མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་རྒྱ་ནག་གཞུང་ལ་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཀུན་གཟིགས་༧པཎ་ཆེན་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ངོ་རྒོལ་སྐད་འབོད་སོགས་བརྒྱུད་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་། ཕྱི་དྲིལ་ལས་ཁུངས་ངོས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༣ ལ་ཕེབས་པའི་ཉིན་མོ་འདིར་རྒྱ་ནག་གཞུང་གིས་ཁོང་ལོ་རྒྱུས་ནས་ནག་བསུབ་གཏོང་ཐབས་བྱས་ཀྱང་། ང་ཚོས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་མི་མང་གིས་ཁོང་དྲན་ཡུལ་ནས་བསྐྱུར་མེད་པའི་བརྡ་ལན་གཏོང་ཆེད་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་དུས་ལ་བབ་ཡོད་པ་ཚོར་གྱི་ཡོད། ང་ཚོས་རྒྱ་ནག་གཞུང་ངོས་ནས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་རྣམས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་གི་དགོངས་དོན་བཞིན་རང་དབང་ལྡན་པའི་ངང་འཚོ་གནས་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་དང་གར་སོང་ཆ་མེད་གཏོང་བར་ཐེ་གཏོགས་བྱ་རྒྱུའི་ཞེ་ཕུགས་ཀྱི་དམིགས་ཡུལ་ནི་བོད་ལ་དབང་བསྒྱུར་བྱ་རྒྱུ་དང་། ཡོང་འགྱུར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་གཡོ་བྱུས་བཤམ་རྒྱུའི་གཞི་རྟེན་འཛུགས་ཆེད་ཡིན། པཎ་ཆེན་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་ཆེ་བའི་དབུ་ཁྲིད་ཅིག་ཡིན་གཤིས། ཁོང་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་བྲལ་བའི་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། ཅེས་འཁོད་འདུག

གཞན་ཡང་ཡོངས་ཁྱབ་བསྒྲགས་གཏམ་ནང་། ང་ཚོས་སླར་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མ་ཧི་ཀལ་བྷེ་ཅེ་ལཊ་ལགས་ལོ་འདིའི་ཟླ་བ་ལྔ་པའི་ནང་ཤར་ཏུར་ཀིསྟན་དུ་ཕེབས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གཟིགས་ཞིབ་གནང་རྒྱུ་སྤྱི་དང་། ཡང་སྒོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མིའི་ད་ལྟའི་གནས་སྟངས་དང་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཕྱིར་བསྒྲགས་ཡོང་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུའི་ཆེད་བོད་ལའང་ཕེབས་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

ཁེ་ཉིན་ཕྱི་ཚེས་ ༢༣ ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་མཛད་སྒོ་རྒྱས་པ་ཞིག་སྐོང་ཚོགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཉིན་དེའི་མཛད་སྒོའི་ཐོག་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས། དེ་བཞིན་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་བཀའ་ཟུར་བསྟན་འཛིན་བཀྲས་མཐོང་ལགས།  བོད་མི་མང་སྤྱི་འཐུས་ཚེ་རིང་དོན་གྲུབ་ལགས་དང་མི་མང་བཅས་ལྷན་འཛོམས་གནང་ཡོད་འདུག

སྐུའི་འཁྲུངས་སྐར་མཛད་སྒོ་དེའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཡིག་ཅིག་སྩལ་གནང་མཛད་པའི་ནང་། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་ཡིད་སྤྲོ་དང་བཅས་བཀའ་དྲིན་ཆེ་ཞུ། རྒྱལ་པཎ་རིམ་བྱོན་བླ་སློབ་ཀྱི་འབྲེལ་བ་ཐུན་མོང་མིན་པ་ཞིག་ཏུ་མ་ཟད། ༧རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས་བླ་ལྷའི་ལུང་བཞིན་གདན་ས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ་པཎ་ཆེན་རིན་བྱོན་གྱིས་བསྐྱངས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ན་ཆུང་དུས་ནས་ངོ་དང་འབྲེལ་འདྲིས་ཟབ་པས་དམིགས་བསལ་གྱི་འབྲེལ་བ་ཡོད། གངས་ལྗོངས་བསྟན་འགྲོར་ཐུགས་བསྐྱེད་དུས་སུ་སྨིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་པ་ནས་ཡང་སྲིད་རྩད་གཅོད་སོགས་ངོས་ལ་དམ་ཚིག་དང་ལོ་རྒྱུས་ཀྱིས་དཀྲིས་པའི་ལས་འགན་རྣམས་ཧུར་ཐག་གིས་བསྒྲུབས་ཀྱང་། ཆབ་སྲིད་གེགས་བར་གྱི་གཞན་དབང་དུ་སོང་བ་ཕངས་པ་ལྟར་སྣང་ཡང་། སྒོ་གསུམ་གཞན་དོན་དུ་བསྔོས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་དཔག་པར་དཀས་བས་ཅི་མཛད་གཞན་དོན་དུ་མ་གྱུར་པ་ག་ལ་མངའ། ད་ལན་ཡང་སྲིད་རིན་པོ་ཆེ་དགུང་གྲངས་སོ་གསུམ་དུ་ཕེབས་པའི་སྐུའི་འཁྲུངས་སྐར་གང་རྒྱས་ཤིག་འབྲེལ་ཡོད་ཁྱེད་རྣམས་ནས་ཨ་རིའི་ནིའུ་ཡོག་ཏུ་ཚོགས་པར་བཀྲ་ཤིས་བདེ་ལེགས་དང་། མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཀྱི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་ལམ་དང་བཅས། ཅེས་གསུངས་འདུག

སྐུའི་འཁྲུངས་སྐར་དང་བསྟུན་་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་ཡོངས་ཁྱབ་བསྒྲགས་གཏམ་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཉེས་མེད་བཙན་འཁྲིད་བྱས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་སྐུ་མཆེད་རྣམས་ད་ལྟ་གར་ཡོད་དང་། སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་གསལ་པོ་བཟོ་དགོས་པ་དང་། ཁོང་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ཞེས་དང་། ཉེས་མེད་བཙན་འཁྲིད་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོའི་དབུ་འཛིན་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་བྱ་བྲལ་རིན་པོ་ཆེའི་གནས་སྟངས་ཇི་འདྲ་ཡོད་མེད་གསལ་བཤད་བྱེད་དགོས། མ་ཟད་སྐུ་ན་ཤིན་ཏུ་བགྲེས་པའི་རིན་པོ་ཆེ་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཀུན་གཟིགས་མཆོག་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེའི་གནས་སྟངས་ངོ་མ་ཤེས་རྟོགས་ཆེད་མཇལ་འཕྲད་བྱེད་པར་གཏོང་དགོས། ཅེས་པའི་དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞུས་ཡོད་འདུག

དེ་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར། བཞུགས་སྒར་གྱི་ལྷ་རྒྱལ་རིར་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་འདུག་ལ། ཕྱི་དྲོར་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་གྷན་ཁྲོམ་གཞུང་དུ་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༨ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese