མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚམས་པ་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བོད་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཉེ་འཁྲིས་ཁ་གྱའི་མཚམས་པ་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ནས་ས་གནས་དགོན་པ་ཁག་དང་དགེ་འདུན་པ་རྣམས་ལ་དམ་དྲག་འཇིགས་སྐུལ་བྱེད་བཞིན་པར་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཙོས་སྲས་མཁར་དགུ་ཐོག

དེ་རིང་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁུལ་དཔོན་གྱིས་སྣེ་འཁྲིད་དེ་ས་གནས་དགོན་པ་ཁག་ལ་དམ་དྲག་དང་འཇིགས་སྐུལ་བྱས་པར་བརྟེན། ཕྱི་ཟླ་ ༥ པའི་ཟླ་མགོ་ཙམ་ལ་གཙོས་གྲོང་ཁྱེར་དང་ཐག་ཉེའི་ས་ཁུལ་ཁ་གྱའི་མཚམས་པ་དགེ་འདུན་པ་ཞིག་གིས། ༧གོང་ས་མཆོག་གི་སྐུ་པར་གྱི་མདུན་ནས་རང་སྲོག་བཅད་ཡོད་པའི་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བྱུང་ལ། གནས་ཚུལ་ཡོང་ཁུངས་རེ་ཟུང་ནས་དགེ་འདུན་པ་དེས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

ཉིན་ཤས་གོང་འདི་ག་གསར་ཁང་ལ་གནས་ཚུལ་འདི་མཁོ་སྤྲོད་བྱས་པ་ལྟར་རྩད་གཅོད་མང་པོ་བྱས་ཀྱང་།  ཕྱི་ཟླ་ ༥ པའི་ཟླ་མགོ་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ལ་ཁ་གཡར་ཏེ་བླ་བྲང་དང་གཙོས་སོགས་སུ་འགྲོ་འོང་བྱེད་པར་དམ་དྲག་ཧ་ཅང་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པའི་རྐྱེན་གྱིས་མཚམས་པ་དགེ་འདུན་པ་དེའི་མཚན་དང་སྐབས་ཐོག་གི་གནས་ཚུལ་སོགས་ཁ་གསལ་ད་ལྟའང་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། དང་ཐོག་མཚམས་པ་དགེ་འདུན་པ་དེས་རང་ལུས་མེར་སྲེག་བཏང་བ་སུས་ཀྱང་ཤེས་རྟོགས་བྱུང་མེད་ནའང་། ཁོང་གི་ཁྱིམ་མི་ཚོས་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱ་ནག་ནང་ཞོར་ལས་བྱེད་བཞིན་ཡོད་པའི་ནང་མི་ཞིག་མགྱོགས་མྱུར་ངང་ཕྱིར་ཕ་ཡུལ་ལ་ལོག་ཡོང་སྐབས། ས་གནས་གཞུང་གིས་ཁོང་དང་ནང་མི་ཚོ་ལ་ཏོག་ནད་འདུག་ཅེས་གཙོས་ལ་བཙན་འཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ཁོང་གི་ནང་མི་ཚོ་གོ་ཐོས་མེད་པར་གྱུར་ཡོད་འདུག འདི་གའི་གནས་ཚུལ་མཁོ་སྤྲོད་པས་དགེ་འདུན་པ་དེའི་ཁྱིམ་མི་རྣམས་བཙན་འཁྲིད་བྱས་པ་དེ་གནས་ཚུལ་ཕྱིར་མི་ཤོར་བའི་ཆེད་དུ་ཡིན་པ་ལས་ཏོག་དབྱིབས་འགོས་པའི་རྐྱེན་གྱིས་ཡིན་མི་སྲིད་སྐོར་བརྗོད་བྱུང་།

ཡང་ས་གནས་རང་གི་བོད་མི་གཞན་ཞིག་གིས་འདི་གའི་གསར་འགོད་པར། ཉེ་སྔོན་ཀན་ལྷོ་ཁུལ་གྱི་ཁུལ་དཔོན་སོགས་མགོ་འཁྲིད་ཁག་ཅིག་གིས་མཚམས་པའི་སྡོམ་ཁྲིམས་ལ་རྩིས་མེད་ཀྱིས་མཚམས་པ་དགེ་འདུན་པ་དེའི་མཚམས་ཁང་དུ་བཙན་གྱིས་འཛུལ་ཏེ་དབང་ཡོད་སུན་གཙེར་བཟོས་ཡོད་པ་མ་ཟད། དུས་རྒྱུན་ཁུལ་དཔོན་དེས་ས་གནས་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་དགེ་འདུན་པ་རྣམས་ལ་སྡང་ཟུག་འཇིགས་སྐུལ་བྱེད་བཞིན་ཡོད་པའི་རྐྱེན་གྱིས། མཚམས་པ་དགེ་འདུན་པ་དེས་ངོ་རྒོལ་བྱས་ཏེ་རང་སྲོག་བཅད་ཡོད་སྐོར་བརྗོད་བྱུང་།

སྤྱིར་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཁུལ་ཡོངས་ལ་སྔར་ལས་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པ་འགྲོ་བ་མིའི་ཐོབ་ཐང་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་སོགས་སུའང་གསལ་ཡོད་ལ། བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཚང་མར་བཀག་སྡོམ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་སོ་སོའི་ནང་མི་སྤུན་མཆེད་ལའང་འབྲེལ་བ་བྱེད་དཀའ་བའི་གནས་སྟངས་ཡ་ང་བ་ཞིག་ཏུ་ལྷུང་འདུག ཕ་ཡུལ་གཙོས་ཕྱོགས་ཀྱི་བོད་མི་ཞིག་ལ་གོང་གི་གནས་ཚུལ་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས། དེང་སང་ཕ་ཡུལ་ལ་འབྲེལ་བ་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག  དམ་དྲག་ཤུགས་ཆེན་པོ་ཡིན་པ་གསལ་བོ་རེད། སྐད་ཆ་བཤད་དུས་ཁོང་ཚོ་དོགས་མི་བདེ་བ་དང་འཚེར་སྣང་མང་པོ་ཡོང་གི་འདུག དེང་སང་གནས་ཚུལ་ཤེས་ན་བཤད་ཕོད་རྒྱུ་ཁག་པོ་འདུག སྐད་འཕྲིན་བེད་སྤྱོད་བྱེད་སྟངས་ལ་ཁ་གཡར་ནས་འཛིན་བཟུང་འདྲི་རྩད་བྱེད་ཀྱི་ཡོད་ས་རེད། ངའི་ཉེ་འབྲེལ་གྲྭ་པ་ཞིག་ལ་ན་ནིང་དཀའ་ངལ་དེ་འཕྲད་པར་བརྟེན། དེ་ནས་བཟུང་གོ་རྒྱུ་མི་འདུག ཅེས་བརྗོད་བྱུང་།

གནས་ཚུལ་རྩད་ཆོད་རིམ་བཞིན་ཁ་སྣོན་བྱ་རྒྱུ་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༩ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese