མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རང་བཞིན་གྱི་ནང་པའི་དྲ་ལམ་ཚོགས་འདུ་བསྡུས།

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་དུས་ཚིགས་གསུམ་ལྡན་གྱི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་དང་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གི་རྒྱབ་སྐྱོར་འོག་རྒྱལ་སྤྱིའི་རང་བཞིན་གྱི་དྲ་ལམ་ཚོགས་འདུ་ཞིག་འཚོགས་པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་འཛམ་གླིང་གི་ནང་པའི་བླ་ཆེན་མང་པོ་ཞིག་ཕེབས་ཏེ་བཀའ་སློབ་གནང་སོང་།

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་ལམ་བརྒྱུད་བཀའ་སློབ་སྩལ་དོན། ཆོས་གྲོགས་ཚོ། དེ་རིང་ས་ག་ཟླ་བའི་དུས་ཆེན་རེད། ས་ག་ཟླ་བ་ནི་བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་སྤྱད་མཛད་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པའི་དུས་ཚིགས་ཁྱད་པར་ཅན་ཆགས་ཀྱི་ཡོད་པ་རེད། བཅོམ་ལྡན་འདས་ཁོང་རང་གི་ཉམས་མྱོང་གི་ཐོག་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་དེ་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་འདུག བཅོམ་ལྡན་འདས་ཁོང་རང་གི་བཀའ་དེ་ལ་བསྲེགས་བཅད་བརྡར་བའི་གསེར་ནང་བཞིན། དཔྱད་པ་བྱོས་ཞེས་གསུངས་འདུག ངས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཞེ་དྲགས་ཡག་པོ་རེད། ཚང་མས་སྙིང་རྗེ་གསུང་གི་ཡོད་རེད། ཞེ་དྲགས་ཡག་པོ་རེད། རེད་དེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ཞེས་དཔྱད་པ་བྱོས་ཟེར་བ་དེ་ཆོས་ལུགས་གཞན་པ་ལ་ཕལ་ཆེར་ཡོད་མ་རེད། བཅོམ་ལྡན་འདས་ཀྱི་བཀའ་རེད་འདུག ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས། བཅོམ་ལྡན་འདས་རང་གི་བསླབ་བྱ་གཙོ་བོ་ནི། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། །ཆོས་ཉིད་བདེན་པ་བསྟན་ནས་གྲོལ་བར་མཛད། །ཅེས་སངས་རྒྱས་བཅོམ་ལྡན་འདས་རྩ་བ་སྙིང་རྗེ་ཡི་བདག་ཉིད་ཅན་འདི་ཡིས། ཁོང་རང་གི་ཐུགས་རྒྱུད་ཀྱི་རྟོགས་པ་མི་ལ་བྱིན་པ་སོགས་གནང་ཡོད་མ་རེད། གནས་ལུགས་འགྲེལ་བཤད་བསྐྱོན་ནས་གདུལ་བྱས་བསམ་བློ་བཏང་སྟེ་ཉམས་སུ་བླང་དགོས་པའི་བཀའ་གནང་ཡོད་རེད། དེར་བརྟེན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་གསུམ་དེ་གལ་ཆེན་པོ་མཐོང་གི་འདུག བདེན་བཞིའི་ཆོས་འཁོར་ཟེར་བ་དེ་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཟེར་ནས་བདེན་པ་བཞིའི་རྣམ་གཞག་གསུངས། འདི་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་རེད་འདུག འགོག་པའི་བདེན་པ་ཟེར་བ་དེ་གང་འདྲ་ཡོང་གི་རེད་ཟེར་ནས་དྲི་བ་ཞིག་བསླེབ་ཡོང་གི་རེད། དེ་དུས་སེམས་ཀྱི་ཆོས་ཉིད་བཤད་ཀྱི་ཡོད་རེད། དེར་བརྟེན་ཆགས་སྡང་སོགས་ཉོན་མོངས་ཚང་མའི་རྩ་བ་ནི་བདག་ཏུ་འཛིན་པའི་བདག་འཛིན་ལ་ཐུག་གི་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་གནས་བྱ་རྒོད་ཕུང་པོ་རི་ལ་ཤེར་ཕྱིན་གྱི་ཆོས་འཁོར་གསུངས་ཏེ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཟེར་བའི་སྟོང་ཉིད་བཞིའི་སྐོར་གསུངས་འདུག བདག་ཏུ་འཛིན་པ་དེ་ལ་གཉེན་པོ་མཐར་ཐུག་དེ་བདག་ཉིད་རྟོགས་པའི་ཤེས་རབ་ཆགས་ཀྱི་ཡོད་རེད། དེར་བརྟེན་འཁོར་ལོ་དང་པོའི་འགོག་བདེན་ཟེར་བ་དེ་ཡོང་སྲིད་པ་དང་གང་འདྲ་ཡོད་རེད་ཟེར་ན། བདག་ཏུ་འཛིན་པ་དེ་ལ་གཉེན་པོ་ཡོད་དང་མེད། གཉེན་པོ་ཡོད་ན་དེ་གོམས་ཐུབ་རྒྱུ་ཡོད་མེད། འདི་གོམས་པའི་ཐོག་ནས་བདག་ཏུ་འཛིན་པ་སེལ་ཐུབ་པ་ཡོང་གི་ཡོད་རེད། དེ་ལྟར་བྱས་ན་ཚན་རིག་དང་མཐུན་པ་རེད་འདུག དེར་བརྟེན། གནས་བྱ་རྒོད་ཕུང་པོ་རི་ལ་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གསུངས། ཡང་ཤེར་ཕྱིན་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་འགྲུབ་པ་རེད་ཟེར་བ་དེ་ཏོག་ཙམ་རྟོགས་ཁག་པོ་ཆགས་ཀྱི་ཡོད་དུས། འཁོར་ལོ་མཐའ་མས་གདུལ་བྱའི་ཁམས་དང་བསྟུན་ནས། ང་རང་ཚོ་ལ་མཐོང་བསྡད་པའི་གཟུགས་དེ་སྣང་བ་ལྟར་དུ་གྲུབ་ཡོད་མ་རེད་ཟེར་བའི་སྐད་ཆ་བསླེབས་ཡོང་དུས། ནང་སེམས་ཀྱི་བདག་ཉིད་རེད་ཟེར་བའི་གཟུགས་འཛིན་གཉིས་སྟོང་ཟེར་བ་ཞིག་གསུང་གི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྟ་གྲུབ་ཀྱི་ཐོག་ནས་དངོས་གནས་དྲང་གནས་ཞེ་དྲགས་ཟབ་པོ་རེད་འདུག ཅེས་གསུངས།

མུ་མཐུད་༧གོང་ས་མཆོག་གིས་གསུངས་དོན། ངོས་རང་ནི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་དགེ་སློང་ཞིག་ཆགས་ཀྱི་ཡོད་རེད། ཞོགས་པ་ལངས་པ་དང་རྟེན་འབྲེལ་བསྟོད་པ་བཏོན་ནས་ཐུབ་དབང་གི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུངས་པ་དེ་ལ་བསམ་བློ་བཏང་སྟེ། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་སྟེ་ཉིན་ལྟར་དེ་ལྟར་འགྲོ་ཡི་ཡོད། འདི་ཞེ་དྲགས་སེམས་ལ་ཕན་གྱི་འདུག མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ནང་ལོགས་ནས་འདིའི་རིགས་ཀྱི་འགྲེལ་བཤད་བསྐྱོན་ཡོང་དུས། དངོས་གནས་དྲང་གནས་ཀྱིས་རང་དབང་མེད་པར་ཡིད་འཕྲོག་སྟེ། སྟོང་ཉིད་ཀྱི་གོ་བ་ཟབ་ཏུ་ཕྱིན་པའི་ཚོད་ཀྱིས་སྟོང་པ་ཉིད་ཀྱི་དོན་ལ་རྨོངས་ནས་འཛམ་གླིང་འདིའི་སྒང་ལ་ཡོང་བའི་ཆགས་སྡང་དེ་ལ་སྙིང་རྗེ་སྐྱེ་རྒྱུ་དང་། དེ་དག་ལ་ཐབས་གང་གིས་རྨོངས་པ་སེལ་ཐུབ་ན་བསམ་པའི་བློ་གཅིག་བསླེབས་ཡོང་གི་འདུག ཕན་ཐོགས་ཞེ་དྲགས་འདུག སངས་རྒྱས་བཅོམ་ལྡན་འདས་རྩ་ཆེན་པོ་རེད་འདུག་ཟེར་བ་གཅིག་པོ་མིན་པར། སྟོན་པའི་མཛད་པ་བཅུ་གཉིས་ཡོད་རེད་དེ་གསུང་ལ་དཔྱད་པ་བྱས་ནས་བསམ་བློ་གཏོང་རྒྱུ་དེ་བཅོམ་ལྡན་འདས་རང་གི་ཆོས་ལུགས་འདི་ཐུན་མོང་མ་ཡིན་པ་ཞིག་རེད་འདུག ག་ཚོད་ཀྱིས་རིག་པས་དཔྱད་པ་བྱས་ན། དེའི་ཚོད་ཀྱིས་སེམས་ལ་ངེས་པ་རྙེད་རྒྱུ་ཡོད་པ་དང་། མཐར་གཏུག་ཡོང་དུས་རང་རྒྱུད་ཀྱི་བདེན་འཛིན་ལ་གནོད་ཐུབ་པ་ཞིག་ཡོང་གི་ཡོད་རེད། ངོས་རང་གིས་དབུ་མ་འཇུག་པའི་ཚིག་དེ་ཉིན་ལྟར་འདོན་ཀྱི་ཡོད། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཟེར་བ་དེ་ལ་ངས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། ཅེས་དང་། ཆོས་གྲོགས་རྣམ་པ་ཚོ། དེ་རིང་དུས་ཚིགས་ཁྱད་པར་ཅན་ཡིན་པར་བརྟེན་སྟོན་པའི་གསུང་གི་འཕྲིན་ལས་ལ་དོ་སྣང་ཡག་པོ་བྱེད། དེ་ཡང་སྔོན་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་རེད། སློབ་སྦྱོང་བྱས་ནས་བདེན་བཞིའི་རྣམ་གཞག་གསུངས་པ་དེ་ལ་བསམ་བློ་བཏང་། དེའི་སྒང་ལ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་བ་སོགས་དེ་ལྟར་བྱས་ན། དངོས་གནས་དྲང་གནས་ཀྱིས་སེམས་ལ་ཞི་བདེ་དང་ཁོར་ཡུག་ཞི་བདེ་ཡོང་རྒྱུ་འདུག དེར་བརྟེན་ཆོས་གྲོགས་ཚང་མས་འདི་དགོངས་པ་འཇགས་རོགས་གནང་། ཞེས་གསུངས་སོང་།

དེ་བཞིན་ཁེམ་བྷོ་ཌི་ཡ་རྒྱལ་ཁབ་ཀྱི་ནང་པའི་བླ་ཆེན་ཊེབ་ཝོང་ (Samdech Preah Agga Maha Sangharajadhipati Tep Vong ) མཆོག་གིས་ཡིག་ཐོག་འཚམས་འཕྲིན་གནང་བའི་ནང་། ང་ཚོ་ནང་པའི་རྗེས་འབྲང་བ་ཞིག་ཡིན་པའི་ཆ་ནས། སྟོན་པ་བཅོམ་ལྡན་འདས་ཀྱིས་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། མཐར་མྱ་ངན་ལས་མ་འདས་ཀྱི་བར་དུ་འགྲོ་བ་གཞན་རྣམས་སངས་རྒྱས་ཀྱི་ལམ་དུ་འཇུག་རྒྱུར་དཀའ་བ་རྒྱ་ཕྲག་སྟོན་པར་མཛད་པ་ལ་དད་པ་ཆེན་པོ་ཡོད་པ་དང་། དེ་རིང་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ཚིགས་ཁྱད་པར་ཅན་གསུམ་འཛོམས་ཉིན་མོ་འདིར། ང་ཚོ་ཚང་མས་རང་ཉིད་ཀྱི་འཚོ་བའི་ཁྲོད་དུ་སངས་རྒྱས་པའི་ཆོས་ཀྱི་གོ་བ་ལག་ལེན་སྔར་ལྷག་བྱ་རྒྱུ་གལ་ཆེན་ཡིན་པ་རེད། ཅེས་དང་། ནང་པ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཡར་རྒྱས་ཐད་སྲི་ཞུ་ཞབས་འདེགས་སྒྲུབ་དགོས་པ་དང་། ཕྱི་དངོས་པོ་དང་ནང་སེམས་ཀྱི་གོང་འཕེལ་གཉིས་མཉམ་དུ་འགྲོ་དགོས་པ་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

དེའི་རྗེས་ཀོ་རི་ཡའི་ནང་ཆོས་ཀྱི་ཇེ་གེ་ཆོས་བརྒྱུད་ཀྱི་དབུ་བླ་ཇུང་བོང་སུང་པཱ་ (His Holiness Jungbong Seongpa) མཆོག་གིས། འཛམ་གླིང་གི་ནང་པའི་རྗེས་འབྲང་བ་ཀུན་ལ་དགེ་རྒན་གཅིག་ཡོད་པ་དེ་སྟོན་པ་བཅོམ་ལྡན་འདས་ཡིན་སྟབས། ང་ཚོ་ཚང་མས་ཁོང་གི་བཀའ་ཇི་བཞིན་བསྒྲུབ་ཆེད། ཕན་ཚུན་དབར་འབྲེལ་ལམ་དང་མཉམ་འབྲེལ་ཀྱི་སྒོ་ནས་ནང་བསྟན་ལ་སློབ་སྦྱོང་དང་འཛམ་གླིང་གི་སྐྱེ་འགྲོ་གཞན་ལ་ཕན་ཐོགས་ཆེད་ཁྱབ་སྤེལ་ཤུགས་ཆེར་བྱ་དགོས་པ་ཡིན། འཛམ་གླིང་དུ་རྒྱ་ཁྱབ་ཏུ་སོང་བའི་ཏོག་དབྱིབས་གཉན་རིམས་འདིས་ཀོ་རི་ཡ་དང་རྒྱ་ནག་གི་མི་མང་བར་སྡུག་བསྔལ་ཆེན་བྱིན་ཡོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡོངས་རྫོགས་འགྲོ་བའི་སྡུག་བསྔལ་སེལ་རྒྱུའི་དགོངས་པ་ལས་འཁྲུངས་པ་ཞིག་ཡིན་ཞིང་། སངས་རྒྱས་ཀྱི་གསུང་རེ་རེ་ནི་སྐྱེ་འགྲོའི་སྡུག་བསྔལ་སེལ་བའི་སྨན་ལྟར་ཡིན་ལ། དེས་ཏོག་དབྱིབས་གཉན་རིམས་ཚུད་པའི་སྡུག་བསྔལ་ཡོད་ཚད་ལས་གྲོལ་བར་བྱེད་པ་ཡིན་པས། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་འགྲོ་བ་ཐམས་ཅད་སྐྱོབ་པའི་ཆེད་དུ་གང་ནུས་ཅི་ཐུབ་ཀྱིས་ནང་ཆོས་ལ་སློབ་གཉེར་དང་ཉམས་ལེན་བྱ་དགོས་པ་ཡིན། ཞེས་གསུངས་འདུག

དེ་ནས་ཝི་ཊིནམ་རྒྱལ་ཁབ་ཀྱི་ནང་པའི་བླ་ཆེན་ཋིག་ཀྲི་ཁོང་ (His Holiness Prof. Thich Tri Quang) མཆོག་གིས་གནང་བའི་འཚམས་འཕྲིན་ནང་། དེ་རིང་ནི་ང་ཚོས་ངེས་པར་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་ལ་ཕྱིར་དྲན་གྱིས། ཁོང་གི་བྱམས་སྙིང་རྗེ་དང་ཤེས་རབ་ཀྱི་བཀའ་སློབ་དེ་དག་དང་། འགྲོ་བ་མིའི་རིགས་ལ་མཛད་པའི་ཞབས་འདེགས། དེ་བཞིན་ཁོང་གི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་འཇོག་གནང་མཛད་པ་བཅས་རྗེས་སུ་དྲན་དགོས་པ་རེད། ཅེས་དང་། ཁྱད་འཕགས་ཅན་གྱི་ཉིན་མོ་འདིར་ཚང་མས་འཛམ་གླིང་འདིར་དམག་འཁྲུག་ཆད་དེ་ཞི་བདེ་ཡོང་རྒྱུ་དང་། ཏོག་དབྱིབས་གཉན་རིམས་འདི་ཉིད་མྱུར་དུ་ཞི་བའི་སྨོན་ལམ་འདེབས་དགོས་སྐོར་གསུངས་སོང་། དེ་བཞིན་ཨུ་རུ་སུའི་ནང་བསྟན་གྱི་དབུ་བླ་མཁན་པོ་བླ་མ་དམ་པ་ཨ་ཡུ་ཤིབ་ (Khambo Lama Damba Ayusheev) མཆོག་གིས། ངས་ཨུ་རུ་སུའི་ནང་པ་ཚུད་པའི་འཛམ་གླིང་གི་སྟོན་པའི་རྗེས་འབྲང་བ་ཀུན་བདེ་སྐྱིད་ལྡན་ཞིང་བསམ་དོན་ལྷུན་གྲུབ། འཛམ་གླིང་ཞི་བདེ་དང་འགྲོ་བ་རྣམས་སངས་རྒྱས་གོ་འཕང་ཐོབ་པའི་སྨོན་ལམ་ཞུ་ཡི་ཡོད། བྱང་ཆུབ་ཤིང་ནི་སངས་རྒྱས་ཀྱི་གསུང་གི་མཚོན་དོན་ཞིག་ཡིན་ལ། དེ་རིང་ངོས་རང་ཤིང་སྡོང་འདིའི་འོག་ནས་གྲོགས་པོ་རྣམ་པ་དང་འཛམ་གླིང་ཁྱོན་དུ་བཞུགས་པའི་ནང་པའི་རྗེས་འབྲང་བ་རྣམས་ལ་ནང་བསྟན་འདི་ཉིད་བྱང་ཆུབ་ཤིང་ལྟར་འཕེལ་དུ་འཇུག་རྒྱུའི་རེ་སྐུལ་ཞུ་ཡི་ཡོད། ཅེས་བཀའ་གནང་ཡོད་འདུག

གཞན་ཡང་། སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་ (Khamba Nomun Khan Gabju Choijamts Demberel) མཆོག་གིས། ནང་པ་སངས་རྒྱས་པའི་ཆོས་ནི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། འདྲ་མཉམ། དབྱེ་འབྱེད་མེད་པ། ཕོ་མོ་འདྲ་མཉམ་ཡིན་པ་སོགས་མཚོན་གྱི་ཡོད་པ་རེད། རང་ཉིད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་བར་ནང་ཆོས་སློབ་གཉེར་བྱ་དགོས་པ་དང་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་དུ་རྒྱལ་ཁབ་མང་པོས་ནང་ཆོས་སློབ་གཉེར་བྱེད་བཞིན་ཡོང་པ་རེད། ནང་པ་སངས་རྒྱས་པའི་ཆོས་ཀྱིས་དེང་དུས་ཀྱི་སྤྱི་ཚོགས་འདིའི་ནང་དགོས་མཁོ་ཆེ་བའི་ཚུལ་ཁྲིམས་དང་ཞི་བདེ། བཟོད་པ། སྙིང་རྗེ། ཤེས་རབ་བསླབ་ཀྱི་ཡོད་པ་རེད། དེར་བརྟེན་ནང་ཆོས་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཤིན་ཏུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ད་ལན་གྱི་དྲ་ལམ་ཚོགས་འདུའི་ཐོག་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་སི་ཏུ་རིན་པོ་ཆེ་མཆོག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སྟག་ལུང་བསྟན་འཛིན་ཀུན་བཟང་འཇིགས་མེད་རིན་པོ་ཆེ་མཆོག དེ་བཞིན་རྒྱལ་འབུམ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བཅས་ཀྱིས་ཀྱང་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢༢ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese