མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་བུད་མེད་སྒེར་ལངས་ཐེངས་ ༦༣ པ་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་བོད་ཕྱི་ནང་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར་བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་སྟབས། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་བྱེད་རུང་བ་ཞིག་གཏན་ནས་མིན་སྐོར་བསྒྲགས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བོད་ཀྱི་བུད་མེད་ལྷནད་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་གི་ཁང་གི་ཉེ་འཁྲིས་ནས་དྷ་ཤོད་ཀ་ཅ་རི་བར་གོམ་བགྲོད་ཀྱི་ལམ་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༣ པ་སྲུང་གཙི་ཞུས་གནང་སོང་བ་དང་། བུད་མེད་སྒེར་ལངས་ཐེངས་རེ་གསུམ་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དྷ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་པ་མཆོག་གི་དབུས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་ ༢༠༠ ཡས་མས་བཅས་འཛོམས་གནང་འདུག

སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྐབས། དེ་རིང་གི་ཉིན་མོ་ནི་༡༩༥༩ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་རྗེས་བོད་རྒྱལ་ཁབ་ཆག་འཇིག་ལ་ཐུགས་སྐབས་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་། ལག་ཟད་དཔུང་ལ་ཐུག་ཀྱང་ཆོལ་གསུམ་བུད་མེད་རྣམས་ཀྱིས་ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་༡༢ ཉིན ་སྙིང་སྟོབས་ཞུམ་མེད་ཀྱི་ཐོག་ནས་རྒྱལ་བསྟན་ཆབ་སྲིད་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་པོ་ཏཱ་ལའི་མདུན་ཐང་འབྲས་བུ་གཡུལ་ཀའི་ཐང་ཆེན་སྟེང་དུ་དཔའ་མོ་དམ་པ་ཀུན་བཟང་གཙོས་པའི་བུད་མེད་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་སར་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། སྐབས་དེ་དུས་ལས་འགུལ་ནང་བུད་མེད་བརྒྱ་ཕྲག་ལྷག་ཙམ་སྐུ་སྲོག་ཤོར་ཡོད་པ་དང་། འགོ་ཁྲིད་བུད་མེད་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ། མཐར་ཕྱི་ལོ་༡༩༧༠ ལོར་དཔའ་མོ་ཀུང་བཟང་དང་། དཔའ་མོ་གསང་བསྔགས་ཆོས་སྒྲོན། དཔའ་མོ་རྟ་མཆོག་བུ་འཁྲིད། གཞན་དཔའ་མོ་བཞི་བཅས་ལྷ་ས་གྲུ་བཞིའི་བཙོན་ཁང་གི་བྱང་ངོས་བཙོན་ཁང་དུ་རྒྱ་དམར་གྱིས་མེ་མདའ་འཕངས་ནས་དམར་གསོད་བཏང་རྗེས་དབུགས་ཀྱི་རྒྱུ་བ་མ་ཆད་གོང་ནས་ས་དོང་ནང་དུ་གསོན་སྦས་བཏང་བའི་ཡིད་སྐྱོའི་བྱུང་རིམ་རྣམས་རྡོ་བཀོད་རི་མོ་བཞིན་ལོ་རྒྱུས་ཀྱི་ཐོག་འཁོད་ཡོད། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བུད་མེད་སྒེར་ལངས་བྱས་ཏེ་ད་བར་ལོ་ངོ་༦༣ ཧྲིལ་བོ་འཁོར་གྱི་ཡོད། སྒེར་ལངས་ཉིན་མོ་དེ་ནས་བཟུང་སྟེ་ལོ་ལྟར་བཙན་བྱོལ་དུ་དབུས་ས་གཉིས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཁུར་ཐོག་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་ཉིན་མོ་ཞིག་ཡིན། དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར་བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཀྱང་ཆགས་ཀྱི་ཡོད། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་བྱེད་རུང་བ་ཞིག་གཏན་ནས་མིན། དེ་རིང་གི་གོ་སྐབས་འདི་བརྒྱུད་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་འདུད་ཐོག་ཡིད་རང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དུས་ད་ལྟའང་རྒྱ་དམར་གཞུང་གི་དམ་དྲག་གི་འོག་དཀའ་སྡུག་མྱོང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཅེས་གསུངས་སོང་།

ཡང་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་རྒྱ་ནག་དམར་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བཙན་གནོན་ཐོག་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བྱས་དང་བྱེད་མུས་ཡིན་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་དང་རིག་གཞུང་གི་རང་དབང་། ཁོར་ཡུག་དང་བཅས་པའི་གནས་སྟངས་ཉིན་རེ་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་མི་གྲངས་༡༥༢ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་དམར་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་གྱི་འཐབ་རྩོད་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཡོད། བོད་ནང་གི་བོད་མི་ལ་རྒྱ་ནག་དམར་གཞུང་གིས་བཙན་གནོན་དང་དམ་དྲག་ཆེ་བའི་འོག་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་གྱི་འོག་གནས་ཡོད། ལྷག་པར་དུ་བོད་མིའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧སྤྱི་ནོར་༧ ང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱས་ཚེ་འཇུ་བཟུང་བྱེད་པ། ལྷག་པར་དུ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་མང་པོ་ཞིག་དོན་མེད་འཇུ་བཟུང་བྱེད་པ། གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད། དམིགས་གསལ་གྱི་བོད་མི་རིགས་རྩ་མེད་བཟོ་ཆེད་བོད་མིའི་ངོ་བོ་མཚོན་བྱེད་ཆོས་དང་རིགས་གཞུང་། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་རྒྱུན་ཆད་མེད་པར་ལག་ལེན་བྱེད་པ་དང་། བུད་མེད་བྲུ་མ་ཅན་ལ་སྐྱེད་སྒོ་བཀག་པ།བཙུན་དགོན་སྒོ་རྒྱག་པ་དང་བཙུན་མ་རྣམས་རང་དབང་མེད་པར་སྐྱ་ཕབས་བཅུག་པ། ཉེས་མེད་བཙོན་པ་རྣམས་ལ་ཚད་ལས་འདས་པའི་མནར་གཅོད་གཏོང་བ། བཙོན་ནས་གློད་གྲོལ་ཐོབ་ཀྱང་མུ་མཐུད་ནས་སོ་ལྟ་བྱེད་པ། ཞིང་འབྲོག་མང་ཚོགས་གྲོང་རྡལ་ཅན་ལ་བསྒྱུར་ནས་བོད་མིའི་སྲོལ་རྒྱུན་གྱི་འཚོ་བའི་ལམ་སྲོལ་དང་སྤྱི་ཚོགས་ཀྱི་ལམ་སྲོལ་རྩ་མེད་བཟོ་བ་སོགས་གནས་སྟངས་ཧ་ཅང་གི་ཛ་དྲག་ཆགས་ཡོད། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོགས། ཉེ་ཆར་ཕྱི་ལོ་༢༠༢༡ ལོར་ཁམས་བྲག་འགོར་ཐུབ་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་གཏོར་ཡོད་པ་མ་ཟད་ལོ་འདིའི་ཟླ་༢ པའི་ནང་སླར་ཡང་བྲག་མགོ་སྔ་འགྱུར་རྙིང་མའི་ཆ་ནང་དགོན་དུ་གུ་རུའི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད། ཕྱི་ལོ་༢༠༢༠ ལོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཀྱིས་ཚབས་ཆེའི་གོད་ཆགས་ཕོགས་པ་དང༌། འདི་ལོ་ཨོ་རྩལ་འགྲན་ཚོགས་དེའང་རྒྱ་ནག་པེ་ཅིང་དུ་སྐོང་འཚོགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཚོས་འགན་འཁུར་ཡོད་པའི་ཐོག་ནས་རྒྱ་ནག་གཞུང་ལ་དུས་དང་རྣམ་པ་ཀུན་དུ་གནོན་ཤུགས་སྤྲོད་དགོས་པའི་དུས་ལ་སླེབས་ཡོད།

བོད་ནང་གི་གནས་སྟངས་མུ་མཐུད་ནས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཁག་ལ་ཞུ་གཏུགས་ཀྱི་ལས་འགུལ་དབུས་ས་གཉིས་ནས་སྤེལ་མུས་ཡིན། བོད་ནང་གི་གནས་སྟངས་མུ་མཐུད་ནས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་། གནད་ཡོད་ལ། མི་སྣ་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱེད་པ། སྐབས་དུས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ། རེས་གཟའ་པ་སངས་འཆར་ཅན་བོད་ཀྱི་ཁོར་ཡུག་ཐོག་དྲིལ་བསྒྲགས་ལ་སོགས་པ་བྱེད་མུས་ཡིན། ཕྱི་ལོ་༢༠༡༧ ལོར་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅོ་ལྔས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་ཞེས་རྩའཛིན་བཀོད་ཁྱབ་གནང་ཟིན་པ་དེར། འདི་ལོ་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་ལ་འབོད་སྐུལ་ཞུས་པ་བཞིན་བཀའ་ཤག་སྐབས་བཅུ་དྲུག་ནས་དགོངས་པ་ཆེ་བཞེས་ཀྱི་ཕྱི་ལོ་༢༠༢༢ ཟླ་༢ ཚེས་༥ ཉིན་བོད་ཀྱི་བུད་མེད་ཉིན་མོ་རྩ་འཛིན་ཕྱིར་བསྡུ་གནང་བ་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉི་མོ་འདི་ནི་ང་ཚོའི་མི་རབས་ནས་མི་རབས་བར་བོད་དོན་ཐབས་རྩོད་ཐད་མུ་མཐུད་དེ་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་ཞིག་ཀྱང་ཆགས་ཀྱི་ཡོད། ཅེས་འཁོད་འདུག

ཡང་བུད་མེད་སྒེར་ལངས་ཐེངས་ ༦༣ དུས་དྲན་སྲུང་གཙི་དང་འབྲེལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་གི་མགོ་འཁྲིད་རྣམ་པ་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་སླད་དགོས་འདུན་དོན་ཚན་གསུམ་བཏོན་པ་དག་ནི། གཅིག་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོལ་མོལ་ཡོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་དང་། གཉིས་གར་སོང་ཆ་མེད་དུ་གྱུར་བའི་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་གྲོལ་དགོས་པས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་དགོས་པ་བཅས་རྒྱ་ནག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་སྤྲོད་པའི་འབོད་སྐུལ་ཞུས་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese