མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁར་གདོང་ལའི་འཁྱག་རྡོག་ཅིག་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གོ་ལའི་ཉིན་མོ་དང་བསྟུན་རྒྱ་གར་གྱི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་བ་དང་སློབ་གསོ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་མཁར་གདོང་ལ་ནས་ཁྱེར་ཡོང་བའི་འཁྱག་རྡོག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག

རྒྱ་གར་གྱི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་བ་དང་སློབ་གསོ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས། འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སྐོར་གོ་རྟོགས་སྤེལ་བའི་ཆེད་དུ་ཧི་མ་ལ་ཡའི་འཁྱག་རོམ་འཁྱེར་ཡོང་བ་ཞིག་རེད། ཧི་མ་ལ་ཡའི་ནང་གི་འཁྱག་རོམ་ཞིག་འཁྱེར་ཡོང་བ་དེས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་སྟངས་ཤེས་ཐུབ་ཀྱི་ཡོད་པ་རེད། གཞོན་སྐྱེས་ ༢༥ ཡིས་ལ་དྭགས་མཁར་གདོང་ལ་བར་དུ་རྐང་འཁོར་བཏང་ནས་ཕྱིན་ཏེ་རིའི་སྒང་ནས་འཁྱག་རྡོག་ཅིག་གཞུང་ལམ་བརྒྱུད་འཁྱེར་ནས་ཡོང་བ་ཡིན། འཁྱག་རྡོག་འདི་བརྒྱུད་ནས་ང་ཚོས་མི་མང་རྣམས་ལ་གྲོང་ཁྱེར་དང་རྒྱལ་སའི་ནང་འཚོ་བ་དཀྱུས་མ་བསྐྱལ་བ་ཡིན་ན། ང་ཚོ་རིའི་སྟེང་དུ་འཚོ་བ་སྐྱེལ་མཁན་རྣམས་ཀྱིས་ཀྱང་མི་ཚེ་དཀྱུས་མ་ཞིག་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྡ་ལན་སྤྲོད་འདོད་ཡོད་སྐོར་སོགས་བརྗོད་སོང་།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་བློན་ཆེན་ཟུར་པ་ (Martin Bursik) ལགས་ཀྱིས། དེ་སྔ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ (Prague) ནང་༧གོང་ས་མཆོག་དང་ལྷན་དུ་ཚོགས་འདུ་འཚོགས་སྐབས། ༧གོང་ས་མཆོག་གིས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ལ་བགྲོ་གླེང་འཚོག་དགོས་པའི་བཀའ་སློབ་གནང་སོང་། དེར་བརྟེན་ང་ཚོ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨི་ཊ་ལིའི་ཁོར་ཡུག་སྲུང་སྐྱོབ་ཉམས་ཞིབ་ཁང་ (Eurac Research) བཅས་ཀྱིས་བགྲོ་གླེང་འཚོག་གི་ཡོད་པ་དང་། ཉིན་གཉིས་རིང་མི་སྒེར་ཞིག་གི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་ཀྱི་འོས་འགན་དང་གོ་ལའི་ལམ་སྲོལ་སྲུང་སྐྱོབ། འཕྲུལ་ཆས་དང་ཚོང་། གོ་ལའི་སྣེ་གསུམ་པའི་གལ་གནད་ཀྱི་སྐོར། ད་ལྟའི་ཆར་གོ་ལའི་གནས་སྟངས་ཀྱི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་ལ་དེའི་སྐོར་ཞུས་ཏེ་རྒྱབ་སྐྱོར་མཛད་ཡོད་པ་མ་ཟད། གོ་ལའི་གནམ་གཤིས་སྲུང་སྐྱོབ་བྱེད་པར་ཞི་བདེ་དགོས་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད་སྐོར་དང་། ང་ཚོས་གོ་ལའི་གནམ་གཤིས་ཀྱི་དོན་དུ་ཕྱག་ལས་གནང་བར་ཐུགས་མཉེས་པོ་བྱུང་འདུག་ལ། ང་ཚོ་ཚང་མས་མཉམ་རུབ་ཀྱིས་གོ་ལ་སྲུང་སྐྱོབ་བྱེད་དགོས། ཞེས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཟུར་པ་དང་ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས། ང་ཚོ་༧གོང་ས་མཆོག་དང་མཇལ་ནས་བསོད་ནམས་དབང་ཕྱུག་ལགས་ཀྱིས་འཁྱག་རོམ་དེ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུའི་གོ་སྐབས་བྱུང་བ་རེད། ༧གོང་ས་མཆོག་གིས་འཛམ་གླིང་གི་དེང་དུས་ཀྱི་དཀའ་ངལ་ཐོག་ལ་ཐུགས་འཚབ་ཡོད་པའི་བཀའ་མོལ་གནང་སོང་། འཇིག་རྟེན་འདིའི་ནང་ང་ཚོ་ཚང་མ་དང་ང་ཚོའི་སྤྱི་ཚོགས་ལ་འགན་ཡོད་པའི་བཀའ་སློབ་གནང་སོང་། དེ་བཞིན་གནད་དོན་མང་པོའི་ཐོག་ལ་བཀའ་སློབ་གཏིང་ཟབ་པོ་གནང་སོང་། ས་གནས་དང་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པའི་ཐོག་ནས་མ་འོངས་པའི་མདུན་ལམ་གྱི་ཐོག་ལ་ང་ཚོ་ཚང་མས་མཉམ་རུབ་ཀྱིས་དཀའ་ལས་བརྒྱག་དགོས་པའི་ལམ་སྟོན་གནང་སོང་། ཞེས་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese