མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ནི་སི་ཁན་ཊར་རང་དབང་ལགས་སུ་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་ཨེ་ནི་སི་ཁན་ཊར་ལགས་སུ་འདི་ལོའི་ཕྱི་ཟླ་ ༤ བའི་ནང་ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་སྐབས་བཅུ་བཞི་བའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་ཕུལ་གཏན་འཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཉམ་འདུས་ཚོགས་སྡེ་ཁག་ ༢༥ ཡིས། ཨ་རིའི་སིལ་སྤོལ་རྩེད་མཁན་གྲགས་ཅན་ཨེ་ནེ་ཁན་ཊར་ལགས་སུ། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་ཐོབ་པ་ཡོངས་བསྒྲགས་བྱས་འདུག

འགྲོ་བ་མིའི་ཐོབ་ཐང་གི་མཉམ་འདུས་ཚོགས་སྡེ་ཁག་དེ་དག་གིས། སིལ་སྤོལ་རྩེད་མཁན་གྲགས་ཅན་ཨེ་ནི་ཁན་ཊར་ལགས་ཀྱིས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་ལ་ཉེན་ཁ་ཡོད་པར་འཛེམས་བཟོད་མ་བྱས་པར་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་རྩ་གཏོར་བྱེད་བཞིན་པའི་ཐད་སྐད་ཆ་བཤད་ཡོད་པར་ངོས་འཛིན་གྱིས། སྙིང་སྟོབས་གཟེངས་དེ་ཕུལ་བ་ཞིག་ཡིན་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ (Hillel Neuer) ལགས་ཀྱིས། ཨེ་ནི་སི་ཁན་ཊར་ལགས་སུ་སྙིང་སྟོབས་གཟེངས་རྟགས་འབུལ་དོན་ནི། ཁོང་གིས་སྙིང་སྟོབས་ཆེན་པོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཕྱི་བསྒྲགས་གནང་བ་ལ་བརྟེན་ནས་བྱུང་བ་ཡིན། ཞེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ བའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་འཚོག་གི་ཡོད་པ་ལྟར། ཟླ་དེའི་ཕྱི་ཚེས་ ༦ ཉིན་འཚོགས་གཏན་འཁེལ་བའི་ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཐེངས་ ༡༤ སྟེང་། སྐུ་ཞབས་ཨེ་ནི་སི་ཁན་ཊར་ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་སྙིང་སྟོབས་གཟེངས་དེ་ཉིད་ཕུལ་འཆར་ཡོད་པ་རེད་ལ། སྙིང་སྟོབས་གཟེངས་རྟགས་ཐོབ་པའི་གནས་ཚུལ་དང་འབྲེལ་ནས་ཨི་ནེ་སི་ཁན་ཊར་ལགས་ཀྱིས། ངས་ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱིས་ང་ལ་རྒྱབ་སྐྱོར་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྒྱལ་སྤྱིའི་སྟེང་ཡོངས་གྲགས་བཟོས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ཇི་ནེ་ཝའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཀྱིས། ལོ་ལྟར་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་བུད་མེད་ཀྱི་གཟེངས་རྟགས་དང་འགྲོ་བ་མིའི་ཐོབ་ཐང་དང་སྒེར་གཅོད་རིང་ལུགས་ཀྱི་དྲག་གནོན་སོགས་ལ་ཁ་གཏད་གཅོག་མཁན་གསར་འགོད་པ་དང་མང་གཙོ་དོན་གཉེར་བ། རྩོམ་པ་པོ་དང་ལས་འགུལ་བ་སོགས་ལ་སྙིང་སྟོབས་གཟེངས་བཅས་ཕུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོར་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ། སྙིང་སྟོབས་གཟེངས་རྟགས་དེ་ཕུལ་མྱོང་བ་རེད།

འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱལ་སྤྱིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་ཨེ་ནེ་སི་ཀན་ཊར་ (Enes Kanter) ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་སོགས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། བོད་མི་རྣམས་ལ་འགྲོ་འདུག་གི་རང་དབང་དང་། བོད་ཀྱི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་པའི་ཐོབ་ཐང་མེད་པར་དྲག་གནོན་དང་མནར་གཅོད་གཏོང་མུས་ཡིན་པར་བརྟེན། བོད་མི་ ༡༥༠ ལྷག་གིས་སྐུ་ལུས་མེར་སྲེག་གནང་ཡོད་སྐོར་དང་། ཁོང་གིས་བོད་མི་ཚོའི་རང་དབང་གི་རེ་འབོད་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བརྙན་ཐུང་གི་ལམ་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་འབྲེལ། ཁོང་གིས། རང་ཉིད་ཆུང་དུས་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་སྨོན་འཆོར་མཁན་ཞིག་ཡིན་པ་དང་། འཛམ་གླིང་གི་མགོ་ཁྲིད་ཚོས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་མཉན་ཚེ། ང་ཚོའི་དུས་སྐབས་འདིར་འཛམ་གླིང་དུ་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་མི་འབྱུང་། ཞེས་བརྗོད་ཡོད་པ་མ་ཟད། མ་འོངས་པར་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་ཆེར་ཆེད་བཅར་ཞུ་འདོད་ཡོད་སྐོར་སོགས་བརྗོད་ཡོད་པ་རེད་འདུག

ད་ལྟ་རང་ལོ་ ༢༩ ཡིན་པའི་སིལ་སྤོལ་རྩེད་མོ་བ་གྲགས་ཅན་ཨེ་ནེ་སི་ཀན་ཊར་སུད་སི་གྲོང་ཁྱེར་གྱི་ཛྷཱུ་རིག( Zurich ) ཏུ་སྐྱེས་པའི་ཊོར་ཀེའི་མི་རིགས་ཀྱི་རྒྱུད་པ་ཞིག་ཡིན་ཞིང་། ཁོང་ནི་ཨ་རིའི་རྒྱལ་སྤྱིའི་ཨེན་བྷི་ཨེ་ (NBA) ཡི་རྩེད་མོ་བ་གྲགས་ཅན་ཞིག་ཡིན་པ་འདུག་ལ།  ཁོང་གི་ Instragram ནང་རྗེས་འབྲངས་བ་མི་གྲངས་ས་ཡ་ ༡།༥ ལྷག་དང་། ཊི་ཝེ་ཊར་ལ་རྗེས་འབྲངས་བ་མི་གྲངས་འབུམ ༦  ལྷག དེ་བཞིན་ངོ་དེབ་ལ་རྗེས་འབྲངས་བ་མི་གྲངས་འབུམ་ ༢ ལྷག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༧ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese