མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུས་ཧྥེན་ལེན་ཌི་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་པར་དྲག་པོའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུས་ལོ་ངོ་ ༡༠༠ ལྷག་རིང་དབང་བསྒྱུར་བྱས་མྱོང་བའི་ཧྥིན་ལན་ཌི་དང་དེ་ཡི་ས་འབྲེལ་རྒྱལ་ཁབ་སི་ཝེ་ཌན་གཉིས་ནེ་ཊོ་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་འཆར་ཡོད་པར་བརྟེན་ཨུ་རུ་སུའི་ཕྱོགས་ནས་དྲག་པོའི་དམག་གིས་རྒོལ་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

Finland’s President Sauli Niinistö (right) and PM Sanna Marin. Photograph: Markku Ulander/Lehtikuva/AFP/Getty Images

ཨུ་རུ་སུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཉེས་ཆད་སོགས་ཀྱི་གནོན་ཤུགས་ལ་ལྟོས་མེད་ཀྱིས་ཡུ་ཀེ་རེན་ལ་མུ་མཐུད་དྲག་པོའི་དཔུང་འཇུག་བྱས་ཏེ་ཡུ་རོབ་གླིང་ཕྲན་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཐོན་བཞིན་པའི་སྐབས་འདིར། ལོ་རྒྱུས་ཐོག་བར་གནས་སུ་ཡོད་པའི་ཨུ་རུ་སུའི་ནུབ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལེན་ཌི་ (Finland) དང་སི་ཝེ་ཌན་ (Sweden) གཉིས་རིང་མིན་ནེ་ཊོ་བྱང་ཆིངས་སྒྲིག་འཛུགས་ (Nato) ནང་ཞུགས་རྒྱུའི་ཐག་གཅོད་བླང་རྒྱུ་ཡིན་པར་བརྟེན། ཁ་སང་ཨུ་རུ་སུའི་གཞུང་གིས་ཧྥིན་ལན་ཌི་ལ་དེ་ལྟར་བྱས་ཚེ་དམག་གིས་རྒོལ་ལན་སློག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

ཧྥིན་ལན་ཌིའི་སྲིད་འཛིན་སོ་ལི་ནི་ནིས་ཊོ་ (Sauli Niinistö) དང་སྲིད་བློན་ལྕམ་ས་ནཱ་མ་རིན་ (Sanna Marin) གཉིས་ཀྱིས། ཧྥིན་ལན་ཌི་ནེ་ཊོའི་སྒྲིག་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་དེ་ཉིན་ཤས་རྗེས་བླང་རྒྱུ་ཡིན་པ་དང་། ནེ་ཊོའི་ནང་ཞུགས་པ་དེས་ཧྥིན་ལན་ཌིའི་བདེ་འཇགས་སྟོབས་ཤུགས་ཆེ་རུ་འགྲོ་ངེས་ཡིན་སྐོར་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། ཕྱིས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག་སྲིད་འཛིན་ནི་ནིས་ཊོ་ཡིས་ཨུ་རུ་སུའི་འཇིགས་སྐུལ་དེར་ཡ་ལན་གྱི་ཚུལ་དུ། ཧྥིན་ལན་ཌི་ནེ་ཊོའི་ཁོངས་སུ་ཞུགས་རྒྱུ་དེ་གཞན་སུ་ལའང་རྒྱབ་འགལ་བྱས་པ་ཞིག་མིན་པ་དང་། དོན་དངོས་ཐོག་ཐག་གཅོད་དེ་ནི་ཨུ་རུ་སུའི་བྱེད་སྟངས་ཀྱི་མཇུག་འབྲས་ཤིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག་ལ། ཧྥིན་ལན་ཌི་ནི་ཡོངས་གྲགས་སུ་ནུབ་ཕྱོགས་ཀྱི་མཐུན་གྲོགས་ཤིག་ཡིན་པ་མངོན་གསལ་ཡིན་པར་བརྟེན། ད་ལན་ནེ་ཊོ་ནང་ཞུགས་རྒྱུ་དེ་དམིགས་བསལ་བ་ཞིག་མིན་སྐོར་ཡང་བརྗོད་ཡོད་འདུག

Kremlin spokesman Dmitry Peskov warned against Nato enlargement, saying it would not aid European stability. Photo: Getty Images

ད་ཐེངས་ནེ་ཊོའི་ཁོངས་སུ་ཞུགས་མཁན་ཁོངས་སུ་སེ་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ཡོད་ནའང་། སི་ཝེ་ཌན་དེ་ཨུ་རུ་སུ་དང་ཐད་ཀར་ས་འབྲེལ་མེད་པར་བརྟེན། ཨུ་རུ་སུས་ཧྥིན་ལན་ཌི་གཅིག་པུར་ཉེན་བརྡ་བཏང་བའི་ནང་། ཧྥིན་ལན་ཌི་ནེ་ཊོའི་ཁོངས་སུ་ཞུགས་རྒྱུ་དེས་ཨུ་རུ་སུ་དང་ཧྥིན་ལན་ཌེ་དབར་གྱི་འབྲེལ་ལམ་དང་། ཆེ་ས་ནས་ཡུ་རོབ་བྱང་མའི་ཁུལ་གྱི་བརྟན་བརླིང་དང་བདེ་འཇགས་ལ་དོ་ཕོག་ཚབས་ཆེན་སྤྲོད་ངེས་རེད། ཅེས་དང་། ཨུ་རུ་སུའི་ངོས་ནས་གནས་སྟངས་འདིའི་འོག་ནས་རང་གི་རྒྱལ་སྲུང་བདེ་འཇགས་ལ་འཕྲད་སྲིད་པའི་ཉེན་ཁ་དག་རྩ་མེད་གཏོང་ཆེད་དམག་དོན་ཚུད་པའི་ཐབས་ཇུས་གཞན་ལག་བསྟར་མ་བྱེད་ཐབས་མེད་རེད། ཅེས་བརྗོད་འདུག་ལ། ནེ་ཊོས་བསྐྱར་དུ་ཨུ་རུ་སུའི་ཕྱོགས་སུ་རྒྱ་བསྐྱེད་བྱེད་བཞིན་པ་དང་། དེའི་མཇུག་འབྲས་རྣམས་ཧྥིན་ལན་ཌིས་འཁུར་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ཨུ་རུ་སུས་དངོས་སུ་རང་གི་ལྷོ་ནུབ་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་། ཧྥིན་ལན་ཌིའི་མང་ཚོགས་ཁྲོད་ཨུ་རུ་སུར་ལྟ་ཕྱོགས་ཧ་ཅང་གྱུར་ཡོད་པ་རེད། དེ་ཡང་དམག་འཁྲུག་གི་ཡར་སྔོན་དུ་ཧྥིན་ལན་ཌིའི་མང་ཚོགས་ཁྲོད་ནེ་ཌོ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༢༠ ནས་ ༢༥ བར་མ་གཏོགས་མེད་ནའང་། ཉེ་ཆར་བསྡུས་པའི་བསམ་ཤོག་ནང་ཧྥིན་ལན་ཌིའི་མང་ཚོགས་ཀྱི་བརྒྱ་ཆ་ ༧༦ གྱིས་ནེ་ཊོར་ཞུགས་དགོས་པའི་འདོད་པ་བསྟན་ཡོད་པ་རེད་འདུག དེར་མཚུངས་སེ་ཝེ་ཌན་ལ་མཚོན་ནའང་མང་ཚོགས་ཀྱི་བརྒྱ་ཆ་ ༥༧ གྱིས་ནེ་ཊོའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད་འདུག

གནངས་ཉིན་ཕྱི་ཚེས་ ༡༥ ཉིན་ཧྥིན་ལན་ཌིའི་སྲིད་འཛིན་དང་སྲིད་བློན། བློན་ཆེན་ཁག་བཅས་ལྷན་འཛོམས་ཐོག་ནས་ནེ་ཊོའི་ནང་ཞུགས་མིན་གྱི་ཐག་གཅོད་མཐའ་མ་དེ་བླང་རྒྱུ་ཡིན་པ་དང་། ནེ་ཊོ་ལ་སྙན་ཞུ་སྤྲད་རྗེས་ངོས་བཞེས་ཐོབ་པའི་དབང་དུ་བཏང་ནའང་། ཧྥིན་ལན་ཌིའི་གྲོས་ཚོགས་ངོས་ནས་དེར་རྒྱབ་སྐྱོར་བྱ་དགོས་པ་ཡིན་པ་རེད་། དེ་བཞིན་ཧྥིན་ལན་ཌི་དང་ཕྱི་འབྲེལ་སོགས་ཀྱི་ཐད་ནས་འབྲེལ་ལམ་ཟབ་མོ་ཡོད་པའི་སི་ཝེ་ཌན་གཞུང་ངོས་ནས་ཀྱང་ཧྥིན་ལན་ཌིའི་ཐག་གཅོད་ལ་གཞིགས་ཏེ་གོམ་པ་སྤོ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག
ད་ལྟའི་ཆར་ནེ་ཊོའི་སྒྲིག་ཁོངས་རྒྱལ་ཁབ་ ༣༠ ཁྲོད་ནས་ཨ་རི་དང་དབྱིན་ཇི་གཙོས་པའི་ཚོགས་མི་མང་པོས་ཡོངས་གྲགས་ཐོག་ནས་ཧྥིན་ལན་ཌི་དང་སི་ཝེ་ཌན་གཉིས་ནེ་ཊོ་ནང་ཞུགས་རྒྱུར་དགའ་བསུ་ཞུས་ཡོད་ལ། ཉེ་ཆར་བྱང་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཇེན་སི་སོ་ཊོལ་ཊན་བྷག་ (Jens Stoltenberg) གིས་ཧྤིན་ལན་ཌི་ནེ་ཊོའི་ཁོངས་སུ་ཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་སྐོར་མ་ཟད། ཚོགས་ཁོངས་སུ་ཞུགས་རྒྱུའི་བརྒྱུད་རིམ་དག་ཀྱང་མྱུར་པོ་དང་ལས་སླ་བོ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཧྥིན་ལན་ཌི་འདི་ཉིད་ནེ་ཊོའི་མཐུན་གྲོགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། དམངས་གཙོའི་ཡན་ལག་ཚང་བའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཐོག ཡུ་རོབ་དང་ཨེཊ་ལན་ཊིག་རྒྱ་མཚོ་ཁུལ་གྱི་བདེ་འཇགས་ཐད་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་ཞིག་ཡིན་སྐོར་བརྗོད་ཡོད་འདུག ཡིན་ནའང་ཧྥིན་ལན་ཌི་དང་སི་ཝེ་ཌན་གཉིས་ནེ་ཊོ་ཁོངས་སུ་འཇུག་པར་སྒྲིག་འཛུགས་དེའི་ཚོགས་ཁོངས་རྒྱལ་ཁབ་ཚང་མའི་རྒྱབ་སྐྱོར་དགོས་ཤིང་། དེར་མ་མཐར་ཟླ་བ་ཁ་ཤས་འགོར་སྲིད་པ་ཡིན་འདུག

སྤྱིར་ཧྥིན་ལན་ཌི་དེ་ཉིད་ཨུ་རུ་སུས་ལོ་ངོ་ ༡༠༠ ལྷག་གི་རིང་དབང་བསྒྱུར་བྱས་ཏེ། ཕྱི་ལོ་ ༡༩༡༧ ལོར་རང་བཙན་དུ་ཁྱབ་བསྒྲགས་བྱས་ཡོད་ནའང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༡༩༣༩ དང་ ༡༩༤༡ ལོར་ཨུ་རུ་སུ་མཉམ་འབྲེལ་གྱིས་ཧྥིན་ལན་ཌི་ལ་དམག་ཐེངས་གཉིས་བརྒྱབ་སྟེ་ཡོངས་སུ་བཙན་འཛུལ་བྱས་ཐུབ་མེད་ནའང་། ཧྥིན་ལན་ཌིའི་ས་ཁོངས་ཀྱི་བརྒྱ་ཆ་ ༡༠ ལྷག་ཨུ་རུ་སུར་སྤྲོད་དགོས་བྱུང་ཡོད་པ་རེད། དེ་ནས་བཟུང་ཧྥིན་ལན་ཌིས་བར་གནས་ཀྱི་སྲིད་ཇུས་མཁྲེགས་པོ་བཟུང་སྟེ། དུས་རབས་ ༢༠ ཕྱེད་སྨད་ཀྱི་གྲང་དམག་སྐབས་མཉམ་ཞུགས་བྱས་མེད་པ་རེད། དེར་མཚུངས་སི་ཝེ་ཌན་གིས་འདས་པའི་ལོ་ངོ་ ༢༠༠ ལྷག་གི་རིང་དམག་འཁྲུག་རྒྱག་མྱོང་མེད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༩༥ ལོར་བར་གནས་རྒྱལ་ཁབ་དེ་གཉིས་ཡུ་རོབ་མཐུན་ཚོགས་སུ་ཞུགས་རྗེས། དངོས་སུ་ནེ་ཊོའི་མཐུན་གྲོགས་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ནེ་ཊོ་དང་ལྷན་དུ་དམག་སྦྱོང་དང་གསང་བའི་གནས་ཚུལ་སྤྲོད་རེས་བྱས་ཡོད་པ་རེད།

སྲིད་འཛིན་པུ་ཊིན་གྱིས་སྔ་རྗེས་སུ་ཨ་རིས་སྣེ་ཁྲིད་པའི་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡུ་རོབ་ཤར་རྒྱུད་དུ་རྒྱ་བསྐྱེད་བྱས་ཏེ་སྒྲིག་འཛུགས་ཀྱི་ཐོག་མའི་ཁས་ལེན་དོར་བཞིན་ཡོད་པ་དང་། ད་ལྟ་ཨུ་རུ་སུའི་དམག་གིས་ཡུ་ཀེ་རེན་ལ་དམག་དྲངས་པ་དེ་ཡང་ཡུ་ཀེ་རེན་ནེ་ཊོ་དང་ཡུ་རོབ་མཐུན་ཚོགས་ནང་ཞུགས་ཐབས་བྱེད་བཞིན་པའི་རྒྱུ་མཚན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད། དོན་དངོས་ཐོག་ནས་ཀྱང་ནེ་ཊོ་བྱང་ཆིངས་སྒྲིག་འཛུགས་དེ་ཉིད་ཕྱི་ལོ་ ༡༩༤༩ ལོར་ཐོག་མར་གསར་འཛུགས་བྱེད་སྐབས་ཨ་རི་དང་ཁེ་ན་ཌ། དབྱིན་ཇི། ནོར་ཝེ། ཧྤ་རན་སི་སོགས་རྒྱལ་ཁབ་ ༡༢ མ་གཏོགས་མེད་ནའང་། རིམ་པས་ཕྱི་ལོ་ ༡༩༥༢ ལོར་ཊར་ཀི་དང་གྷི་རི་སི། ཕྱི་ལོ་ ༡༩༥༥ ལོར་འཇར་མ་ནི་མཉམ་ཞུགས་བྱས་ཡོད་ལ། གྲང་དམག་རྗེས་ཨུ་རུ་སུ་མཉམ་འབྲེལ་ཁ་འཐོར་རྗེས། དེའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཨེས་ཊོ་ནི་ཡ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ལ་ཏི་ཝི་ཡ་ (Latvia)། སོ་ལོ་ཝ་ཀི་ཡ་ (Slovakia) སོགས་ཕལ་ཆེ་བ་སྒྲིག་འཛུགས་དེའི་ཁོངས་སུ་ཞུགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese