མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་གནད་དོན་ཚན་པས་བོད་དོན་ཉན་ཞིབ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་གནད་དོན་ཚོགས་ཆུང་གི་རྒྱུན་ལས་ནས་བོད་དོན་ཐོག་ཉན་ཞིབ་ཚོགས་འདུ་ཚོགས་སྐབས་སྲིད་སྐྱོང་མཆོག་ནས་བོད་ནང་གི་གནས་སྟངས་སྤྱི་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་གར་སོང་ཆ་མེད་དུ་བཏང་ནས་མི་ལོ་ ༢༧ ལྷག་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་སོགས་ཞུ་སྐུལ་གནང་ཡོད་འདུག

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌར་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་གནད་དོན་ཚོགས་ཆུང་གི་རྒྱུན་ལས་ (Standing Committee on Foreign Affairs and Interanational Development) ཀྱི་ཉན་ཞིབ་ཐོག་བོད་ནང་གི་གནས་སྟངས་སྤྱི་དང་། ཡང་སྒོས་སུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ཞུ་སྐུལ་གནང་ཡོད་འདུག

གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཉན་ཞིབ་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་ཚུལ་འདི་ནི་བོད་ནང་གི་བོད་མི་མང་པོས་མྱོང་བཞིན་པའི་གནས་སྟངས་ཀྱི་ཚབ་མཚོན་ཞིག་ཡིན་པ་རེད། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༢༧ ལྷག་འགོར་གྱི་ཡོད་ནའང་། ང་ཚོས་ད་ལྟའང་ཁོང་སྐུ་འཚོ་བཞུགས་ཡིན་མིན་ཤེས་ཀྱི་མེད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་རིན་པོ་ཆེ་ཁོང་སྐུ་གཟུགས་བདེ་ཐང་ཡིན་པ་དང་། ཁོང་ལ་ཕྱི་མིས་སུན་པོ་བཟོ་འདོད་མེད་སྐོར་རྗོད་ཀྱི་ཡོད། གལ་ཏེ་ཁོང་འཚོ་བཞུགས་ཡིན་མིན་གྱི་བདེན་དཔང་ཕྲན་བུ་ཙམ་ཞིག་ཡོད་ནའང། དེས་བོད་མི་རྣམས་ཀྱི་བློ་སེམས་བདེ་པོ་ཡོང་ངེས་རེད། འོན་ཀྱང་ང་ཚོས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཆབ་སྲིད་ཀྱི་ཐག་གཅོད་ཅིག་ཡིན་པ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་དང་འབྲེལ་བ་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཕན་ཚུན་ཡང་སྲིད་ངོས་འཛིན་ཞུ་སྲོལ་ཡོད་པ་རེད། ངོས་རང་སྒེར་གྱི་བསམ་ཚུལ་ལ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་མ་བྱས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཡོད་ཚེ། ད་ལྟ་བོད་མི་རྣམས་ཀྱིས་ངོས་འཛིན་བྱས་མེད་པའི་རྒྱ་ནག་གཞུང་གིས་བསྐོས་པའི་༧པཎ་ཆེན་རིན་པོ་ཆེ་དེའི་ཚབ་ཏུ། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཁོ་ཚོའི་སྟངས་འཛིན་འོག་ཡོད་རྒྱུ་རེད། དུས་ད་ལྟའང་ལྷ་སའི་ནང་རྒྱ་ནག་གཞུང་གིས་བདམས་པའི་༧པཎ་ཆེན་རིན་པོ་ཆེའི་སྐུ་པར་གྱི་ཚབ་ཏུ། ༧པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་པར་མཇལ་རྒྱུ་ཡོད་པ་རེད། དེས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་འདེམས་སྒྲུག་ཐད་ངོས་འཛིན་མེད་པའི་རྣམ་པ་བསྟན་པ་རེད། ཅེས་གསུངས་འདུག

གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཁེ་ན་ཌའི་གཞུང་དང་གྲོས་ཚོགས་ལ་དོན་ཚན་ ༥ ཅན་གྱི་རེ་འདུན་བཏོན་པའི་ནང་། ཁེ་ན་ཌའི་སྲིད་གཞུང་ནས་མི་ལོ་ ༢༧ རིང་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་ཏུ་ཁེ་ན་ཌའི་གཞུང་ཚབ་མི་སྣས་༧པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་རྒྱུ་དང་། ཁེ་ན་ཌའི་སྲིད་གཞུང་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་དགུང་ལོ་ ༦ ནས་ད་བར་མི་ལོ་ ༢༧ རིང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཀྱི་ཐོབ་ཐང་སོགས་མདོར་ན་འགྲོ་འདུག་སྤྱོད་གསུམ་ཐོག་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པའི་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་རྒྱུ། ཁེ་ན་ཌའི་གྲོས་ཚོགས་སུ་༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་ཀློད་གྲོལ་ཡོང་ཐབས་སུ་ཆེ་མཐོང་རྒྱབ་སྐྱོར་མཚོན་ཆེད། སྐུ་ཡི་འཁྲུངས་སྐར་ཉིན་མོར་སྲུང་གཙིའི་ལས་འགུལ་ཞིག་སྤེལ་གནང་ཡོང་རྒྱུ་དང་། མི་ལོ་ ༢༧ རིང་གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་རིན་པོ་མཆོག་གི་ཡང་སྲིད་འཚོལ་ཞིབ་ཆོགས་ཆུང་གི་དབུ་འཛིན་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་མཆོག་གིས་དབུས་བོད་ནང་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་ཀློད་གྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུ་དང་། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་སྟབས། ད་བར་བོད་མི་ ༡༥༧ ཙམ་གྱིས་རང་ལུས་མེར་བསྲེག་གི་ཐབས་ལམ་བསྟེན་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་སྟབས། ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་ནང་དངོས་ཡོད་དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མྱུར་དུ་བོད་ནང་ཕེབས་ཐབས་དང་ཁོང་གི་དགོངས་བཞེད་ལས་བྱུང་བའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་རྒྱུ་བཅས་རེ་སྐུལ་ཞུས་གནང་ཡོད་འདུག

ཉན་ཞིབ་ཐོག་ཁེ་ན་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ (Garnett Genuis) ལགས་ཀྱིས་ཁོང་རང་ཉིད་ལྟ་བུར་མཚོན་ན་དེ་སྔ་བོད་དོན་ཐོག་གོ་རྟོགས་དེ་ཙམ་མེད་ཀྱང་། ཕྱིས་སུ་བཞུགས་སྒར་དྷ་རམ་ས་ལར་བསྐྱོད་དེ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་ལ་བརྟེན། བོད་མིའི་བོད་དོན་འཐབ་རྩོད་ཀྱི་སྙིང་སྟོབས་ལ་ཡི་རངས་སྐྱེས་ཡོད་པ་དང་། ཁོང་ནས་མུ་མཐུད་བོད་དོན་ཐོག་ལ་རྒྱབ་སྐྱོར་ཞུ་ངེས་ཡིན་པ་མ་ཟད། ཉན་ཞིབ་ཐོག་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཕུལ་བའི་འབོད་སྐུལ་དོན་ཚན་ཁག་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འབད་བརྩོན་ལྷོད་མེད་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་ལ། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐད་དྲི་བ་བཏང་བར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༧པཎ་ཆེན་སྐུ་ཕྲེང་གོང་མའི་མཛད་པ་ཁག་བརྗོད་པ་དང་འབྲེལ། ད་ལྟ་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་གིས་བོད་ཚུད་པའི་རྒྱ་ནག་རྒྱལ་ཡོངས་ནང་གཅིག་གྱུར་གྱིས་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་སོང་།

དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རི་ཧྥི་ཝི་ར་ནི་ (Arif Virani) ལགས་ཀྱིས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བ་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་སྟངས་འཛིན་བྱ་ཆེད་ཡིན་པ་དང་། དེ་ནི་གཞི་རྩའི་ཆོས་ལུགས་དད་མོས་རང་དབང་གཏོར་བཤིག་བཏང་བ་ཞིག་ལ་ངོས་འཛིན་བྱ་དགོས་སྐོར་གསུངས་སོང་ལ། ཁེ་ན་ཌའི་སྲིད་གཞུང་དང་གྲོས་ཚོགས་ངོས་ནས་མུ་མཐུད་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཐབས་ཐད་འབད་རྩོལ་ཞུ་ངེས་ཡིན་སྐོར་སོགས་གསུངས་སོང་ལ། སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འཐུས་མིའི་དྲི་བར་ལན་འདེབས་གནང་སྐབས། ཉེ་ཆར་སྲིད་སྐྱོང་མཆོག་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གི་མགྲོན་འབོད་འོག་ཨ་རིའི་ནང་གཞུང་འབྲེལ་སྐོར་བསྐྱོད་དུ་སླེབས་ཏེ་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་ཨུ་ཛི་རི་ཡ་ཛེ་ཡ་ལགས་དང་ཐུག་འཕྲད་བྱུང་བ་དང་། རིང་མིན་ལྕམ་ཨུ་ཛི་རི་ཡ་ལགས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese