མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་ཨབ་ཕྲུག་ཅིག་ཧོང་ཀོང་སྤྱི་ཁྱབ་ལ་བསྐོས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་དང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་སོགས་ལག་བསྟར་བྱེད་མཁན་གཙོ་བོ་ཇཱོ་ཧན་ལི་ཟེར་བ་དེ་ཧོང་ཀོང་གི་སྤྱི་ཁྱབ་པ་གསར་པར་བསྐོ་གཞག་བྱས་ཡོད་འདུག

Mr Lee (centre) became one of the faces of the local government in 2019 when police clashed with protesters in the streets. Getty Images

ཁ་སང་ཧོང་ཀོང་གི་པེ་ཅིན་གཞུང་དང་མཐུན་ཕྱོགས་ཀྱི་གཞུང་འཛིན་མི་སྣ་དང་འོས་བསྡུའི་ཚོགས་མི་ ༡༤༦༡ ཡིས། ཧོང་ཀོང་གི་མང་གཙོ་དང་རང་དབང་ལ་རྡོག་རོལ་གཏོང་མཁན་དང་། དེ་བཞིན་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱེད་མཁན་གཙོ་གྲས་ཇཱོ་ཧན་ལི་ (John Lee) ཟེར་བ་ཞིག་འབྱུང་འགྱུར་ལོ་ལྔའི་རིང་གི་ཧོང་ཀོང་སྤྱི་ཁྱབ་གསར་བར་འོས་བསྡུ་བྱེད་ཁུལ་གྱིས་བསྐོ་གཞག་བྱས་ཡོད་པ་དང་། རང་དབང་དང་མང་གཙོ་ལ་དགའ་བའི་ཧོང་ཀོང་མི་མང་ལ་མཚོན་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཨབ་ཕྲུག་ཅིག་ཧོང་ཀོང་གི་སྤྱི་ཁྱབ་གསར་པར་བསྐོ་གཞག་བྱས་པ་དེ་ནི་ཧོང་ཀོང་ནང་མུ་མཐུད་འགྲོ་བ་ཐོབ་ཐང་དང་གཞི་རྩའི་རང་དབང་སོགས་ལ་རྡོག་རོལ་སྔར་ལྷག་ཐེབས་རྒྱུ་ཡིན་པའི་སེམས་ཁྲལ་འཕར་མ་ཞིག་ཆགས་ཀྱི་ཡོད་འདུག

ད་ལན་ཕྱི་ལོ་ ༢༠༢༢ ལོའི་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་དམིགས་ཁྲོད། ཐོག་མའི་འཆར་མང་གཙོ་ཚོགས་པ་དང་ཚོགས་སྡེ་གཞན་གྱི་འོས་མི་ཁག་ཅིག་ཡོད་ཀྱང་། ད་ལྟའི་ཆར་ཧོང་ཀོང་གི་འོས་བསྡུར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཀྱིན་ཡོད་སྟབས། ཇཱོ་ཧན་ལི་ནི་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པའི་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མི་ཁོ་ན་དེ་ཡིན་ཞིང་། འོས་བསྡུའི་གྲུབ་འབྲས་ལྟར་ན། ཇཱོ་ཧན་ལི་ལ་ཧོང་ཀོང་གི་འོས་བསྡུ་ལྷན་ཁང་གི་འཐུས་མི་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་སྐོར་བསྒྲགས་འདུག

དམིགས་བསལ་ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཆེ་བ་དང་ཧོང་ཀོང་ནང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་པར་ཐེ་ཚོམ་མེད་པའི་མི་ཞིག་མི་འབོར་ས་ཡ་ ༧།༥ ཙམ་ཡོད་པའི་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པར་བསྐོ་གཞག་བྱུང་བའི་ཐད་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པའི་ཁྲོད། དབྱིན་ཡུལ་ནང་ཡུལ་གྱར་དུ་ཡོད་པའི་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི་ཟུར་བ་ནཱ་ཐན་ལའོ་(Nathan Law) ལགས་ཀྱིས། ད་རེས་ཀྱི་འོས་བསྡུའི་སྐབས་ཇཱོ་ཧན་ལི་ཧོང་ཀོང་སྤྱི་ཁྱབ་དུ་བསྐོས་པ་དེས། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་སྔར་ལྷག་གིས་དོ་ནན་ལག་བསྟར་བྱས་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དྲག་གནོན་གྱིས་དབང་སྒྱུར་བྱ་རྒྱུ་ཡིན་པའི་རྟགས་མཚན་གསལ་བོ་མངོན་ཡོད། ཅེས་བརྗོད་འདུག

གསར་དུ་བསྐོ་གཞག་བྱུང་བའི་ཧོང་ཀོང་སྤྱི་ཁྱབ་པ་ཇཱོ་ཧན་ལི་ནི། དེ་སྔའི་ཧོང་ཀོང་སྤྱི་ཁྱབ་པ་གཞན་ནང་བཞིན་ཚོང་འབྲེལ་དང་ཤེས་ཡོན་སོགས་ཀྱི་རྒྱབ་རྟེན་གང་ཡང་མེད་ཁར། ད་སྔ་བར་ཉེན་རྟོག་པ་བྱས་ནས་ཡོང་མཁན་ཞིག་ཡིན་སྟབས། དབྱེ་ཞིབ་པ་ཚོས་ཀྱང་ཁོ་ཧོང་ཀོང་སྤྱི་ཁྱབ་དུ་བསྐོ་གཞག་བྱས་པ་དེས་ཧོང་ཀོང་ནང་དྲག་གནོན་གྱི་སྲིད་ཇུས་སྔར་ལྷག་སྤེལ་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ཟེར་བ་གཏན་འབེབ་དང་འབྲེལ། ལོ་དེར་ཇཱོ་ཧན་ལི་ཟེར་བ་ཁོས་སྲང་ལམ་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལ་ཞི་རྒོལ་གནང་མཁན་ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོར་དྲག་པོའི་ལམ་ནས་རྡུང་རྡེག་དང་འཛིན་བཟུང་བཀག་ཉར་སོགས་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་གནང་མཁན་ཧོང་ཀོང་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་སོགས་མི་རེ་རེ་བཞིན་རྩད་ཞིབ་ཀྱིས་འཛིན་བཟུང་ཁྲིམས་ཆད་བཀེལ་བ་དང་། ཉེས་མེད་བཙོན་འཇུག་བྱས་པ་སོགས་ལ་བརྟེན་ནས། ལོ་དེར་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས། སྐབས་དེའི་ཧོང་ཀོང་སྤྱི་ཁྱབ་ཀེ་རེ་ལེམ་སོགས་ཧོང་ཀོང་གི་མང་གཙོ་དང་རང་དབང་ལ་དྲག་རྒོལ་བྱེད་མཁན་གྱི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཏང་ཡོད་པའི་ཁྲོད། ད་ལྟའི་སྤྱི་ཁྱབ་གསར་པ་ཇཱོ་ཧན་ལི་འང་ཡོད་པ་རེད།

A protester throws back a tear gas canister fired by police in Hong Kong on October 1, 2019. CNN IMAGES

དེ་སྔ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཡོད་པའི་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་བསྡུའི་ཁྲོད། མང་གཙོ་དང་རང་དབང་གི་ཚབ་མཚོན་མི་སྣ། ཤེས་ལྡན་མི་སྣ་དང་ཚོང་ལས་སྡེ་ཚན་གྱི་སྐུ་ཚབ།  དེ་བཞིན་པེ་ཅིན་མཐུན་ཕྱོགས་སོགས་ཀྱི་འོས་མི་ཡོད་ཅིང་། སྐབས་དེ་དག་གི་ཧོང་ཀོང་གི་འོས་བསྡུ་ལ་གཟི་བརྗིད་ལྡན་ཞིང་འཛམ་གླིང་མི་མང་གི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཀྱང་། འདི་ལོའི་འོས་བསྡུའི་ཁྲོད་ཇཱོ་ཧན་ལི་ལ་ཁ་གཏད་མེད་པ་གང་ཞིག་ལ་ཧོང་ཀོང་སྤྱི་ཁྱབ་རྙིང་པ་ཀེ་རེ་ལེམ་གྱིས་ཀྱང་རང་ཉིད་མུ་མཐུད་ཧོང་ཀོང་སྤྱི་ཁྱབ་དུ་སྡོད་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ཧོང་ཀོང་གྲོང་ཁྱེར་ལ་ཕྱི་ལོ་ ༢༠༤༧ བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག རང་སྲིད་རང་སྐྱོང་བྱ་ཆོག་གི་ཡོད་ཀྱང་། ཕྱི་ལོ་ ༡༩༥༧ ལོར་སྐྱེས་ཤིང་གསར་དུ་བསྐོ་གཞག་བྱུང་བའི་ཧོང་ཀོང་གི་སྤྱི་ཁྱབ་པ་ཇཱོ་ཧན་ལི་ལྟ་བུ་སོགས་ཀྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་ཆེ་བ་དང་ཧོང་ཀོང་མི་མང་གི་གཞི་རྩའི་ཐོབ་ཐང་སོགས་ལ་རྡོག་རོལ་གཏོང་མུས་ཡིན་སྟབས། ད་ལྟ་ཧོང་ཀོང་གྲོང་ཁྱེར་གྱི་མང་གཙོ་དང་རང་དབང་ལ་དུང་བའི་གསར་འགོད་པ་དང་ལས་འགུལ་བ། ཤེས་ལྡན་མི་སྣ་སོགས་མང་པོ་ཞིག་བཙོན་འཇུག་འོག་ཡོད་པ་མ་ཟད། ཧོང་ཀོང་གི་རང་དབང་ཉམས་དམེས་སུ་བཏང་ཞིང་མི་དེ་དག་གིས་ཧོང་ཀོང་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་བོད་ནང་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
HUMAN RIGHTS FIRST HONORS RICHARD GERE WITH INAUGURAL VISIONARY AWARD FOR LIFETIME ACHIEVEMENTS IN HUMAN RIGHTS. Tibettimes Photo
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ།

ཆུ་ཚོད་ ༩ སྔོན་ལ།
Himachal dastak Representative Image
Mobile App

བོད་ཁྱིམ་གྱི་སློབ་མ་ཞིག་ལ་བཙན་གཡེམ་བྱས་ཡོད་མེད་ཐད་ཉེན་རྟོག་པས་ཞིབ་འཇུག་བྱེད་མུས་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་དང་མོན་གྱི་གཞོན་སྐྱེས་བར་ཤེས་ཡོན་བརྗེ་ལེན་གྱི་ཚོགས་ཆེན་ཐོག་མ་འཚོག་གིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་ཞུས། ༢༠༢༥།༡༠།༢ དུས་བབ་ཀྱི་པར།
Mobile App

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༦ པ་གཞུང་འབྲེལ་སྲུང་གཙི་གནང་།

༢༠༢༥/༡༠/༠༢
Resisting China’s Occupation: 1 October Joint Statement. Photo Credit: International Tibet Network
Mobile App

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་ནི་མི་མང་ལ་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཡིན།

༢༠༢༥/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese