མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་གཅིག་རིང་སོག་ཡུལ་དུ་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་འགྲེམས་སྟོན་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༧ ནས་ཕྱི་ཟླ་ ༧ ཚེས་ ༦ བར་སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་ (Diuva Hutugtu Foundation)དང་རུ་སོག་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་དུ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་སྐོར་གྱི་སྐུ་པར་འགྲེམས་སྟོན་གནང་བཞིན་ཡོད་འདུག

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་མཛད་རྣམ་འགྲེམས་སྟོན། རུ་སོག་དོན་ཁང་གི་པར།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་མཆོག་ལ་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མཛད་པ་འཕྲིན་ལས་སྐོར་གྱི་སྐུ་པར་འགྲེམས་སྟོན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཟླ་འདིའི་ཕྱི་ཚེས་ ༧ ནས་ཕྱི་ཟླ་ ༧ ཚེས་ ༦ ༧གོང་ས་མཆོག་གི་འཁྲུངས་སྐར་བར་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་ནང་དུ་༧གོང་ས་མཆོག་གི་མཛད་རྣམ་སྐོར་ལ་སྐུ་པར་འགྲེམས་སྟོན་གནང་གི་ཡོད་པ་དང་། སྐུ་པར་འདིའི་ནང་༧གོང་ས་མཆོག་བོད་ལ་བཞུགས་པའི་སྐབས་དང་། བཙན་བྱོལ་དུ་ཕེབས་སྐབས། དེ་བཞིན་བཙན་བྱོལ་དུ་ཕེབས་རྗེས་འཛམ་གླིང་སྤྱི་ལ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པའི་སྐུ་པར་གྱི་འགྲེམས་སྟོན་ཞིག་ཆགས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་པར་གྱི་འགྲེམས་སྟོན་གོ་སྒྲིག་ཞུས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱིར་སོག་པོའི་མང་ཚོགས་ནང་དུ་༧གོང་ས་མཆོག་གི་མཛད་པ་དང་། ལོ་རྒྱུས་དེ་དག་གོ་རྟོགས་ཤུགས་ཆེ་རུ་གཏོང་ཐུབ་རྒྱུའི་དམིགས་ཡུལ་ཡོད། སོག་པོའི་ནང་དུ་ང་ཚོས་༧གོང་ས་མཆོག་སོ་སོའི་རྩ་བའི་བླ་མར་བརྩིས་པ་མ་ཟད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ལའང་བརྩི་ཡི་ཡོད་པ་རེད། འོན་ཀྱང་། མི་མང་པོ་ཞིག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དུ་རྩིས་པ་ཙམ་མ་གཏོགས་༧གོང་ས་མཆོག་གིས་སྤྱིར་འཛམ་གླིང་ལ་མཛད་པ་གང་འདྲ་བསྐྱངས་ཡོད་མེད་ཤེས་མཁན་དཀོན་པོ་རེད། འཛམ་གླིང་སྤྱི་ལ་ཆིབས་སྒྱུར་གནང་གི་ཡོད་པ་ཤེས་ཀྱི་ཡོད་པ་རེད་དེ། རྒྱལ་ཁབ་གཞན་ལ་ཕེབས་པའི་སྐབས་སུ་མཛད་འཕྲིན་གང་བསྐྱངས་ཡོད་མེད། དཔེར་ན་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་གི་ཡོད་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མང་ཚོགས་ལ་བཀའ་ཆོས་ཡང་ནས་ཡང་དུ་གནང་གི་ཡོད་པ་རེད། ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་གི་ཡོད་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཙམ་མིན་པར་གཟེངས་རྟགས་མང་པོ་འབུལ་མཁན་བྱུང་ཡོད་རེད། དེ་འདྲའི་ཐོག་ལ་མི་མང་པོ་ཞིག་གིས་མཁྱེན་གྱི་མེད་པར་བརྟེན། སྐུ་པར་གྱི་འགྲེམས་སྟོན་འདི་བརྒྱུད་ནས་༧གོང་ས་མཆོག་གི་མཛད་པ་ག་རེ་བསྐྱངས་ཡོད་མེད་དང་། ༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་དམིགས་ཡུལ་ཡོད། ཅེས་གསུངས་བྱུང་།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་མཛད་རྣམ་འགྲེམས་སྟོན། རུ་སོག་དོན་ཁང་གི་པར།

ད་དུང་རིན་པོ་ཆེ་མཆོག་གིས།  དབུ་འབྱེད་མཛད་སྒོའི་ཐོག་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ནོ་མི་ཁཱན་(Khambo Nomun Khan) དང་། ཨ་རི་དང་རྒྱ་གར་གཞུང་ཚབ་ཁང་གི་འཐུས་མི། རྩོམ་པ་པོ། གློག་བརྙན་འཁྲབ་སྟོན་པ། གཞས་པ། མཁས་དབང་། དེ་བཞིན་སོག་པོའི་བླ་སྤྲུལ་དང་ས་གནས་ཀྱི་གཞུང་གི་མི་སྣ་ཁག གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ཀྱི་འཐུས་མི་སོགས་ཁྱོན་སྐུ་མགྲོན་ ༧༤ ཙམ་ཕེབས་པ་དང་། སོག་ཡུལ་གྱི་གཞས་པ་གྲགས་ཅན་ (Ariun Bataar) ལགས་དང་། (Dolgor) ལགས་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བསྟོད་གཞས་ཕུལ་སོང་ལ། སྐུ་པར་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཡག་པོ་བྱུང་ཡོད་སྐོར་སོགས་གསུངས་བྱུང་།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་མཛད་རྣམ་འགྲེམས་སྟོན། རུ་སོག་དོན་ཁང་གི་པར།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༢ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༣ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese