མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་དབུ་མའི་ལམ་གྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ལྔ་པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལར་རྒྱལ་སྤྱིའི་དབུ་མའི་ལམ་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་འཚོག་བཞིན་ཡོད་པ་དང་ཐེངས་འདིའི་ཚོགས་ཆེན་ཐོག་༧གོང་ས་མཆོག་ཐུགས་བསྐྱེད་དམ་བཅའ་བཞི་དང་དབུ་མའི་ལམ་གྱི་སྐོར་ལ་མི་མང་ནང་གོ་རྟོགས་སྤེལ་ཐབས་སོགས་ཀྱི་སྐོར་ལ་གོ་བསྡུར་གནང་བཞིན་འདུག

ཁ་སང་ཕྱི་ཚེས་ ༣ ནས་ཉིན་གྲངས་ ༣ རིང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དྷ་རམ་ས་ལའི་ཤིང་མཁར་མགྲོན་ཁང་དུ། རྒྱལ་སྤྱིའི་དབུ་མའི་ལམ་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཚོགས་ཆེན་འཚོག་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས། དེ་བཞིན་སྤྱི་འཐུས་ལས་ཐོག་དང་ལས་ཟུར། དེ་བཞིན་རྒྱ་བལ་གཉིས་སུ་ཡོད་པའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཡན་ལག་དང་འབྲེལ་མཐུད་ཁང་ ༡༨ ནས་ཚོགས་ཞུགས་པ་ ༥༣ ལྷག་བསླེབས་འདུག  ཚོགས་ཆེན་ཐོག་ཆེད་དུ་བཅར་བའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཐོག་མར་འཛུགས་མཁན་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ་ཕུལ་སོང་།

དབུ་མའི་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང་ཚོགས་གཞོན་བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་རྣམ་གཉིས་ནས་ཚོགས་ཆེན་སྐོར་དང་རྒྱུན་ལས་ཀྱི་ལས་བསྡོམས་བཅས་སྙན་སྒྲོན་གནང་སོང་ལ། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་ཀྱིས། ༧གོང་ས་མཆོག་གིས་མི་རིགས་ཚང་མར་མཛའ་མཐུན་མུ་མཐུད་ཡོང་ཐུབ་རྒྱུ་དང་། མ་འོངས་པར་བོད་ནང་དུ་ཡར་རྒྱས་དང་འཛུགས་སྐྲུན་ཡོང་རྒྱུ། དེ་བཞིན་ང་ཚོའི་བོད་མི་རིགས་ལ་འཕྲལ་ཕུགས་གཉིས་ཀར་ཁེ་ཕན་ཡོང་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཡོང་རྒྱུ་ལ་སོགས་ལ་དགོངས་པ་བཞེས་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོར་༧གོང་ས་མཆོག་གིས། མ་འོངས་པར་ང་ཚོའི་རང་དབང་འཐབ་རྩོད་བྱེད་སྟངས་སྐོར་བོད་མི་དམངས་ལ་དྲི་བ་བསྐུར་ནས་ཐག་གཅོད་ཅི་འདྲ་བྱུང་བ་དེ། མ་འོངས་པར་རྒྱ་ནག་དང་འབྲེལ་བ་བྱེད་སྟངས་དང་རང་དབང་གི་འཐབ་རྩོད་བྱེད་སྟངས་དཔྱད་ཞིབ་ཀྱི་ལམ་སྟོན་ལྟ་བུར་འཇོག་གི་ཡིན། ཞེས་གསུངས་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༩༥ ལོར་༧གོང་ས་མཆོག་གིས། མ་འོངས་པར་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཅི་འདྲ་ཞིག་ལ་འགྱུར་ཚུལ་སྐོར་བོད་མི་དམངས་ནས་གྲོས་བསྡུར་བྱ་དགོས་སྐོར་སོགས་གསུངས་པ་ལྟར། བསམ་ཚུལ་བརྒྱ་ཆ་ ༦༤ ནས་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་མཇུག་སྐྱོང་གནང་རྒྱུར་རྒྱབ་སྐྱོར་ཞུས་ཡོད་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་འདི་བོད་གཞུང་མང་གིས་ཐག་གཅོད་བྱས་པའི་ལངས་ཕྱོགས་ཤིག་ཆགས་ཀྱི་ཡོད་ལ། སྔར་བཙན་པོའི་དུས་སུ་ང་ཚོའི་བོད་རྒྱལ་ཁབ་དེ་སྟོབས་ཤུགས་ཆེན་པོ་ཡོད་པ་དང་། རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་སྐབས་རེར་ང་ཚོའི་རྒྱལ་ཁབ་ཐོབ་པ་དང་སྐབས་རེར་ཕམ་པའི་གནས་སྟངས་བྱུང་ཡོད་ལུགས་དང་། ༧གོང་ས་མཆོག་གིས་ཆབ་སྲིད་དང་དཔལ་འབྱོར་གྱི་སྟོབས་ཤུགས་སོགས་ཀྱི་ཐོག་ལ་དགོངས་པ་བཞེས་པ་དང་། ལྷག་པར་དུ་རྒྱ་དཀར་ནག་གི་འབྲེལ་བའི་ཐོག་ལ་དགོངས་པ་བཞེས་ཡོད་སྐོར་དང་། ཆོལ་ཁ་གསུམ་ཆིག་སྒྲིལ་དགོས་པ་གཞི་ལ་བཞག་ནས་བོད་མི་ཡོངས་ལ་ཐོབ་ཐང་གཅིག་གྱུར་དགོས་པའི་དགོངས་པ་རླབས་ཆེན་བཞེས་ཡོད་པ་ལས། དེང་སང་ཁག་ཅིག་གིས་འགྲེལ་བཤད་རྒྱག་སྟངས་ལྟར་རལ་གྲི་གནམ་གཡུག་ལྟ་བུ་ཞིག་གཏན་ནས་མིན་སྐོར་སོགས་གསུངས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པར་བརྟེན། དབུ་མའི་ལམ་གྱི་སྐོར་ལ་མི་ཤེས་མཁན་མེད་པ་ལྟ་བུ་རེད། དབུ་མའི་ལམ་བཤད་པའི་སྐབས་རང་བཞིན་གྱིས་ལོ་རྒྱུས་ཀྱི་གནས་བབ་ཤེས་དགོས་ཀྱི་ཡོད་རེད། ལོ་རྒྱུས་ཀྱི་གནས་བབ་ལ་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྤྱིར་བཏང་གཞུང་ཞིག་གིས་སྲིད་ཇུས་ལངས་ཕྱོགས་གང་ཡིན་རུང་། དེ་ལ་བསམ་བློ་དང་ལྟ་གྲུབ། རྒྱབ་ལྗོངས་སོགས་ཡོད་པ་རེད། གནད་དོན་དེའི་ཐོག་ལ་བསམ་བློ་མང་པོ་དང་གཏིང་ཟབ་པོ་གཏོང་རྒྱུ་དང་། ཕུགས་རྒྱང་རིང་པོ་ལ་སོགས་པ་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་ཀྱི་ཡོད་རེད། དེར་བརྟེན་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ལྟ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་ཡང་བོད་བཙན་པོའི་སྐབས་ཀྱི་གནས་བབ་དང་བོད་སིལ་བུ་འཐོར་བའི་སྐབས་ཀྱི་གནས་སྟངས་ག་འདྲ་ཡོད་མེད་ཐོག་ལ་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་གནང་སྐབས་བོད་ཆོལ་ཁ་གསུམ་ལ་དམིགས་ནས་བཀའ་གནང་ཡོད་རེད་མ་གཏོགས། ཆོལ་ཁ་གཅིག་གཅིག་པུ་དང་ཁུལ་གཅིག་གཅིག་པུ་ལ་དགོངས་པ་བཞེས་པ་ཡིན་ན། ད་ལྟ་ང་ཚོའི་གནས་བབ་དེ་ཡོང་ཐུབ་རྒྱུ་ཡོད་མ་རེད། ཆོལ་ཁ་སུ་འདྲ་ཞིག་ཡིན་རུང་དེའི་ཐོག་ལ་བསམ་བློ་བཏང་སྟེ་༧གོང་ས་མཆོག་གི་དགོངས་པ་རྟོགས་ཐུབ་ནས་གནས་སྟངས་འདིའི་སྒང་ལ་བསམ་བློ་གཏང་བ་ཡིན་ན། ང་ཚོའི་ནུས་པ་མཉམ་སྤུངས་བྱ་རྒྱུའི་ལམ་ཁ་ཏན་ཏན་ཡོད་རེད། མ་འོངས་པར་ང་ཚོ་བོད་ཀྱི་གནད་དོན་དེ་དག་འགྲེལ་བཤད་བརྒྱག་པའི་སྐབས་ཁ་ཕྱོགས་མི་འདྲ་བ་ཡོང་གི་རེད། རང་བཙན་ཡིན་པའི་གནས་བབ་སྒྲུབ་མ་ཐུབ་པ་ཡིན་ན་དབུ་མའི་ལམ་ལ་གདེང་འཇོག་སླེབས་ཐུབ་ཀྱི་མི་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཚོ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་རེད། ཕྱིའི་རྒྱལ་ཁབ་ལ་འགྲེལ་བཤད་བརྒྱག་སྐབས། བོད་རང་བཙན་གྱི་གནས་བབ་ཡིན་པ་དེ་ངོས་འཛིན་གནང་དགོས་ཀྱི་ཡོད་པ་དང་། རང་བཙན་ཡིན་པའི་གནས་བབ་འགྲེལ་བཤད་བརྒྱག་དགོས་ཀྱི་འདུག དེ་འགྲེལ་བཤད་བརྒྱག་པ་ལ་བརྟེན་ནས་༧གོང་ས་མཆོག་གི་དགོངས་པ་དང་འགལ་ཟླ་འགྲོ་ཡི་ཡོད་མ་རེད། རང་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ལ་གོ་རྟོགས་སྤེལ་དགོས་པ་དང་ཤུགས་བརྒྱག་དགོས་ཀྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་ཁོ་ནར་བལྟས་པ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་སུ་བོད་པའི་གནས་ཚུལ་མགོ་ཚོད་ཀྱི་ཡོད་མེད་ཐད་ལ་དོ་སྣང་བྱ་དགོས་ཀྱི་འདུག ནང་ཁུལ་རྙོག་དྲ་མེད་པར་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་གང་མང་སྤེལ་དགོས་པ་དང་། ལས་ཀ་ཚགས་ཚུད་བྱ་དགོས་སྐོར་དང་། དབུ་མའི་ལམ་གྱི་སྐོར་འགྲེལ་བཤད་རྒྱག་སྐབས་བྱུང་རིམ་ལོ་རྒྱུས་གཞི་ལ་བཞག་ནས་བརྙན་རིས་ལྟ་བུ་ཞིག་གི་ལམ་ནས་གཅིག་གྱུར་གྱིས་ལྟ་ཉན་བྱ་རྒྱུ་ཡོད་པ་ཞིག་བཟོས་ན་ཕན་དགེ་ཆེ་སྐོར་ལམ་སྟོན་གནང་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་དབུ་མའི་ལམ་གྱི་སྐོར་ལ་མི་མང་ནང་གོ་རྟོགས་སྤེལ་ཕྱོགས་ཇི་དགེ་དང་། མ་འོངས་པར་གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་སུ་དབུ་མའི་ལམ་དང་མཐུན་པའི་འབོད་ཚིག་གཏན་འབེབ་སོགས་ཀྱི་སྐོར་གོ་བསྡུར་དང་། སྐབས་དྲུག་པའི་རྒྱུན་ལས་གསར་འདེམས་སོགས་གནང་རྒྱུ་ཡིན་འདུག་ལ། སང་ཉིན་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. རླུང་རྟ་དར། says:
    ལོ་ 4 སྔོན།

    ཚོགས་འདུ་ཐོག་གྲྭ་བ་མེད་ན་བྲོ་བ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese