མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་ཆ་ནང་དགོན་གྱི་གུ་རུའི་སྐུ་བརྙན་ཆེན་པོ་ཞིག་གཏོར་བཤིག་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་བྲག་མགོ་རྫོང་ཁོངས་སུ་ཡོད་པའི་ཆ་ནང་དགོན་པའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཆེན་པོ་ཞིག་རྩ་གཏོར་བཏང་ཡོད་འདུགགནས་ཚུལ་དེར་རྒྱུས་མངའ་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན། ཆ་ནང་དགོན་པའི་གུ་རུའི་སྐུ་བརྙན་ཆེན་པོ་དེ་རྩ་གཏོར་བཏང་བ་དངོས་བདེན་རེད། ཆ་ནང་དགོན་པ་ལ་ཁྲིམས་མཐུན་གྱི་ཡིག་ཆ་ཡོད་པར་བརྟེན་དགོན་པ་གཏོར་བཤིག་བཏང་མེད་ནའང་། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་བྲག་མགོ་དགོན་པའི་ཐུབ་པའི་སྐུ་བརྙན་གཏོར་བཤིག་བཏང་རྗེས། སླར་ཡང་ཟླ་ ༡༡ པའི་ནང་རྒྱ་ནག་གི་མགོ་འཁྲིད་ཚོས་ཆ་ནང་དགོན་པའི་དགེ་འདུན་པ་རྣམས་ལ་བཀའ་བཏང་སྟེ་གུ་རུ་རིན་པོ་ཆེའི་སྐུ་བརྙན་གཏོར་བཤིག་གཏོང་དུ་བཅུག་ཡོད་པ་རེད། གུ་རུའི་སྐུ་བརྙན་དེ་གསེར་དངུལ་གྱིས་གྲུབ་ཅིང་མཐོ་ཚད་ལ་ཧྥུ་ཊི་ ༤༦ ལྷག་ཡོད་པ་རེད། ཅེས་བརྗོད་བྱུང་།

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལ་དམ་དྲག་དང་དོགས་ཟོན་ནན་པོ་བྱེད་བཞིན་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ག་རེ་ལ་ཁ་གཡར་ཏེ་ཆ་ནང་དགོན་པའི་གུ་རུའི་སྐུ་བརྙན་དེ་ཉིད་གཏོར་བཤིག་བཏང་ཡོད་དང་། ད་ལྟའི་ཆར་ཆ་ནང་དགོན་པའི་གནས་སྟངས་ག་འདྲ་ཡོད་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག

དེ་བཞིན་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གཞུང་གིས་བྲག་མགོའི་མི་མང་སྟོང་ཕྲག་མང་པོས་རྒྱ་སྒོར་ཁྲི་ ༤༠༠༠ ལྷག་གི་འགྲོ་གྲོན་བཏང་སྟེ་གསར་བཞེངས་བྱས་པའི་མཐོ་ཚད་སྨིད་ ༩༩ ལྷག་ཅན་གྱི་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ ༡ ཚེས་མགོར་བྲག་མགོར་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་པའི་པར་དང་བརྙན་སོགས་དྲིལ་བསྒྲགས་བྱས་པ་དང་། ཕྱི་ལོགས་སུ་ཡོད་པའི་བོད་མིར་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག བྲག་མགོ་རྫོང་གི་ཉེན་རྟོག་པས་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲིས་རྡོ་རྗེ། ལྷ་མོ་དབྱངས་ཅན། ཚེ་རིང་བསམ་སྒྲུབ་གཙོས་མི་གྲངས་བཅུ་གྲངས་ཤིག་འཛིན་བཟུང་གིས། ཕལ་ཆེ་བ་བྲག་མགོ་རྫོང་ནས་བར་ཐག་སྤྱི་ལེ་ ༥ ཙམ་གྱི་སར་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མ་ཞེས་པའི་ས་གནས་ཀྱི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག འོན་ཀྱང་ཁོང་ཚོའི་གཟུགས་གཞིའི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ད་ལྟའང་གསལ་ཁ་གང་ཡང་མེད་པ་རེད་འདུག

བྲག་མགོའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མའི་སློབ་གསོ་སྒྱུར་བཀོད་ཁང་། པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ལམ་ནས་བླངས།

བྲག་མགོ་ཁུལ་གྱི་དགོན་སྡེའི་དཀར་ཆག་ནང་དུ་གསལ་བ་ལྟར་ན། ཆ་ནང་དགོན་པ་ནི་བྲག་མགོ་དགོན་པ་ནས་སྤྱི་ལེ་ ༢༤ མཚམས་ཀྱི་ཤ་ར་ཐང་ས་གནས་ཀྱི་རྙིང་མའི་དགོན་པ་ཞིག་ཡིན་ཞིང་། དགོན་པ་དེ་ཉིད་བོད་ཀྱི་རབ་བྱུང་བཅུ་གཅིག་པའི་མཇུག་དང་བཅུ་གཉིས་པའི་མགོ་ཡས་མས་སུ་མཆོག་སྤྲུལ་སྟག་བླ་པདྨ་དབང་ཕྱུག་རིན་པོ་ཆེ་མཆོག་གིས་ཆ་ནང་ཚང་གི་སྦྱིན་བདག་བྱས་ཏེ་ཕྱག་བཏབ་ཡིན་འདུག དེ་སྔ་ཆ་ནང་དགོན་པར་དགེ་འདུན་པ་ ༥༠༠ ལྷག་ཡོད་འདུག་ཀྱང་། ད་ལྟའི་ཆར་དགེ་འདུན་པ་ ༥༠ མ་གཏོགས་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཉེ་ལམ་ནག་ཉེས་ཕོག་པའི་བོད་རང་སྐྱོང་ལྗོངངས་ཟེར་བའི་མཐོ་རིམ་མགོ་འཁྲིད་ཁག་ཅིག པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷར་ནག་ཉེས་ཚབས་ཆེན་བཙུགས།  

ཆུ་ཚོད་ ༢ སྔོན་ལ།
Mobile App

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢ སྔོན་ལ།
བོད་པ་ཚོས་རིག་གཞུང་གི་དོན་སྙིང་ལྡན་པར་འདོད་པའི་རེས་གཟའ་ལྷག་པར་འཁྲབ་པའི་ལྷག་དཀར་སྒོར་གཞས། རྒྱ་གར་རྡ་རམ་ས་ལར་༧རྒྱལ་བའི་ཕོ་བྲང་གི་ཉེ་འཁྲིས་སུ་བདུན་སྔོན་མར་བླངས་བའི་པར།
Mobile App

བོད་ཀྱི་སྐྱབས་བཅོལ་མི་རིགས་འཚོ་གནས་བྱེད་སའི་རི་ངོགས་ཆུང་ཆུང་གི་མང་གཙོ།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀློད་གྲོལ་བཏང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

༸རྒྱལ་བའི་གོ་སྟོན་དང་། ཞི་ཅིན་ཕིང་གིས་རྒྱ་གཞུང་པཎ་ཆེན་གྱི་མཇལ་ཞུ་དང་ལེན།

༢༠༢༥/༠༧/༢༡
Mobile App

༩༠

༢༠༢༥/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese