མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དམར་གསོད་ཆེན་མོར་རྗེས་དྲན་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནང་དྲུག་བཞིའི་དམར་གསོད་ཆེན་མོར་རྗེས་དྲན་བྱས་ན་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ་བཀག་སྡོམ་བྱས་ཡོད་ཀྱང་དྷ་རམ་ས་ལ་སོགས་འཛམ་གླིང་ཡུལ་ལུང་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་གཙི་བྱེད་བཞིན་འདུག

Students for a free tibet organised a photo action to commemorate 33rd anniversary of Tiananmen Square Massacre. Photo: Tibet Times

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ སྟེ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ། དམངས་གཙོ་དོན་གཉེར་མཁན་སློབ་མ་ཚོའི་ཐོག་དམག་དཔུང་བཏང་སྟེ་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་ནས་ལོ་ངོ་ ༣༣ འཁོར་བའི་ཉིན་མོ་འདིར། ཧོང་ཀོང་ནང་གཞུང་གི་དམ་དྲག་གི་རྐྱེན་པས་རྣམ་ཀུན་ལྟར་རྗེས་དྲན་འདུ་འཛོམས་འཚོག་ཐབས་མེད་ནའང་། དྷ་ས་གཙོ་བོར་བྱས་པའི་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་དྲུག་བཞི་དམར་གསོད་དོན་རྐྱེན་ལ་རྗེས་དྲན་ཞུ་བཞིན་ཡོད་པ་རེད།

དྷ་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་དུས་དྲན་སྲུང་གཙིའི་ཆེད་དུ། དྲུག་བཞི་དོན་རྐྱེན་གྱི་ཚབ་མཚོན་དུ་གྱུར་བའི་སྒྱོགས་མིའི་ (Tank Man) འཁྲབ་སྟོན་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ཚོགས་པའི་ལས་འཆར་འབྲེལ་མཐུད་པ་བསྟན་འཛིན་པ་སངས་ལགས་ཀྱིས། ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདིའི་ནང་། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེར་ལས་འགུལ་བ་རྣམས་དམར་གསོད་གཏོང་སྐབས་དང་། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་སྐབས་བཀོལ་སྤྱོད་བྱས་པའི་མེ་སྒྱོགས་ཨང་རྟགས་ ༥༩ ཡི་མཚོན་དཔེ་ཞིག་བཟོས་ཏེ་ལས་འགུལ་སྤེལ་ཡོད། ང་ཚོས་ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གིས་ང་ཚོར་དྲག་གནོན་ཇི་ཙམ་བྱས་ཀྱང་སྙིང་སྟོབས་ཞུམ་མེད་ཡིན་པ་དང་། ང་ཚོ་རྩ་འཛུགས་ཤིག་དང་། སྤྱི་ཚོགས་ཤིག ཡང་ན་དམངས་གཙོ་སྲུང་མཁན་དང་མི་སྒེར་ཞིག་ཡིན་པའི་ཆ་ནས་རང་གི་འབོད་སྒྲ་བསྒྲགས་ཏེ། རྒྱ་ནག་ལྟ་བུའི་སྒེར་གཅོད་རིང་ལུགས་པའི་སྲིད་གཞུང་གིས་མུ་མཐུད་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་མཚམས་འཇོག་བྱེད་དུ་འཇུག་དགོས་པ་ཡིན། ཞེས་བརྗོད་སོང་། འདི་ལོའི་དུས་དྲན་སྲུང་གཙིའི་ལས་འགུལ་གྱི་བརྗོད་དོན་གཙོ་བོ་ནི་ང་སྒྱོགས་མི་ཡིན་ཞེས་པ་དེ་ཡིན་ཞིང་། ང་སྒྱོགས་མི་ཡིན་ཞེས་པའི་འབོད་ཚིག་འཁོད་པའི་བྱང་བུ་ལག་ཏུ་བཟུང་ནས་ཨང་རྟགས་ ༥༩ ཅན་གྱི་མེ་སྒྱོགས་མཚོན་དཔེའི་མདུན་དུ་ལངས་པའི་པར་རིས་རྣམས་སྤྱི་ཚོགས་དྲ་ལམ་ནང་བརྒྱུད་སྤེལ་བྱེད་ཀྱི་འདུག

འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་གི་རིང་ཧོང་ཀོང་དེ་དྲུག་བཞི་དོན་རྐྱེན་རྗེས་དྲན་གྱི་ལྟེ་གནས་གཙོ་བོ་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་ཆེན་མོ་དེའི་རྗེས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་སོགས་ཁྲིམས་སྒྲིག་ཁག་ལག་བསྟར་བྱས་ཏེ། གྲོང་ཁྱེར་དེའི་དམངས་གཙོའི་རྩ་ལག་ཡོངས་སུ་རྫོགས་པ་རྩ་མེད་བཏང་བ་མ་ཟད། ཕྱི་ལོ་ ༢༠༢༠ ནས་ད་བར་ལོ་གསུམ་བསྟུད་མར་ཏོག་དབྱིབས་གཉན་རིམས་དང་སྤྱི་ཚོགས་ཀྱི་འགྲིག་ལུགས་ལ་ཁག་བཀྲིས་ཏེ། དུས་རྒྱུན་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱ་སའི་ཝིག་ཊོ་རི་ཡ་སྤྱི་གླིང་ (Victoria Park) སྒོ་བརྒྱབ་སྟེ་མང་ཚོགས་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།

The last official, mass Tiananmen vigil in Victoria Park in 2019. Photo: Todd R. Darling/HKFP.

ཕྱི་ལོ་ ༢༠༢༠ ལོའི་དྲུག་བཞི་རྗེས་དྲན་སྐབས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་མེད་ནའང་། ཧོང་ཀོང་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ཏེ་རྗེས་དྲན་འདུ་འཛོམས་ཚོགས་རྒྱུའི་ཆོག་མཆན་སྤྲད་མེད་ནའང་། སྐབས་དེར་ཧོང་ཀོང་གི་ལས་འགུལ་བ་མང་པོས་གཞུང་གི་བཀའ་རྒྱ་ལ་རྩིས་མེད་ཀྱིས་རྗེས་དྲན་ཚོགས་ཡོད་ཅིང་། ད་ལྟ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་གཙོ་བོའི་གྲས་སུུ་ཡོད་པའི་ལི་ཅུག་ཡན་ (Lee Cheuk-yan) དང་ཨལ་བྷེ་ཊི་ཧོ་ (Albert Ho) གཙོས་པའི་ལས་འགུལ་བ་མང་པོར་འདུ་འཛོམས་དེར་མཉམ་ཞུགས་བྱས་པའམ་གཞན་ལ་ངན་སྐུལ་བྱས་པའི་ཉེས་མིང་ཕོག་སྟེ་ཁྲིམས་ཁང་དུ་གྱོད་གཞི་འགྲོ་མུས་ཡིན་པ་རེད། ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དང་དམ་དྲག་ཆེ་བའི་རྐྱེན་གྱིས་འདུ་འཛོམས་རིགས་བྱུང་མེད་ནའང་། ཧོང་ཀོང་བ་རྣམས་ཀྱིས་ཉིན་དེར་ཕྱི་ལོགས་སུ་སྐྱོད་སྐབས་རང་གི་ཁ་པར་གྱི་གློག་གཞུ་སྤར་ཏེ་དུས་དྲན་སྲུང་གཙི་བྱས་ཡོད་པ་རེད། ཁ་སང་ཧོང་ཀོང་གི་ཉེན་རྟོག་པས་མི་མང་ལ་རྗེས་དྲན་གྱི་འདུ་འཛོམས་རིགས་སྐོང་འཚོག་དང་མཉམ་ཞུགས་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་སྐོར་དང་། དྲ་རྒྱའི་ནང་དུ་རྗེས་དྲན་གྱི་པར་རིས་སོགས་བཀོད་ཚེ་གཞན་ལ་ངན་སྐུལ་བྱས་པའི་ཉེས་མིང་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

ཁ་སང་དགོང་མོར་ཉེན་རྟོག་པའི་ཉེན་བརྡ་ལ་མ་འཛེམ་པར། ཧོང་ཀོང་གི་སྒྱུ་རྩལ་བ་སྐྱེས་པ་ཞིག་དང་བུད་མེད་ཅིག་གིས་རྒྱ་ལམ་གྱི་ཟུར་དུ་འཕྲེད་དར་དང་མར་མེ་ཁྱེར་ཏེ་ལས་འགུལ་སྤེལ་ཡོད་ཅིང་། ཕྱིས་སུ་སྐྱེས་པ་དེས་གསར་འགོད་པར་ཁོ་པས་འདས་པའི་ལོ་ ༡༣ རིང་དྲུག་པའི་ཚེས་གསུམ་གྱི་ཉིན་དྲུག་བཞི་དོན་རྐྱེན་རྗེས་དྲན་སྲུང་གཙི་བྱས་ཡོད་ཚུལ་བརྗོད་འདུག གཞན་ཡང་ཧོང་ཀོང་གི་ཉེན་རྟོག་པས་རང་ལོ་ ༤༥ ཡིན་པའི་སྐྱེས་པ་ཞིག་གིས་དྲ་ལམ་ཐོག་མི་མང་ལ་ཝིག་ཊོ་རི་ཡ་སྤྱི་གླིང་དུ་འདུ་འཛོམས་དགོས་པའི་སྐུལ་མ་བྱས་པ་མ་ཟད། ཉེན་རྟོག་པ་གསོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese