མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུའི་ཐག་ཆོད་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མའི་སྟེང་སྣར་ཐང་དཔར་ཁང་མུ་མཐུད་སྒོ་ཕྱེ་རྒྱུ་དང་སྤྱི་ལྷན་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་གནས་སྟངས་འོག་འཛིན་སྐྱོང་བཀའ་ཤག་ལ་བར་བརྒལ་བཀའ་འཁྲོལ་ཐོབ་པར་ངོས་འཛིན། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ་བཅས་ཀྱི་གྲོས་ཆོད་གསུམ་གཏན་འབེབས་བྱུང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༣ པའི་ལས་ཉིན་མཐའ་མའི་སྟེང་། ཉེ་ལམ་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེར་བྱུང་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ལ་རྟོག་ཞིབ་ཆེད་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཞིག་འཛུགས་དགོས་པ་དང་། ཕྱི་དྲིལ་སྣར་ཐང་དཔར་ཁང་དེ་ཉིད་སྒོ་རྒྱག་མི་དགོས་པ། དེ་བཞིན། སྔོན་རྩིས་སྒྲིག་གཞི་དོན་ཚན་ ༧(༥) ཆ་རྐྱེན་འོག་བར་བརྒལ་བཀའ་འཁྲོལ་ཐོབ་པར་ངོས་འཛིན་བྱ་རྒྱུའི་་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གསུམ་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

དེ་ཡང་དོན་ཚན་གསུམ་ཅན་གྱི་གངས་ལྗོངས་དཔལ་འབྱོར་ཁང་དང་འབྲེལ་བའི་གཞུང་འབྲེལ་གྲོས་འཆར་ནང་། ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་སྟེ། ཚོགས་ཆུང་དེས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་ཐད་རྟོག་ཞིབ་དོ་ནན་བྱ་རྒྱུ་ཡིན་པ་དང་། ཚོགས་ཆུང་ངོས་ནས་གནས་ཡུལ་གཞུང་གི་ཁྲིམས་ལུགས་དང་། མ་འཛུགས་བྱ་ཕྱོགས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟའི་གནས་བབ། མ་འོངས་དམིགས་ཡུལ་གཞིར་བཟུང་ཡོང་ཐུབ་མིན་གྱི་སྙན་ཐོ་ཁ་གསལ་ཞིག་འདོན་ཐུབ་པ་དགོས་ཤིང་། གྲུབ་དོན་སྙན་ཐོ་དེ་ཉིད་གྲོས་ཚོགས་ཚོགས་དུས་རྗེས་མའི་གོང་དུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་སྐོར་དང་། ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་གཞིར་བཟུང་གྲོས་ཚོགས་ནས་ཐག་གཅོད་ཁ་གསལ་ཞིག་མ་བྱུང་བར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་རྣམས་ད་ཡོད་བཞིན་མུ་མཐུད་གནང་དགོས་སྐོར་འཁོད་འདུག་པ་ལྟར། གྲོས་འཆར་དེར་སྤྱི་འཐུས་ ༡ གིས་དགག་བྱ་དང་། སྤྱི་འཐུས་ ༣༣ གྱིས་རྒྱབ་སྐྱོར་གནང་བར་བརྟེན། ཚད་མཐོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

སྤྱིར་གྲོས་ཚོགས་ཀྱི་ཚོགས་ཐུན་སྔ་མའི་སྐབས་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་བབ་སྐོར་ནས་གསལ་བཤད་གནང་ཡོད་ནའང་། ད་ཐེངས་སྤྱི་ལྷན་གྱི་ཚོགས་ཆུང་འཛུགས་ཕྱོགས་སོགས་ཀྱི་སྐོར་ལ་དོགས་འདྲི་དང་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཚོགས་གཙོ་སྦྲེལ་པོས་འཛུགས་རྒྱུའི་ཚོགས་ཆུང་གི་མི་འགྲོའི་ཁོངས་སུ་བཀའ་སྤྱི་གཉིས་ཀའམ། ཡང་ན་ཕྱི་ནས་ཁྱད་ལས་པ་དེ་འདྲ་འཇུག་འཆར་ཡོད་མེད་དྲིས་པར། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྤྱི་འཐུས་རྒྱུན་ལས་ནང་ཚོགས་མིའི་ཁོངས་སུ་སྤྱི་འཐུས་ཀྱི་ཐོག་ལ་ཁྲིམས་སྒྲིག་སོགས་ལ་རྒྱུས་མངའ་ཡོད་པའི་ཁྱད་ལས་པ་འཇུག་དགོས་པའི་བསམ་ཚུལ་བཏོན་པ་ལྟར། ཚོགས་གཙོ་སྦྲེལ་པོའི་ངོས་ནས་དེ་ལྟར་གནང་རྒྱུའི་ཐུགས་བློ་ཡོད་སྐོར་གསལ་བཤད་གནང་སོང་།

ད་ལྟའི་གྲོས་ཚོགས་ཚོགས་དུས་ཐོག་འཛིན་སྐྱོང་བཀའ་ཤག་ངོས་ནས་སྔོན་རྩིས་གཏམ་བཤད་སྐབས། སྣར་ཐང་དཔར་ཁང་གི་འགྲོ་གྲོན་དང་གྲུབ་འབྲུས་གོ་མ་མཚུངས་པའི་རྐྱེན་གྱིས་མི་རིང་བར་སྒོ་བརྒྱབ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་བསྟུན། བོད་མི་མང་སྤྱི་འཐུས་མི་ཁག་ཅིག་གིས་སྣར་ཐང་དཔར་ཁང་གི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གལ་འགངས་ལ་གཞིགས་ཏེ་སྒོ་བརྒྱབ་མི་ཉན་པའི་བསམ་ཚུལ་བཏོན་པ་དང་འབྲེལ། དེ་རིང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣར་ཐར་དཔར་ཁང་དེ་ཉིད་སྒོ་རྒྱག་མི་དགོས་པར། པར་སྐྲུན་ལས་རིགས་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་དང་། ཕྱོགས་ཡོངས་ནས་ལས་དོན་ཚགས་ཚུད་ཡོང་ཐབས་དགོས་པའི་མང་མོས་གྲོས་ཆོད་བཞག་ཡོད་ཅིང་། གྲོས་ཆོད་དེའི་སྔོན་གླེང་ནང་། ཕྱི་དྲིལ་དཔར་ཁང་དེ་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དཔེ་དེབ་དང་། དུས་དེབ། གསར་ཤོག འཛིན་ཤོག་བཅས་པར་སྐྲུན་བྱ་སའི་པར་ཁང་གཅིག་པུ་དེ་ཡིན་པ་དང་། གལ་ཏེ་གཞུང་འབྲེལ་ཡིག་ཆ་རྣམས་པར་ཁང་གཞན་དུ་པར་ཚེ། སྔར་བས་འགྲོ་སོང་ཆེ་བ་དང་དུས་འགོར་སོགས་སྟབས་བདེ་མེད་སྐོར་དང་། སྣར་ཐང་དཔར་ཁང་དེ་བཞིན་ཐོག་མར་༧རྒྱལ་དབང་སྐུ་ཕྲེང་དྲུག་པའི་ཞལ་བཀོད་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཟེར་བའི་སྐབས་རྩ་གཏོར་བཏང་སྟེ། དུས་ད་ལྟའང་བསྐྱར་གསོ་ཐུབ་མེད་སྐོར་དང་། འདས་པའི་ལོ་ཤས་རིང་སྣར་ཐང་དཔར་ཁང་གི་བྱུང་སོང་ཁ་མ་འདུམ་པའི་གནས་སྟངས་ཤིག་བྱུང་ཡོད་ནའང་། མ་འོངས་སྣར་ཐང་དཔར་ཁང་གི་ལས་དོན་ཡར་རྒྱས་ཚགས་ཚུད་དུ་བཏང་ནས་རྒྱུན་གནས་ཐུབ་དགོས་པ་དེ་ལོ་རྒྱུས་དང་། ལས་དོན་དངོས་ཀྱི་ཐོག་ནས་དགོས་མཁོ་གལ་ཆེར་གྱུར་ཡོད་སྐོར་འཁོད་འདུག གྲོས་ཆོད་གྲོས་འཆར་འདིར་དགག་བྱ་གནང་མཁན་སྤྱི་འཐུས་ ༡༢ དང་རྒྱབ་སྐྱོར་གནང་མཁན་ ༡༦ བྱུང་བར་བརྟེན་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

ཡང་དེ་རིང་འཛིན་སྐྱོང་བཀའ་ཤག་ངོས་ནས་སྤྱི་འཐུས་རྒྱུན་ལས་ཀྱི་བསམ་ཚུལ་དང་ཚོགས་གཅོ་མཆོག་གི་ལམ་སྟོན་འོག འདས་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ནས་ཟླ་ ༡༠ ཚེས་ ༡༡ བར་སྤྱི་ལྷན་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་གནས་སྐབས་སུ་བར་བརྒལ་བཀའ་འཁྲོལ་ཞུས་པ་དག སྤྱི་ལྷན་ནས་བཀའ་འཁྲོལ་ཐོབ་པར་ངོས་འཛིན་ཡོང་རྒྱུའི་གྲོས་འཆར་ཞིག་བཏོན་ཡོད་ཅིང་། གྲོས་ཆོད་ནང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་དམིགས་བསལ་གནས་སྟངས་བྱུང་བའི་དུས་ཡུན་ནང་། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༧ ནང་གསེས་ ༥ པའིི་ཆ་རྐྱེན་འོག་ནས་ཚོགས་དྲུང་ལས་ཁུངས་བརྒྱུད་བར་བརྒལ་བཀའ་འཁྲོལ་ཞུས་ཟིན་པའི་བྱུང་ཧིན་སྒོར་ ༢༧,༠༣,༥༦,༦༨༣ དང་། སོང་ཧིན་སྒོར་ ༢༠,༣༩,༥༥,༢༢༩ གྲོས་ཚོགས་སུ་སྙན་གསན་བྱུང་བ་ལྟར་བཀའ་འཁྲོལ་ཐོབ་པར་ངོས་འཛིན་བྱ་རྒྱུའི་གྲོས་ཆོད་གྲོས་འཆར། ཞེས་འཁོད་པ་དེར། དེར་སྤྱི་འཐུས་ ༨ ཀྱིས་དགག་བྱ་བཏོན་པ་དང་། སྤྱི་འཐུས་གྲངས་ ༢༣ གྱིས་རྒྱབ་སྐྱོར་གནང་སྟེ་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།

གསར་འགོད་པ། པ་སངས་ཚ་ེརིང་།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese