མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་མཆོག་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག  དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ནས་སྐུ་ཞབས་མཱག་རོན་མཆོག་བསྐྱར་དུ་ཧྥ་རན་སིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྒེར་གྱི་ཊི་ཝེ་ཊར་དུ། སྐུ་ཞབས་མཱག་རོན་ལགས་བསྐྱར་དུ་ཧྥ་རན་སིའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུ།  ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་འདི་ནི་ཁྱེད་ཀྱི་མགོ་ཁྲིད་དང་རིན་ཐང་ལ་ཧྥ་རན་སིའི་མི་མང་གིས་ཡིད་ཆེས་ཡོད་པ་མཚོན་ཡོད། ཅེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་སྐུ་ཞབས་མཱག་རོག་མཆོག་ལ་ཕུལ་བའི་འཚམས་འདྲིའི་ནང་། ཁྱེད་རང་བསྐྱར་དུ་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དེས། ཁྱེད་ཀྱི་མགོ་ཁྲིད་དང་ཆོད་སེམས་ལ་མི་མང་གི་ཡིད་ཆེས་ཡོད་པ་མཚོན་གྱི་ཡོད། ངས་ཁྱེད་ཀྱིས་མུ་མཐུད་དུ་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་། དམངས་གཙོའི་བྱ་གཞག་གོང་མཐོར་གཏོང་བའི་རེ་བ་ཞུ། བོད་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་བཙན་གནོན་གྱི་འོག་ནས་བོད་ནང་གི་བོད་མི་ཚོར་ཆོས་ལུགས་ཀྱི་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་། སྐད་ཡིག་བདག་གཅེས་ཀྱི་རང་དབང་མཚོན་པའི་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་མང་པོ་ཞིག་མེད་པ་རེད། གོ་སྐབས་འདི་བརྒྱུད་ནས་ཁྱེད་ཀྱིས་མགོ་ཁྲིད་འོག་ཧྥ་རན་སིར་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱིས་མུ་མཐུད་བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་ཡོད་པའི་རེ་བ་ཞུ། ཞེས་གསུངས་འདུག

ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་འཚམས་འདྲིའི་ནང་དུ།  བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་ཚབ་ཞུས་ཏེ། ཁྱེད་སྲིད་འཛིན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན། གོ་ལ་ཡོངས་སུ་ཞི་བདེ་འདོད་མཁན་རྣམས་ཀྱིས་ཁྱེད་ཧྥ་རན་སིའི་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་དགའ་མོས་བྱེད་ཀྱི་ཡོད་ཅིང་། དམིགས་བསལ་ད་ལྟའི་ཆར་འཛམ་གླིང་ནང་དཀའ་རྙོག་མང་པོ་འབྱུང་བཞིན་ཡོད་པས། ཁྱེད་རང་གིས་ཡུ་རོབ་རྒྱལ་ཁབ་སྟོབས་ཤུགས་ཅན་དུ་བཟོ་རྒྱུ་དང་ཧྥ་རན་སིའི་རྒྱལ་ཁབ་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་བར་མི་མང་རྣམས་ཀྱིས་དགའ་མོས་ཧ་ཅང་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

ཡང་བཀའ་བློན་མཆོག་གིས། ལོ་མང་རིང་ཧྥ་རན་སི་རྒྱལ་ཁབ་དང་གྲོས་ཚོགས་གོང་མའི་ངོས་ནས་༧གོང་ས་མཆོག་དང་བོད་དོན་སླད་རྒྱབ་སྐྱོར་མུ་མཐུད་གནང་བར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་རེད། དེར་བརྟེན། ཧྥ་རན་སིའི་གཞུང་དང་མི་སེར་ཡོངས་ཀྱིས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཧྥ་རན་སིའི་སྲིད་འཛིན་སྐུ་ཞབས་ཨེམ་མཱ་ནོལ་མཱག་རོན་མཆོག་གི་སྣེ་ཁྲིད་འོག་བོད་རྒྱ་འབྲེལ་མོལ་ཐད་ཀྱི་དཀའ་རྙོག་སེལ་རྒྱུ་དང་བོད་རྒྱ་འབྲེལ་མོལ་ཡོང་རྒྱུའི་ཆེད་དུ་རྒྱབ་སྐྱོར་གནང་རོགས་ཞུ། ཞེས་གསུངས་འདུག

 གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese