མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་བོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇོ་རི་ཨོ་བྷིར་ཧྥལ་ཛིལ (Jiri Oberfalzer)མཆོག་གིས་ཅེག་ལ་གཞན་གྱིས་བཙན་འཛུལ་བྱས་པའི་མཉམ་མྱོང་ཡོད་པ་ལྟར་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་རང་དབང་སྒེར་ལངས་ཆེན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇོ་རི་ཨོ་བྷིར་ཧྥལ་ཛིལ (Jiri Oberfalzer) མཆོག་གིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཞིག་གནང་སོང་།

སྐབས་དེར་སྐུ་ཞབས་ (Jiri Oberfalzer) ལགས་ཀྱིས། ང་ཚོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རྒྱལ་ཁབ་ལ་རྒྱབ་སྐྱོར་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་གྲོགས་པོ་ཡིན་ལ། དེ་རིང་ཞོགས་པར་༧གོང་ས་མཆོག་གིས་ནས་དེའི་སྐོར་གསུང་གླེང་མཛད་པ་ལྟར། ང་ཚོས་མུ་མཐུད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན། རྒྱུ་མཚན་ནི་དེ་སྔ་ང་ཚོའང་གནས་སྟངས་དེ་འདྲའི་འོག་ནས་ཕྱིན་ཡོད་པ་དང་། རྒྱ་ནག་གིས་བོད་མི་རྣམས་བཙན་གནོན་དང་རིག་གཞུང་རྩ་མེད་བཟོ་ཡི་ཡོད་པའི་གནས་ལུགས་རྟོགས་ཀྱི་ཡོད། དེར་བརྟེན་ང་ཚོས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཡོད། ཅེས་གསུངས་སོང་།

གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པས་བོད་ནང་ཡོད་པའི་བོད་མི་ཚོར་བརྡ་ལན་ག་རེ་ཡོད་དྲིས་པར་ཁོང་གིས། བོད་ནང་དུ་ཡོད་པའི་བོད་མི་ཚོའི་འཚོ་བ་སྐྱེལ་སྟངས་དང་ད་ལྟའི་གནས་སྟངས་ག་འདྲ་ཡོད་མེད་ཤེས་ཀྱི་མེད། ཡིན་ནའང་བོད་ནང་དུ་ཡོད་པའི་བོད་མི་དེ་དག་གི་རེ་བ་མུ་མཐུད་གནས་པར་བྱ་དགོས། གལ་ཏེ་རེ་བ་བརླག་པ་ཡིན་ན། ཁྱེད་རང་ཕམ་པ་དང་གཅིག་མཚུངས་རེད། གནས་སྟངས་ཛ་དྲག་པོ་དེ་འདྲའི་སྐབས་སུ་མུ་མཐུད་ནས་རེ་བ་བྱ་རྒྱུ་དེ་ཁག་པོ་རེད། ཅེས་གསུངས་སོང་།

ཡང་ས་གནས་གསར་འགོད་པས་དེ་རིང་༧གོང་ས་མཆོག་དང་མཇལ་འཕྲད་སྐབས་བཀའ་མོལ་ག་རེ་བྱུང་སྐོར་དྲིས་པར་ཁོང་གིས། ཁ་སང་ང་ཚོར་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ཡོད་པ་ཧ་གོ་ནས་ཧང་སངས་སོང་། དེ་ན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གོ་སྒྲིག་གནང་བ་རེད་ལ། དེ་རིང་ཞོགས་པར་ང་ཚོ་དང་ལྷན་དུ་ཕེབས་ཡོད་པ་རེད། དེ་ནས་ཐོག་མར་༧གོང་ས་མཆོག་ཆུང་དུས་སྐབས་ཀྱི་མི་ཚེའི་སྐོར་གསུངས་བྱུང་ལ། ༧གོང་ས་མཆོག་ཡང་སྲིད་དུ་ངོས་འཛིན་གནང་སྟངས་ཀྱི་སྐོར་ངོ་སྤྲོད་གནང་བྱུང་། དེ་ནས་དེ་རིང་གསུམ་བཅུའི་དུས་དྲན་དེ་ཉིན་མོ་གལ་ཆེན་ཡིན་སྐོར་དང་། ག་འདྲ་བྱུང་བའི་སྐོར་གསུངས་བྱུང་། ད་དུང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས། ༧གོང་ས་མཆོག་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ཚུལ་སྐོར་གསུངས་བྱུང་། གཞན་ཡང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གཞུང་གིས་དགའ་བསུ་གནང་སྟེ་བཀའ་དྲིན་ཆེན་པོ་ཡིན་ལ། བོད་མི་ཚོ་རྒྱ་གར་གྱི་མི་མང་དང་རྒྱལ་ཁབ་འདིའི་མགྲོན་པོ་ཡིན་སྐོར་སོགས་གསུངས་བྱུང་། ཞེས་གསུངས་སོང་།

མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དེ་རིང་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གྲོས་ཚོགས་གོང་མའི་ཚོགས་གཞོན་མཆོག་དངོས་སུ་ཕེབས་པ་དེ། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའོ་བོད་མི་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་།  ༧གོང་ས་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧར་ཝར་རྣམ་གཉིས་ཐུགས་ཐག་ཉེ་བའི་གྲོགས་པོ་ཡིན་པ་དང་། དེ་བཞིན་བོད་མི་རྣམས་ལའང་གྲོགས་པོའི་འདུ་ཤེས་ཟབ་མོའི་ཐོག་ནས་འདས་པའི་ལོ་མང་རིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང་ལ། བོད་མི་ཚོས་བོད་དོན་ཁོ་ནའི་སླད་དུ་འཐབ་རྩོད་བྱེད་པ་ཙམ་མིན་པར། ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་ཞིག་བསྐྲུན་ཐབས་སུའང་འཐབ་རྩོད་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese