མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་དབུ་རྩེ་ཙམ་ལ་གནམ་གཤིས་བརྟག་དཔྱད་ཀྱི་ས་ཚིགས་འཛུགས་འཆར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཚན་རིག་རྟོག་ཞིབ་རུ་ཁག་ལྔ་ལས་གྲུབ་པའི་ཚན་རིག་རྟོག་ཞིབ་ཚོགས་ཆུང་ཞིག་གིས་བོད་དང་བལ་ཡུལ་གྱི་ས་མཚམས་སུ་ཁེལ་བའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མ་གླང་མའི་དབུ་རྩེར་སྨི་ ༤༠ ལྷག་ལས་མེད་པའི་མཚམས་དེར་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཤིག་འཛུགས་རྒྱུ་ཡིན་སྐོར་བསྒྲགས་འདུག

Photo taken on April 24, 2022 shows an automatic meteorological station set up at an altitude of about 5,200 meters on Mount Qomolangma. [Photo/Xinhua]
རྒྱ་ནག་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ནང་། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་ ༥ ནས་ཁྱོན་ཚན་རིག་རྟོག་ཞིབ་མི་སྣ་ ༢༧༠ ལྷག་གིས་གྲུབ་པའི་ཚོགས་ཆུང་ཞིག་གིས་ཇོ་མོ་གླང་མར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༡༧ ལོར་མགོ་བརྩམས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཟེར་བ་དེའི་ཆ་ཤས་ཤིག་ཡིན་འདུག ད་བར་ཚན་རིག་རྟོག་ཞིབ་ཚོགས་ཆུང་དེའི་ངོས་ནས་ཇོ་མོ་གླང་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༥༢༠༠ ནས་ ༨༣༠༠ བར་གྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་ ༧ བསྐྲུན་ཡོད་པ་དང་། དེའི་ཁྲོད་ནས་ས་ཚིགས་ ༣ ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༧༠༠༠ ཡན་ཡིན་ཞིང་། རིང་མིན་འཛུགས་འཆར་ཡོད་པའི་སྨི་ ༨༨༠༠ ཡི་གནམ་གཤིས་བརྟག་དཔྱད་ས་ཚིགས་དེ་ལེགས་གྲུབ་བྱུང་ཚེ། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ངོས་ལས་ཆེས་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་སུ་འགྱུར་རྒྱུ་ཡིན་སྐོར་བརྗོད་འདུག

གཞན་ཡང་། ད་ཐེངས་ཀྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ནང་ཇོ་མོ་གླང་མའི་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ལ་དམིགས་ཏེ། རླུང་ཁམས་ཆེན་པོ་དང་། ཆུ། སྣོད་བཅུད། ས་ངོས་སོགས་ཀྱི་ཐད་ནས་ཕྱོགས་མང་པོའི་ཐོག་ནས་རྟོག་ཞིབ་བྱ་རྒྱུ་ཡིན་པ་དང་། ཚན་ཞིབ་མི་སྣས་སྔོན་ཐོན་གྱི་ལག་རྩལ་དང་། ཐབས་ཤེས། བྱ་ཐབས་བཅས་སྤྱད་དེ། ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སྣོད་བཅུད་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན། མིའི་རིགས་ཀྱི་བྱེད་སྒོ་སོགས་ཚན་རིག་གི་གནད་དོན་གལ་ཆེན་ལ་དམིགས་ནས་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བཤད་འདུག

གནམ་གཤིས་ས་ཚིགས་དེ་དག་གིས་རི་བོ་ཇོ་མོ་གླང་མའི་རླུང་གི་རྒྱུག་ཚད་དང་ཁ་ཕྱོགས་བཅས་ཀྱི་གནས་ཚུལ་མཁོ་སྒྲུབ་ཡིན་པ་མ་ཟད། ཞ་ཚན་གྱི་གནས་སྟངས་དང་། འཁྱག་པ་བཞུར་ཚད་ཀྱིས་མཚོན་པའི་ཇོ་མོ་གླང་མའི་རང་བྱུང་ཁམས་ཆེན་མོའི་འགྱུར་ལྡོག་གི་གྲངས་གཞི་ཐོབ་རྒྱུར་ནུས་པ་ཆེན་པོ་ཐོན་གྱི་ཡོད་འདུག ཚན་རིག་རྟོག་ཞིབ་བྱེད་སྒོའི་ནང་ཞུགས་པའི་རྒྱ་ནག་གི་ཚན་རིག་པ་ཀྲའོ་ཧུ་པིའོ་ (Zhao Huabiao) ཟེར་བ་ཞིག་གིས། ང་ཚོའི་དམིགས་ཡུལ་ནི་འཛམ་གླིང་ནང་གི་རང་འགུལ་གནམ་གཤིས་ས་ཚིགས་མཐོ་ཤོས་དེ་འཛུགས་རྒྱུ་དང་། དེས་རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་གི་ས་ཁུལ་མཐོ་ཤོས་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུའི་སྟོང་ཆ་དེ་ཁ་སྐོང་བྱ་རྒྱུ་རེད། ཅེས་དང་། གནམ་གཤིས་ས་ཚིགས་དེ་དག་ལ་ཉི་གློག་དང་གློག་མཛོད་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞིང་། གནམ་གཤིས་ས་ཚིགས་ཀྱིས་རང་འགུལ་ཐོག་ནས་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་རྣམས་བླངས་ཏེ་ཟུང་སྐར་བརྒྱུད་སྐུར་གྱི་རེད། ཅེས་བརྗོད་འདུག

Photo: National Geographic

ད་ལྟའི་ཆར་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་མཁན་གྱི་ཚན་རིག་རྟོག་ཞིབ་མི་སྣ་རྣམས་ཀྱིས་གནམ་གཤིས་རན་འཚམ་ཞིག་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། ད་ལྟ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༨༨༤༨།༨༦ ཡོད་པའི་ཇོ་མོ་གླང་མའི་ལྷོ་ཕྱོགས་ཏེ། བལ་ཡུལ་ཕྱོགས་ཀྱི་མཐོ་ཚད་སྨི་ ༨༤༣༠ ཡི་མཚམས་སུ་དབྱིན་ཇི་དང་ཨ་རིའི་ཚན་རིག་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ལོར་བཙུགས་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་དེ་འཛམ་གླིང་གི་ཆེས་མཐོ་ཤོས་དེ་ཡིན་པ་རེད་འདུག

དེ་སྔ་རྒྱ་ནག་གཞུང་དང་བལ་ཡུལ་ཙམ་དུ་མ་ཟད་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བས་ཇོ་མོ་གླང་མའི་མཐོ་ཚད་ཐད་མི་མཐུན་པ་ཆགས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་མཐོ་ཚད་དེ་སྨི་ ༨༨༤༤ ཡིན་སྐོར་བསྒྲགས་ཡོད་ཀྱང་། དེར་བལ་ཡུལ་གཞུང་གིས་མོས་མཐུན་མ་བྱས་པར་བརྟེན། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཇོ་མོ་གླང་མའི་མཐོ་ཚད་དེ། ཕྱི་ལོ་ ༡༩༥༥ ལོར་རྒྱ་གར་གྱིས་བཏོན་པའི་མཐོ་ཚད་སྨི་ ༨༨༤༨ དེར་གཞི་བཅོལ་གྱི་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བལ་ཡུལ་དུ་གཞུང་འབྲེལ་སྐོར་སྐྱོད་བྱས་པ་དང་བསྟུན། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་ཇོ་མོ་གླང་མའི་མཐོ་ཚད་གཞལ་རྒྱུར་མོས་མཐུན་བྱུང་བ་ལྟར། ཕྱི་ལོ་ ༢༠༢༠ ལོར་ཕྱོགས་གཉིས་ངོས་ནས་རྟོག་ཞིབ་བརྒྱུད་ཇོ་མོ་གླང་མའི་མཐོ་ཚད་དེ་རྒྱ་མཚོའི་ངོས་ལས་སྨི་ ༨༨༤༨།༨༦ ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༥ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese