartzler (R-MO) speaks at a news conference announcing a new division on Conscience and Religious Freedom at the Department of Health and Human Services January 18, 2018 in Washington, DC. The new division, part of the department’s Office of Civil Rights, will aide medical professionals who object to certain procedures on religious grounds. (Photo by Aaron P. Bernstein/Getty Images)

དེ་རིང་ཨེ་ཕོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཝི་ཁེ་ཧར་ཛུ་ལར་ (Vicky Hartzler) ལགས་ཀྱིས་གྲོས་འཆར་ཅིག་བཏོན་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གཙོས་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་དང་ཁོ་ཚོའི་ནང་མི་བུ་ཕྲུག་དང་བཅས་པ་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་ཏུ་སློབ་སྦྱོང་བྱེད་པར་ཡོང་རྒྱུ་བཀག་སྡོམ་བྱ་དགོས་སྐོར་གྱི་གྲོས་འཆར་ཤོག་ངོས་གསུམ་ཅན་ཞིག་བཏོན་གནང་ཡོད་འདུག

ཕྱི་ལོ་ ༢༠༢༢ ལོར་མཐོ་རིམ་ཤེས་ཡོན་རྒྱ་ནག་དམར་ཤོག་ཚོགས་པ་ནས་སྲུང་སྐྱོབ་ཅེས་པའི་གྲོས་འཆར་དེའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་འཐུས་མི་བདུན་དང་ཉེར་ལྔ་བཅས་ཚུད་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དམར་ཤོག་ཚོགས་པའི་དཔོན་རིགས་ཡོངས་དང་། ཁོ་ཚོའི་བཟའ་ཟླ་དང་བྱིས་པ། ཕ་མ་དང་སྤུན་ཉེ། དེ་བཞིན་ཚ་བོ་ཚ་མོ་སོགས་ཀྱིས་སློབ་ཕྲུག་གི་ཐོངས་མཆན་འོག་ཨ་རི་ནས་སློབ་སྦྱོང་བྱེད་པ་དང་ཞིབ་འཇུག་སོགས་ཀྱི་ཐོངས་མཆན་ཚང་མ་བཀག་སྡོམ་བྱས་ཏེ། འཛམ་གླིང་ན་ཆེས་ཕུལ་དུ་བྱུང་བའི་ཨ་རིའི་ཤེས་ཡོན་སློབ་གསོ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་དང་ཁོ་ཚོའི་ནང་མི་གཉེན་ཉེ་དག་གིས་མཁོ་སྒྲུབ་བྱ་རྒྱུ་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག

བྱེ་བྲག་ཏུ་གྲོས་འཆར་དེའི་ནང་། གྲོས་འཆར་འདི་ཉིད་གཏན་འབེབ་བྱུང་བའི་ཉིན་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིན་དང་། དམར་ཤོག་ཚོགས་པའི་དྲུང་ཆེ་དག དབུས་ཆབ་སྲིད་ལྷན་ཚོགས་ཀྱི་འཐུས་མི་རྣམས་དང་དམག་སྲིད་ཀྱི་མཐོ་རིམ་དཔོན་རིགས། དབུས་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱི་དཔོན་རིགས། རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱི་འཐུས་མི་དང་ཁོ་ཅག་གི་ནང་མི་བཅས་ཨ་རིར་སློབ་སྦྱོང་གི་སླད་དུ་ཡོང་བའི་ཐོབ་ཐང་མེད། ཅེས་བཀོད་འདུག

གྲོས་འཆར་དེ་དང་འབྲེལ་ནས་སྐུ་ཞབས་ཝི་ཁེ་ཧར་ཛུ་ལར་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་རྩ་གཏོར་དང་དྲག་སྤྱོད་ཀྱི་བྱ་བ་གཞན་མང་པོ་སྒྲུབ་བཞིན་ཡོད་ནའང་། ཁོ་ཚོས་ད་དུང་རང་རང་གི་བྱིས་པ་རྣམས་ཨ་རིར་ཡོད་པའི་འཛམ་གླིང་གི་ཕུལ་བྱུང་རང་བཞིན་གྱི་ཤེས་ཡོན་སྦྱོང་སླད་ཨ་རིར་མངག་གཏོང་བྱེད་མུས་ཡིན་པ་རེད། དེ་ངེས་པར་དུ་མཚམས་འཇོག་བྱེད་དགོས་ཀྱི་འདུག ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་རྒྱ་རིགས་ཁོ་ནའི་སློབ་མ་ཁྱོན་ ༣༡༧༠༠༠ ཡིས་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་གི་ནང་དུ་སློབ་གཉེར་བྱས་ཡོད་པ་དང་དེའི་ཁྲོད་ཞི་ཅིན་ཕིན་གྱི་བུ་མོ་ཞི་མེན་ཙེ་ (Xi Mingze) ཡང་ཚུད་ཡོད་འདུག

ཞི་ཅིན་ཕིན་གྱི་བུ་མོས་ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༢༠༡༩ ལོར་སླར་ཡང་ཧ་ཝར་ཌི་རུ་འབུམ་རམས་པའི་སློབ་མགོ་བརྩམས་དེ་ད་ལྟ་མུ་མཐུད་ཨ་རིའི་ནང་སློང་སྦྱོང་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཝི་ཁེ་ཧར་ཛུ་ལར་ལགས་ཀྱིས། ཞི་ཅིན་ཕིན་དང་རྒྱ་ནག་དམར་ཤོག་ཚོགས་པས་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ཀྱང་། ཁོའི་བུ་མོར་ཧ་ཝར་ཌི་ནས་སློབ་སྦྱོང་ཐོབ་ཡོད། ཨ་རིས་རང་གི་རྒྱལ་ཁབ་གཏོར་བཤིག་གཏོང་ཐབས་སུ་འབད་བརྩོན་བྱེད་མཁན་དག་ལ་རོགས་པ་བྱེད་དགོས་དོན་མེད། ཅེས་བརྗོད་ཡོད་པ་དང་། གྲོས་ཚོགས་འཐུས་མི་ལྕམ་ཝི་ཁེ་ཧར་ཛུ་ལར་ལགས་ཀྱིས་ཨ་རི་རྒྱ་ནག་གི་གསང་ཉུལ་འོག་ནས་སྐྱོབ་དགོས་ཅེས་པའི་གྲོས་ཆོད་ཀྱི་གཙོས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐབས་ཀྱི་གྲོས་ཆོད་མང་དག་ཅིག་བཏོན་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ ༡༡ གིས་ཧོང་ཀོང་དང་འབྲེལ་ནས་རྒྱ་ནག་གི་ནང་སྲིད་ཐད་ཇུས་གཏོགས་བྱས་པ་དང་འོས་འཚམ་མིན་པའི་སྤྱོད་ཚུལ་མངོན་པ་སོགས་ཀྱི་རྒྱུ་མཚན་དྲངས་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་རྒྱ་ནག་ཏུ་ཡོང་མི་ཆོག་པ་དང་། རྒྱ་ནག་ནང་ཚོང་ལས་དང་ས་ཁང་བདག་གཉེར་བྱེད་སོགས་མི་ཆོག་པའི་ཉེས་ཆད་བཅད་ཡོད་པ་དང་། དེའི་ཁྲོད་ད་ལན་གྲོས་འཆར་འདོན་མཁན་ཝི་ཁེ་ཧར་ཛུ་ལར་ལགས་ཀྱང་ཚུད་ཡོད་འདུག

ད་ཐེངས་ནི་ཟླ་འདིའི་ནང་ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་ཉེས་ཆད་ཀྱི་གྲོས་འཆར་བཏོན་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་ཁག་ཅིག་གིས། རྒྱ་ནག་གི་བྱ་སྤྱོད་མཚམས་འཇོག་ཅེས་གྲོས་འཆར་ཞིག་བཏོན་པ་བརྒྱུད། ཞི་ཅིན་ཕིན་གྱི་གཙོས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་དམར་ཤོག་ཚོགས་པའི་ལས་བྱེད་པ་ཡོངས་དང་ཁོ་ཚོའི་ཁྱིམ་མི་ཡོངས་ཨ་རིར་ཡོང་རྒྱུ་བཀག་འགོག་དང་ཨ་རིའི་དཔལ་འབྱོར་འཁོར་རྒྱུག་གི་ལམ་ལུགས་ནང་ཞུགས་མི་ཆོག་པ། ཨ་རིའི་ནང་ས་ཁང་ཉོ་སྒྲུབ་དང་ཚོང་ལས་སོགས་གཉེར་མི་ཆོག་པའི་ཉེས་ཆད་བཅད་ཡོད་པ་མ་ཟད། གྲོས་འཆར་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཁྱོན་ ༢༠༠༠ ལྷག་ཚུད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༧ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese