མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུན་ཁའི་གསབ་ཁྲིད་གནང་མཁན་སློབ་མ་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཆོས་སྒྲོན་ལགས་ཀྱིས་དགུན་ཁའི་གུང་སེང་དང་བསྟུན་ཕ་ཡུལ་གྱི་བྱིས་པ་ཚོར་གསབ་འཁྲིད་གནང་བཞིན་ཡོད་ཀྱང་ཉིན་ལྔའི་གོང་དུ་རྒྱ་ནག་ཉེན་རྟོག་པས་ཁོང་མོ་བཙན་འཁྲིད་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་འདུག

དེ་རིང་འདི་གའི་གསར་འགོད་པར་བོད་ནས་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་སུ། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་རི་བོ་ཆེ་ཡམ་མདའ་སྡེ་བ་ནས་ཡིན་པའི་མཐོ་རིམ་སློབ་མ་ཆོས་སྒྲོན་ཞེས་པ་ཞིག་རྒྱ་ནག་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཉིན་གྲངས་ ༥ ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་མོ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་སྟབས། ཁོང་མོའི་ནང་མི་དང་འབྲེལ་ཡོད་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བུ་མོ་དེ་འཛིན་བཟུང་བྱེད་དགོས་དོན་གཞན་གང་ཡང་མེད་ཀྱང་། ཁོང་མོ་ནི་བོད་སྐད་ཡིག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པས་རྒྱ་སྒྱུར་སློབ་གསོར་མོས་མཐུན་མེད་པའི་རྣམ་འགྱུར་མངོན་གསལ་དུ་བསྟན་ཡོད་པ་དང་། ཡམ་མདའ་སྡེ་བའི་སློབ་ཕྲུག་ཁག་ཅིག་ལ་དགུན་ཁའི་གུང་སེང་དང་བསྟུན་གསབ་འཁྲིད་བྱེད་བཞིན་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཡིན་སྲིད་པ་དང་། སྤྱིར་བཏང་མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་བའི་ཐོབ་ཐང་ཞིག་ཡིན་སྟབས། བུ་མོ་ཆོས་སྒྲོན་ལགས་ལ་ནག་ཉེས་གང་ཡང་མེད་སྐོར་བརྗོད་བྱུང་།

བུ་མོ་ཆོས་སྒྲོན་ལགས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞིག་ཡིན་ཞིང་། དགུན་ཁའི་གུང་སེང་དང་བསྟུན་ཕྱིར་ཕ་ཡུལ་དུ་ཡོང་སྟེ་བྱིས་པ་ཚོར་གསབ་འཁྲིད་སོགས་ཀྱི་སློབ་གསོའི་ལས་དོན་གཉེར་གྱི་ཡོད་འདུག་ལ། ཁོང་མོའི་པ་ལགས་སྔོན་ཆད་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཨ་མ་ལགས་ཀྱི་མིང་ལ་ཁངས་སྐྱིད་ཟེར་གྱི་ཡོད་འདུག ཆོས་སྒྲོན་ལགས་ལ་རང་ལོ་ ༡༤ ཅན་གྱི་གཅུང་མོ་ཞིག་དང་གཅུང་པོ་ལོ་ ༨ ཅན་ཞིག་ཡོད་འདུག

རྒྱ་ནག་གཞུང་གིས་དགོན་པ་དང་སྐྱ་སེར་མི་སྒེར་སུས་ཀྱང་དབྱར་དགུན་གྱི་གུང་སེང་དང་བསྟུན་སློབ་ཕྲུག་ཚོར་གསབ་འཁྲིད་ཟབ་སྦྱོང་རིགས་སྤྲོད་མི་ཆོག་པ་དང་། ཕ་མ་ཚོས་བྱིས་པ་རྣམས་དགོན་པ་དང་གསུང་ཆོས་ཞུ་ས་སོགས་སུ་འཁྲིད་མི་ཆོག་པའི་བཀའ་གཏོང་གི་ཡོད་པ་མ་ཟད། གལ་སྲིད་གསབ་འཁྲིད་བྱས་པ་དང་དགོན་པར་ཕྱིན་པ་སོགས་ཀྱི་གནས་ཚུལ་བྱུང་ན་ཁྱིམ་བདག་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་པའི་ཉེན་བརྡ་ལོ་ལྟར་གཏོང་བཞིན་ཡོད་པ་རེད།

དུས་བབ་ཀྱི་ས་གནས་གསར་འགོད་པས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༢ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese